ཧྥུའུ་ཅན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྥུའུ་ཅན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་།
ཧྥུའུ་ཅན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནི་ཧྥུའུ་ཀྲོའུ་གྲོང་ཁྱེར་ཧྭ་ལིན་ལམ་ཨང253པར་གནས་ཤིང་། ཧྥུའུ་ཅན་ཞིང་ཆེན་ཞིབ་དཔྱོད་ཁོངས་གཏོགས་ཀྱི་འགོ་ཁྲིད་ལས་ཁུངས་ཤིག་ཡིན་པ་དང་། ཧྥུའུ་ཅན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ལས་དོན་སྙན་ཞུ་ཕུལ་བཞིན་འབུལ་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
福建省人民检察院
གཞུང་སྒྲུབ་ས་གནས།
ཧྥུའུ་ཀྲོའུ་གྲོང་ཁྱེར་ཧྭ་ལིན་ལམ་ཨང253པ།
1 འགན་འཁྲི་གཙོ་བོ།

(གཅིག)ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་དང་། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། ཐབས་ཇུས་བཀོད་སྒྲིག་བཅས་ལག་བསྟར་གཏིང་ཟབ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་བསམ་བློ་དང་བྱ་སྤྱོད་གཅིག་གྱུར། ཏང་གིས་ཞིབ་དཔྱོད་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལྟེ་བའི་གནས་བབ་སྲུང་སྐྱོང་མཐའ་གཅིག་ཏུ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

(གཉིས )ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བར་འགོ་ཁྲིད་བྱེད་དགོས། འོག་རིམ་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་ལས་སྒོའི་ལས་དོན་ལ་ཁྲིད་སྟོན་དང་། ཞིབ་དཔྱོད་ལས་དོན་གྱི་སྤྱིའི་འཆར་འགོད་ཞིབ་འཇུག་དང་གཏན་འབེབས། ཞིབ་དཔྱོད་ལས་དོན་གྱི་ལས་འགན་བཀོད་སྒྲིག་བཅས་བྱེད་དགོས།  

(གསུམ)བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཧྥུ་ཅན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཐད་ཀར་བདག་སྤྲོད་བྱེད་པའི་ཉེས་དོན་གྱི་གྱོད་གཞིར་མྱུལ་ཞིབ་བྱེད་དབང་སྤྱོད་རྒྱུ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཞིབ་དཔྱོད་ཁང་རིམ་པ་ཁག་གི་འགོ་ཁྲིད་དེ་བཅའ་ཁྲིམས་ནང་གསལ་གཏན་འབེབས་ལྟར་མི་དམངས་ཞིབ་དཔྱོད་ཁང་གིས་ཐད་ཀར་བདག་སྤྲོད་བྱེད་པའི་ཉེས་དོན་གྱི་གྱོད་གཞིར་མྱུལ་ཞིབ་བྱ་རྒྱུ།

(བཞི)ཞིང་ཆེན་ཡོངས་རང་བཞིན་གྱི་ཉེས་དོན་གྱོད་གཞི་ཆེ་གྲས་ལ་ཁྲིམས་ལྟར་འཛིན་བཟུང་དང་། གཞུང་གཏུག་བཅས་ཀྱི་ཞིབ་བཤེར་ཆོག་མཆན་སྤྲོད་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་ཁག་མི་དམངས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་དེ་ཉེས་དོན་ཉེས་གསོག་གྱོད་གཞིར་འཛིན་བཟུང་དང་། ཐག་གཅོད། གཞུང་གཏུག་བཅས་ཀྱི་ཞིབ་བཤེར་ཆོག་མཆན་སྤྲད་པའི་ལས་དོན་སྤེལ་བ།

(ལྔ)ཧྥུའུ་ཅན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་སྒྲུབ་འགན་འཁུར་བའི་ཉེས་དོན་དང་། དམངས་དོན། སྲིད་འཛིན་གཏུག་བཤེར་གྱི་བྱ་འགུལ་དང་། ཉེས་དོན། དམངས་དོན། སྲིད་འཛིན་དཔྱད་མཚམས་དང་བཀའ་བཅད་སོགས་ནུས་ཐོན་ཁྲིམས་ལུགས་ཡིག་ཆ་ལག་བསྟར་བྱ་བའི་ཁྲིམས་ལུགས་ལྟ་སྐུལ་བྱ་བའི་འགན་འཁུར་དགོས།

