སྲིད་པའི་ཆུ་བོའི་རྫས་ཉི་ཤུ་རྩ་བརྒྱད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབུ་མ་ལ་འཇུག་པའི་འགྲེལ་བཤད་དང་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བའི་སྲིད་པའི་ཆུ་བོའི་རྫས་ཉི་ཤུ་རྩ་བརྒྱད་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་དབུ་མ་ར་པ》ཤ145བ1《བསྟན་འགྱུར་དབུ་མ་ར་པ》ཤ350བ5ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

འདི་ལ་ཁག་གཉིས་ཡོད་པ་སྟེ།

1_1 ཁག་དང་པོ།

དབུ་མ་ལ་འཇུག་པའི་འགྲེལ་བཤད་ཅེས་བྱ་བ་ལས་བྱུང་བ་སྟེ།

1.གཟུགས་ཀྱི་ཁམས་ཀྱི་འདོད་ཆགས་དང་། ང་རྒྱལ་དག་ལ་བདེན་པ་བཞི་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་ཉིད་ཀྱིས་རེ་རེ་ལ་ལྔ་ལྔ་ཡིན་པས་བཅུ།

2.དེ་བཞིན་དུ་གཟུགས་མེད་པའི་ཁམས་ན་ཡང་ཡིན་པས་བཅུ།

3.གཟུགས་དང་གཟུགས་མེད་པ་དག་གི་ཐེ་ཚོམ་སོ་སོར་བདེན་པ་མཐོང་བས་སྤོང་བར་བྱ་བ་ཡིན་པས་རྣམ་པ་བརྒྱད་ཅེས་སོ༎

1_2 ​ཁག་གཉིས་པ།

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ།

དང་པོ། འདོད་པ་ན་སྤྱོད་པའི་སྡུག་བསྔལ་གྱིས་བསྡུས་པ་གསུམ་སྟེ།

1.འདོད་ཆགས།

2.ང་རྒྱལ།

3.ཐེ་ཚོམ་མོ༎

གཉིས་པ། དེ་བཞིན་དུ་ཀུན་འབྱུང་བས་བསྡུས་པ་གསུམ།

གསུམ་པ། འགོག་པས་བསྡུས་པ་གསུམ།

བཞི་པ། ལམ་གྱིས་བསྡུས་པ་གསུམ།

ལྔ་པ། བསྒོམ་པས་སྤང་བར་བྱ་བ་གཉིས་ཏེ།

1.འདོད་ཆགས།

2.ང་རྒྱལ་བཅས་དང་།

དྲུག་པ། བཅུ་བཞི་པོ་དེ་དག་གཟུགས་མེད་པས་ཀྱང་བསྡུས་པ་བཅས་སོ༎


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-21

གསར་སྤེལ་མཁན། :རྡོར་འཚོ།890

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།