མཐོ་སློབ་ཏང་ཨུའི་འགོ་ཁྲིད་འོག་གི་སློབ་སྤྱིའི་འགན་ལེན་ལམ་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཐོ་སློབ་ཏང་ཨུའི་འགོ་ཁྲིད་འོག་གི་སློབ་སྤྱིའི་འགན་ལེན་ལམ་ལུགས།
སྤྱི་ལོ1990ལོར། ཀྲུང་གུང་ཀྲུང་དབྱང་གིས《མཐོ་རིམ་སློབ་གྲྭའི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བརྡ་སྦྱོར》སྤེལ་ཏེ། མཐོ་རིམ་སློབ་གྲྭས་ཏང་ཨུའི་འགོ་ཁྲིད་འོག་གི་སློབ་སྤྱིའི་འགན་ལེན་ལམ་ལུགས་ལག་བསྟར་བྱེད་དགོས་པ་གསལ་བོར་བསྟན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
高效党委领导下的校长负责制
བྱུང་ཁུངས།
《མཐོ་རིམ་སློབ་གྲྭའི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བརྡ་སྦྱོར》
1 ​ངོ་སྤྲོད། 

མཐོ་སློབ་ཏང་ཨུའི་འགོ་ཁྲིད་འོག་གི་སློབ་སྤྱིའི་ལམ་ལུགས་ནི《ཀྲུང་གོ་གུང་ཁྲན་ཏང་གི་མཐོ་སློབ་དཀྱུས་མའི་གཞི་རིམ་རྩ་འཛུགས་ཀྱི་ལས་ཀའི་སྲོལ་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཐོ་རིམ་སླབ་གསོའི་ལམ་ལུགས》ཀྱི་གཏན་ཁེལ་ལྟར། ལོ་རྒྱུས་ཀྱི་ཉམས་མྱོང་ནན་ཏན་གྱིས་སྤྱི་སྡོམ་བྱས་པའི་རྨང་གཞིའི་སྟེང་བཏོན་པའི་ཀྲུང་གོའི་མཐོ་རིམ་སློབ་གྲྭའི་འགོ་ཁྲིད་སྒྲིག་སྲོལ་ཡིན། ཏང་ཨུའི་འགོ་ཁྲིད་ཡོད་དོ་ཅོག་གི་སློབ་སྤྱིའི་འགན་ལེན་ལམ་ལུགས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མཐོ་སློབ་དཀྱུས་མར་འགོ་ཁྲིད་བྱེད་པའི་རྩ་བའི་ལམ་ལུགས་དང་། མཐོ་རིམ་སློབ་ཆེན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པའི་ཁག་ཐེག་གལ་ཆེན་དེ་ཡིན།