(དྲུག)ཧྥུ་ཅན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་སྒྲུབ་འགན་འཁུར་བའི་སྤྱི་ཕན་གཏུག་བཤེར་ལས་དོན་ལ་འགན་འཁུར་རྒྱུ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་དམངས་ཞིབ་དཔྱོད་ཁང་ལ་འགོ་ཁྲིད་བྱས་ཏེ་སྤྱི་ཕན་གཏུག་བཤེར་བྱེད་པའི་ལས་དོན་སྤེལ་རྒྱུ།

(བདུན)ཆུས་མི་དམངས་ཞིབ་གཅོད་ཁང་གིས་སྙན་སེང་ཞུས་ནས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ལ་ཞིབ་བཤེར་ཆོག་མཆན་གནང་བར་ཕུལ་བའི་གྱོད་དོན་ལ་ཞིབ་བཤེར་གཏན་འབེབས་བྱ་རྒྱུ།

(བརྒྱད།)བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་བརྟག་དཔྱད་ཞིབ་བསྡུར་བྱས་ཏེ། བསྐྱར་གཅོད་ཡོང་རེ་ཞུ་བ་དང་། ཡོ་བསྲང་བསམ་འཆར་འདོན་པ། ཞིབ་དཔྱོད་གྲོས་འགོ་འདོན་པ་བཅས་ཡིན།

(དགུ)ཧྥུའུ་ཅན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་སྒྲུབ་འགན་འཁུར་བའི་བཙོན་ཁང་དང་། ལྟ་སྲུང་ཁང་། སྡེ་ཁུལ་ཡོ་བསྲང་ལས་ཁུངས་སོགས་ཁྲིམས་སྒྱུར་བྱེད་སྒོའི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ལ་འགན་འཁུར་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་ཁག་མི་དམངས་ཞིབ་དཔྱོད་ཁང་ལ་འགོ་ཁྲིད་བྱས་ཏེ་བཙོན་ཁང་དང་། ལྟ་སྲུང་ཁང་། སྡེ་ཁུལ་ཡོ་བསྲང་ཚན་པ་སོགས་ཁྲིམས་སྒྱུར་བྱེད་སྒོའི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་སྤེལ་དགོས།

(བཅུ)ཧྥུ་ཅན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ལ་ཞུ་གཏུག་དང་རྒྱུ་མཚན་ཞུ་འབུལ་བྱེད་པ། བདག་སྤྲོད་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞུ་གཏུག་དང་རྒྱུ་མཚན་ཞུ་འབུལ་ལ་ཞིབ་དཔྱོད་བྱེད་པའི་བྱ་བར་འགོ་ཁྲིད་བྱ་དགོས།

(བཅུ་གཅིག)འོག་རིམ་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་བྱེད་དབང་སྤྱོད་པའི་ཁྲོད་ཀྱི་ཆོད་དོན་ལ་ཞིབ་བཤེར་བྱས་ནས་ནོར་འཁྲུལ་གྱི་ཆོད་དོན་ཡོ་བསྲང་བྱ་དགོས།

(བཅུ་གཉིས)ཞིབ་དཔྱོད་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་བྱེད་རྒྱུ་སྒྲིག་འཛུགས་བྱས་ནས་ཞིང་ཆེན་ཡོངས་ཀྱི་རིམ་ཁག་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་ལས་ཀར་མཛུབ་ཁྲིད་བྱེད་དགོས།

(བཅུ་གསུམ)ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་དཔུང་ཁག་འཛུགས་སྐྱོང་དང་བསམ་བློའི་ཆབ་སྲིད་ལས་དོན་གྱི་འགན་འཁུར་དགོས། ཞིང་ཆེན་ཡོངས་ཀྱི་མི་དམངས་ཞིབ་དཔྱོད་ཁང་རིམ་པ་ཁག་གི་འགོ་ཁྲིད་དེ་བཅའ་ཁྲིམས་ལྟར་ཞིབ་དཔྱོད་དཔོན་དང་ཞིབ་དཔྱོད་མི་སྣ་གཞན་དག་གི་ལས་ཀར་དོ་དམ་བྱེད་པ། ཞིང་ཆེན་རིམ་པའི་གཙོ་གཉེར་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་ཞིང་ཆེན་ཡོངས་ཀྱི་རིམ་ཁག་མི་དམངས་ཞིབ་དཔྱོད་ཁང་གི་སྒྲིག་གཞི་འཛུགས་རྒྱུ་དང་མི་སྣའི་སྒྲིག་ཁུངས་ལ་དོ་དམ་བྱས་ཏེ་འབྲེལ་ཡོད་མི་སྣའི་དོ་དམ་བྱ་ཐབས་བཟོས་ནས་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ལ་བྱ་དགའ་སྤྲོད་པ་དང་གཟེངས་བསྟོད་བྱེད་པ། གཞི་རིམ་ཞིབ་དཔྱོད་ཁང་འཛུགས་སྐྱོང་བྱེད་པ། སློབ་གསོ་གསོ་སྦྱོང་བྱེད་པ། གསར་འགྱུར་དྲིལ་བསྒྲགས་བྱེད་པ། གླེང་ཕྱོགས་ཁྲིད་སྟོན་བྱེད་པ་བཅས་ཀྱི་ལས་དོན་སྒྲིག་འཛུགས་དང་མཛུབ་ཁྲིད་བྱེད་དགོས།

