ཧུ་ཧྥེ་གྲོང་ཁྱེར་ཡའོ་ཧའེ་ཆུས་ཁྲིམས་འཛིན་ཅུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧུ་ཧྥེ་གྲོང་ཁྱེར་ཡའོ་ཧའེ་ཆུས་ཁྲིམས་འཛིན་ཅུའུ།
ཧུ་ཧྥེ་གྲོང་ཁྱེར་ཡའོ་ཧའེ་ཆུས་ཁྲིམས་འཛིན་ཅུའུ་ནི་ཧུ་ཧྥེ་གྲོང་ཁྱེར་ཡའོ་ཧའེ་ཆུས་ཀྱི་སྒྲིག་གཞི་བསྒྱུར་བཅོས་བྱས་ནས་བསྐྱར་དུ་བཙུགས་པའི་སྡེ་ཚན་ཞིག་ཡིན་པ་དང་། ཧུ་ཧྥེ་གྲོང་ཁྱེར་ཡའོ་ཧའེ་ཆུས་མི་དམངས་སྲིད་གཞུང་གི་ལས་དོན་སྡེ་ཚན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
合肥市瑶海区司法局
ཅུའུ་ཀྲང་།
ཝང་ཡུང་།
1 ​ངོ་སྤྲོད།

ཧུ་ཧྥེ་གྲོང་ཁྱེར་ཡའོ་ཧའེ་ཆུས་ཁྲིམས་འཛིན་ཅུའུ་ནི་ཧུ་ཧྥེ་གྲོང་ཁྱེར་ཡའོ་ཧའེ་ཆུས་ཀྱི་སྒྲིག་གཞི་བསྒྱུར་བཅོས་བྱས་ནས་བསྐྱར་དུ་བཙུགས་པའི་སྡེ་ཚན་ཞིག་ཡིན་པ་དང་། ཧུ་ཧྥེ་གྲོང་ཁྱེར་ཡའོ་ཧའེ་ཆུས་མི་དམངས་སྲིད་གཞུང་གི་ལས་དོན་སྡེ་ཚན་ཞིག་ཡིན། 

2 འགན་ནུས་གཙོ་བོ།

(གཅིག) རྒྱལ་ཁབ་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཀའི་བྱེད་ཕྱོགས་དང་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱས་ནས་ཆུས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་ལ་འཆར་འགོད་དང་འཆར་གཞི་བཟོས་ནས་ལག་བསྟར་དང་སྒྲིག་འཛུགས་བྱེད་རྒྱུ།

(གཉིས) ཆུས་ཡོངས་སུ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་དང་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་གཏོང་བའི་ལོ་ལྔའི་འཆར་འགོད་དང་ལོ་འཁོར་གྱི་འཆར་གཞི་བཟོ་རྒྱུ་མ་ཟད་ལག་བསྟར་སྒྲིག་འཛུགས་བྱས་ཏེ་ཆུས་ཡོངས་ཀྱི་ཁྲིམས་ལྟར་བཅོས་སྐྱོང་ལས་དོན་ལ་མཛུབ་ཁྲིད་དང་། མཐུན་སྦྱོར། ཞིབ་བཤེར། ལྟ་སྐུལ་བཅས་བྱེད་རྒྱུ།

(གསུམ) ཁྲིམས་ཆད་ཕོག་ཡོད་པའི་མི་སྣའི་འཁུར་ཡུན་རིང་ཐུང་དང་བསྟུན་ནས་གློད་བཀྲོལ་གཏོང་རྒྱུད་དང་སྡེ་ཁུལ་ནས་ཡོ་བསྲང་བྱེད་མིར་བར་བརྒལ་རང་བཞིན་གྱི་བཀོད་སྒྲིག་དང་རོགས་རམ་བྱེད་པའི་ལས་ཀར་མཐུན་སྦྱོར་དང་ཁྲིད་སྟོན་བྱ་རྒྱུ།

(བཞི) གཞི་རིམ་ཁྲིམས་འཛིན་ཁང་དང་ཁྲིམས་འཛིན་ལས་རོགས་མི་སྣས་དམངས་ཁྲོད་རྩོད་གཞི་རྩད་ཞིབ་དང་། འདུམ་འགྲིག མི་དམངས་འདུམ་འགྲིག་ལས་ཀར་མཛུབ་སྟོན་བཅས་བྱེད་པར་དོ་དམ་བྱ་རྒྱུ།

(ལྔ) ཆུས་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ལ་དོ་དམ་བྱེད་རྒྱུ་དང་། བཅའ་ཁྲིམས་རོགས་སྐྱོར་ལག་བསྟར་བྱེད་རྒྱུའི་ལས་དོན་ལ་མཛུབ་ཁྲིད་དང་མཐུན་སྦྱོར་བྱེད་རྒྱུ། 112348བཅའ་ཁྲིམས་རོགས་སྐྱོར་ཞབས་ཞུའི་ཐད་སྦྲེལ་ཁ་པར་གྱི་རྒྱུན་ལྡན་དོ་དམ་བྱ་བར་འགན་འཁུར་རྒྱུ།

(དྲུག) ཁྲིམས་འཛིན་སུའོ་ཡིས་སྡེ་ཁུལ་ཡོ་བསྲང་གི་ལས་དོན་སྤེལ་བར་མཛུབ་སྟོན་བྱེད་རྒྱུ།

(བདུན) ཆུས་ཡོངས་ཀྱི་བཅའ་ཁྲིམས་ཞབས་ཞུའི་ཁྲོམ་ར་དང་གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་མི་སྣའི་དོ་དམ་ལས་དོན་གྱི་འགན་འཁུར་རྒྱུ།

(བརྒྱད) ཆུས་ཡོངས་ཀྱི་ཁྲིམས་ལུགས་རིག་པའི་རིགས་པའི་གཞུང་ལུགས་ཞིབ་འཇུག་ལས་དོན་ལ་མཛུབ་ཁྲིད་བྱེད་འགན་འཁུར་རྒྱུ་དང་། ཆུས་ཡོངས་ཀྱི་གཞི་རིམ་གྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་མི་སྣ་གསོ་སྦྱོང་བྱེད་རྒྱུའི་ལས་དོན་ལ་སྒྲིག་འཛུགས་བྱེད་རྒྱུ།

(དགུ) ཁྲིམས་འཛིན་དང་སྲིད་འཛིན་གྱི་བསྐྱར་གྲོས་དང་ཞུ་ལན་འདེབས་པའི་ལས་ཀའི་འགན་འཁུར་རྒྱུ།

(བཅུ) ཆུས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་སྒྲིག་ཆས་ལ་དོ་དམ་ལས་དོན་གྱི་འགན་འཁུར་རྒྱུ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-28

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།