སྤྱི་ལོ1990ལོར། ཀྲུང་གུང་ཀྲུང་དབྱང་གིས《མཐོ་རིམ་སློབ་གྲྭའི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བརྡ་སྦྱོར》སྤེལ་ཏེ། མཐོ་རིམ་སློབ་གྲྭས་ཏང་ཨུའི་འགོ་ཁྲིད་འོག་གི་སློབ་སྤྱིའི་འགན་ལེན་ལམ་ལུགས་ལག་བསྟར་བྱེད་དགོས་པ་གསལ་བོར་བསྟན། སྤྱི་ལོ1996ལོར་ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་མཐོ་རིམ་སློབ་གྲྭ་དཀྱུས་མའི་གཞི་རིམ་རྩ་འཛུགས་ཀྱི་ལས་ཀའི་སྲོལ་ཡིག》འགྲེམས་སྤེལ་བྱས་པ་དང་། སྤྱི་ལོ1998ལོར་འགྲེམས་སྤེལ་བྱས་པའི《མཐོ་རིམ་སློབ་གསོའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དང་། སྤྱི་ལོ2016ལོར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགྲེམས་སྤེལ་བྱས་པའི《གནས་བབ་གསར་པའི་འོག་གི་མཐོ་རིམ་སློབ་གྲྭའི་བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་བསམ་འཆར》ནང་དུའང་དེའི་སྐོར་གཏན་འབེབས་གསལ་པོ་བྱས་ཡོད། མཐོ་སློབ་ཏང་ཨུ་ཡིས་རང་སློབ་གྲྭའི་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་པ་དང་། རང་སློབ་གྲྭའི་ཏང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་འགན་འཁུར་བ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་དང་སློབ་གཉེར་ལ་བརྟེན་ནས་སློབ་གྲྭ་སྐྱོང་བའི་བྱེད་པོའི་འགན་འཁྲི་སྒྲུབ་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ལག་བསྟར་དང་སྲུང་སྐྱོང་ནན་པོ་བྱེད་པ། ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ་བཅས་བྱས་ནས་འགོ་ཁྲིད་ཀྱི་ལྟེ་བའི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས་པ། ཏང་གིས་ལས་བྱེད་པར་དོ་དམ་དང་། ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱ་རྒྱུ་རྒྱུན་འཁྱོངས་དང་། “གལ་ཆེན་གསུམ་དང་འབོར་ཆེན་གཅིག”ཇུས་ཐག་གཅོད་པའི་ལམ་ལུགས་དོན་འཁྱོལ། ལས་བྱེད་པ་གལ་ཆེན་བསྐོ་འཐེན་དང་། ཤེས་ལྡན་མི་སྣ་གལ་ཆེན་བཀོལ་སྤྱོད། གནས་གཞི་གལ་ཆེན་འཛུགས་སྐྲུན། འཕེལ་རྒྱས་ཀྱི་འཆར་འགོད་གལ་ཆེན། རྣམ་གྲངས་གལ་ཆེན་བཀོད་སྒྲིག མ་དངུལ་གལ་ཆེན་བཀོལ་སྤྱོད། གདེང་འཇོག་དང་བྱ་དགའ་དཔྱད་བསྡུར་བྱེད་སྒོ་གལ་ཆེན་སོགས་ཏང་ཨུ་ཐུན་མོང་ཐོག་ཞིབ་འཇུག་དང་ཐག་གཅོད་བྱ་དགོས། སློབ་གྲྭའི་འཕེལ་ཕྱོགས་ཁོང་དུ་ཆུད་པ་དང་། སློབ་གྲྭའི་གནད་དོན་གལ་ཆེན་ཐག་གཅོད། གྲོས་ཆོད་གལ་ཆེན་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ། སློབ་སྤྱིས་ཁྲིམས་ལྟར་རང་ཚུགས་ཀྱིས་འགན་ཁུར་བའི་སྒོ་ནས་འགན་དབང་སྤྱོད་པར་རྒྱབ་སྐྱོར་བཅས་བྱ་དགོས། སློབ་སྤྱི་ནི་སློབ་གྲྭའི་ཁྲིམས་བཀོད་འཐུས་ཚབ་པ་ཡིན་ཞིང་། སློབ་གྲྭའི་ཏང་ཨུའི་འགོ་ཁྲིད་འོག་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སློབ་གྲྭའི་ཏང་ཨུའི་འབྲེལ་ཡོད་གྲོས་ཆོད་ལག་ལེན་བསྟར་བའི་སྒྲིག་འཛུགས་བྱེད་པ། མཐོ་རིམ་སློབ་གསོའི་སྐོར་གྱི་བཅའ་ཁྲིམས་སོགས་ཀྱིས་གཏན་འབེབས་བྱས་པའི་འགན་དབང་སྣ་ཚོགས་བེད་སྤྱོད་བཅས་བྱས་ཏེ། སློབ་ཁྲིད་དང་། ཚན་རིག་ཞིབ་འཇུག སྲིད་འཛིན་དོ་དམ་བཅས་ཀྱི་ལས་ཀའི་འགན་ཁྱོན་ཡོངས་ནས་འཁུར་དགོས། ཏང་ཨུའི་འགོ་ཁྲིད་འོག་སློབ་གྲྭའི་འགོ་འཛིན་གྱིས་འགན་འཁུར་བའི་ལམ་ལུགས་ནི་ཁ་འབྲལ་དུ་མི་རུང་བའི་གོང་བུ་གཅིག་ཏུ་གྱུར་པ་ཞིག་རེད། ཏང་ཨུའི་འགོ་ཁྲིད་འོག་སློབ་སྤྱིས་འགན་འཁུར་བའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བར་ངེས་པར་དུ་ཏང་ཨུའི་འགོ་ཁྲིད་སྲོག་ཤིང་གི་གོ་གནས་རྒྱུན་འཁྱོངས་དང་། སློབ་སྤྱིས་ཁྲིམས་ལྟར་འགན་དབང་སྤྱོད་པར་འགན་ལེན། ཏང་ཨུས་འགོ་ཁྲིད་གཅིག་གྱུར་དང་། ཏང་སྲིད་ལས་བགོས་མཉམ་འབྲེལ། འཁོར་སྐྱོད་མཐུན་སྦྱོར་བཅས་བྱེད་པའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ་བཅས་བྱ་དགོས། འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་ལས་བགོས་གཏན་འཁེལ་ལུགས་མཐུན་བྱས་ཏེ་ལས་ཀའི་འགན་འཁྲི་ཁ་གསལ་བོར་བཟོ་དགོས། འགོ་ཁྲིད་ཚན་ཁག་གི་ཁོངས་མིས་ཐུན་མོང་གི་ཆོད་དོན་ལག་བསྟར་ནན་ཏན་དང་། ལས་བགོས་ལྟར་རང་འགུལ་ངང་ལས་ཀ་ཧུར་ཐག་གིས་བསྒྲུབ་དགོས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-25

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།