(བཅུ་བཞི)ཞིང་ཨུ་དང་དེ་བཞིན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་གཞོགས་འདེགས་ཀྱིས་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་གཙོ་ལ་དོ་དམ་དང་དཔྱད་ཞིབ་བྱེད་རྒྱུ་དང་། གྲོང་ཁྱེར་རིམ་པའི་ཏང་ཨུ་དང་མཉམ་དུ་གྲོང་ཁྱེར་རིམ་པའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་མི་སྣ་གཞན་དག་ལ་དོ་དམ་དང་དཔྱད་ཞིབ་བྱེད་རྒྱུ།

(བཅོ་ལྔ)ཞིང་ཆེན་ཡོངས་ཀྱི་རིམ་ཁག་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ལས་དོན་ལྟ་ཞིབ་ལས་དོན་ལ་འགོ་ཁྲིད་བྱེད་དགོས།

(བཅུ་དྲུག)ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ནོར་དོན་སྒྲིག་ཆས་ཀྱི་ལས་དོན་ལ་འཆར་འགོད་དང་མཛུབ་ཁྲིད་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཞིབ་དཔྱོད་ལག་རྩལ་གྱི་ཆ་འཕྲིན་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས།

(བཅུ་བདུན།)གཏན་འབེབས་ལྟར་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཕྱི་ཕྱོགས་དང་སྤེལ་རེས་དང་མཉམ་ལས་བྱ་རྒྱུ་སྒྲིག་འཛུགས་བྱས་ནས་རྒྱལ་སྤྱིའི་ཁྲིམས་འཛིན་ཐད་ཀྱི་རོགས་འདེགས་དང་། ཐའེ་ཝན་དང་ཞང་ཀང་། ཨའོ་མོན་བཅས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛིན་ཐད་ཀྱི་རོགས་རེས་ལས་ཀ་སྤེལ་དགོས།

(བཅོ་བརྒྱད།)ཧྥུ་ཅན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་སྒྲུབ་འགན་འཁུར་དགོས་པའི་དོན་དག་གཞན་དག་གི་འགན་འཁུར་རྒྱུ།

2 ནང་ཁུལ་སྒྲིག་གཞི།

ཁྲིམས་ཁང་དུ་བཅའ་སྡོད་སྒྲིག་བཤེར་ཚོ་ཆུང་།

གཞུང་ལས་ཁང་།

ཞིབ་དཔྱོད་པུའུ་དང་པོ།(ཉེས་ཅན་དཀྱུས་མའི་ཞིབ་དཔྱོད་པུའུ།)

ཞིབ་དཔྱོད་པུའུ་གཉིས་པ།(ཉེས་པ་ཚབས་ཆེན་བསགས་པའི་ཞིབ་དཔྱོད་པུའུ།)

ཞིབ་དཔྱོད་པུའུ་གསུམ་པ།(ལས་ཐོག་ཉེས་གསོག་ཞིབ་དཔྱོད་པུའུ།)

ཞིབ་དཔྱོད་པུའུ་བཞི་པ།(དཔལ་འབྱོར་ཉེས་གསོག་ཞིབ་དཔྱོད་པུའུ།)

ཞིབ་དཔྱོད་པུའུ་ལྔ་པ།(ཉེས་དོན་ལག་བསྟར་ཞིབ་དཔྱོད་པུའུ།)

ཞིབ་དཔྱོད་དྲུག་པ།(དམངས་དོན་ཞིབ་དཔྱོད་པུའུ།)

ཞིབ་དཔྱོད་པུའུ་བདུན་པ།(སྲིད་འཛིན་ཞིབ་དཔྱོད་པུའུ།)

ཞིབ་དཔྱོད་པུའུ་བརྒྱད་པ།(སྤྱི་ཕན་གཏུག་བཤེར་དང་སྐྱེ་ཁམས་ཐོན་ཁུངས་ཞིབ་དཔྱོད་པུའུ།)

ཞིབ་དཔྱོད་དགུ་པ།(ལོ་ན་མ་སོན་པའི་མིའི་ཞིབ་དཔྱོད་པུའུ།)

ཞིབ་དཔྱོད་པུའུ་བཅུ་པ།(ཞུ་གཏུག་དང་རྒྱུ་མཚན་ཞུ་འབུལ་བྱེད་པའི་ཞིབ་དཔྱོད་པུའུ།)

ཞིབ་དཔྱོད་པུའུ་བཅུ་གཅིག་པ།(ཐའེ་ཝན་ས་ཁུལ་དང་འབྲེལ་བའི་གྱོད་དོན་ཞིབ་དཔྱོད་པུའུ།)

ཁྲིམས་ལུགས་སྲིད་ཇུས་ཞིབ་འཇུག་ཁང་།

གྱོད་གཞི་དོ་དམ་པུའུ།

ཞིབ་དཔྱོད་ལས་དོན་ལྟ་ཞིབ་པུའུ།(སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང)

ཞིབ་དཔྱོད་ལག་རྩལ་ཆ་འཕྲིན་པུའུ།

སྲིད་འཛིན་སྒྲིག་ཆས་ཁྲུའུ།

ལས་བྱེད་ཁྲུའུ།

དྲིལ་བསྒྲགས་ཁྲུའུ།

སློབ་གསོ་དང་གཞི་རིམ་མཛུབ་སྟོན་ཁྲུའུ།

ཆབ་སྲིད་པུའུ།

ལས་ཁུངས་ཏང་ཨུ།

ལས་འཁྱུར་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ལས་དོན་ཁྲུའུ།

ཁྲིམས་ལུགས་ཉེན་རྟོག་སྤྱི་ཁྱབ་རུ་ཁག

3 ལས་ཐོག་འགོ་ཁྲིད།

ཞིབ་དཔྱོད་འགོ་འཛིན། 

ཧོ་མིན།

ཞིབ་དཔྱོད་འགོ་འཛིན་གཞོན་པ།

ཡེ་ཡན་ཕེ།

ཧོ་ཞའོ་མིན།

ཁོ་ལེ་པེན།

ལིན་དབྱི་ཡིང་།

ལི་མིན་རུང་།

ཝུའུ་ཁྲའོ་དབྱིན།

ཝུའུ་ཡུང་ལེ།

ཏང་ཙུའུ་ཡི་ཁོངས་མི།

ཧྥུ་ཙའེ་མེང་།(སྒྲིག་བཤེར་ཚོ་ཆུང་གི་འགོ་འཛིན)

ཁྲེང་ཀོང་མིན།(ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཀྲོན་ཡོན)

ཀྲུའུ་ཅོན།(ཆབ་སྲིད་པུའུ་ཀྲུའུ་རེན)

ཝང་ཞའོ་ཆིན།(ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཀྲོན་ཡོན)

ཧྥང་ཆི་མེའོ།(ལྐོག་ཟ་ངོ་རྒོལ་ཅུས་ཀྱི་འགོ་འཛིན)

ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།

ཡེ་ཡན་ཕེ།

ཏེང་ཧྲི་ཀྲང་།

ཏུང་པིན།

ཁྲེན་ཧྲི་ཀྲུང་།

རོན་ཧའེ་དབྱིང་།

ཧོ་མིན།

ཞིབ་དཔྱོད་པ།

ཡེ་ཡན་ཕེ།

ཝང་ཅིན་ཝུན།

ཝུན་ཞའོ་ཡུང་།

ཝང་ཆའོ།

ལི་ལུའུ་ཀྲུང་།

ལིན་ཚུང་ཝེ།

ཧྲེ་ཀྲི་ཧྥུང་།

ལིའུ་ཝེ་པིན།

ཝུའུ་ལེན་ཁུན།

ཝུའུ་མིང་ཅིན།(བུད་མེད།)

ཁྲེན་ཆུན།

ཧུང་ཧུའེ་དབྱང་།

ལིའུ་ཞི་པིན།

ཧོ་མིན།

4 གཟི་བརྗིད་མཚན་སྙན།

སྤྱི་ལོ2015ལོའི་ཟླ་གཉིས་པར་ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས“སྐབས་བཞི་པའི་རྒྱལ་ཡོངས་ཀྱི་ཤེས་དཔལ་ཚན་པའི”གཟི་བརྗིད་མཚན་སྙན་སྤྲད་པ་རེད།

སྤྱི་ལོ2018ལོའི་ཟླ12པའི་ཚེས26ཉིན། སྤྱི་ལོ2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་སྨྱན་སྦྱོར་གསར་པའི་གཡུལ་ས་འཛུགས་སྐྱོང་གི་བྱ་དགའ་ཐོབ་པ་རེད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-27

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།