ནགས་དཔོན་ལམ་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནགས་དཔོན་ལམ་ལུགས།
ནགས་དཔོན་ལམ་ལུགས་ནི་ཁག་བགོས་འགན་འཁུར་གྱི་རྩ་དོན་ལྟར། ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཞིང་གྲོང་བཅས་རིམ་པ་ལྔ་ཅན་གྱི་ནགས་དཔོན་ལམ་ལུགས་ཀྱི་མ་ལག་འཛུགས་པ་དང་། ནགས་དཔོན་སོ་སོ་ནས་འགན་འཁུར་བགོས་པའི་ས་ཁུལ་གྱི་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་བྱ་བར་ལྟ་སྐུལ་བྱེད་པ་དང་། ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེ་བའི་རིགས་མཐུན་སྦྱོར་གྱིས་ཐག་གཅོད་པ། ཁྲིམས་ལྟར་ནགས་ཚལ་ཐོན་ཁུངས་ལ་གཏོར་བརླག་བྱེད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ཐ་དག་གཅོད་པ་བཅས་ཀྱི་ལས་འགན་སྒྲུབ་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
林长制
ལྗང་མདོག་ལྔ་ལྡན་གྱི་དམིགས་ཡུལ།
ལྗང་མདོག་ཇེ་མང་དང་། སྲུང་སྐྱོབ། དོ་དམ། བཀོལ་སྤྱོད། གསོན་པར་བྱ་བ་བཅས་ཡིན།
འདོན་མཁན་སྡེ་ཚན།
ཨན་ཧུའེ་དང་། ཅང་ཞི་ཞིང་ཆེན་ནགས་ལས་ཐིང་།
འཆར་འགོད།
ཨན་ཧུའེ་ཞིང་ཆེན་ཨན་ཆིང་གྲོང་ཁྱེར་གྱི་ནགས་དཔོན་ལམ་ལུགས་ལག་བསྟར་གྱི་འཆར་འགོད།
1 ངོ་སྤྲོད། 

ནགས་དཔོན་ལམ་ལུགས་ནི་ཁག་བགོས་འགན་འཁུར་གྱི་རྩ་དོན་ལྟར། ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཞིང་གྲོང་བཅས་རིམ་པ་ལྔ་ཅན་གྱི་ནགས་དཔོན་ལམ་ལུགས་ཀྱི་མ་ལག་འཛུགས་པ་དང་། ནགས་དཔོན་སོ་སོ་ནས་འགན་འཁུར་བགོས་པའི་ས་ཁུལ་གྱི་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་བྱ་བར་ལྟ་སྐུལ་བྱེད་པ་དང་། ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེ་བའི་རིགས་མཐུན་སྦྱོར་གྱིས་ཐག་གཅོད་པ། ཁྲིམས་ལྟར་ནགས་ཚལ་ཐོན་ཁུངས་ལ་གཏོར་བརླག་བྱེད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ཐ་དག་གཅོད་པ་བཅས་ཀྱི་ལས་འགན་སྒྲུབ་པ་ཡིན།

སྤྱི་ལོ2019ལོའི་ལོ་མཇུག་བར་དུ། རྒྱལ་ཡོངས་སུ་ཨན་ཧུའེ་དང་། ཅང་སུའུ་སོགས་ཞིང་ཆེན་དང་། རང་སྐྱོང་ཆུའུ། ཐད་གཏོགས་གྲོང་ཁྱེར31ཏུ་ཁྱོན་ཡོངས་དང་ཡང་ན་ས་ཆ་རེར་འགའ་རུ་ནགས་དཔོན་ལམ་ལུགས་ལག་བསྟར་བྱས་ཡོད།

སྤྱི་ལོ2021ལོའི་ཟླ1པོར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《ཁྱོན་ཡོངས་ནས་ནགས་དཔོན་ལམ་ལུགས་ལག་བསྟར་བྱ་བའི་སྐོར་གྱི་བསམ་འཆར》དཔར་འགྲེམ་བྱས་ཤིང་། ས་གནས་དང་སྡེ་ཁག་སོ་སོ་ནས་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་ལག་ལེན་དོན་འཁྱོལ་བྱེད་དགོས་པའི་བརྡ་ཐོ་བཏང་།

2  རྒྱབ་ལྗོངས།

ནགས་དཔོན་ལམ་ལུགས་ནི་འཚོལ་ཞིབ་གསར་གཏོད་ཅིག་ཡིན་པ་མ་ཟད། བཅོས་སྒྱུར་འཚོལ་ཞིབ་ཐེངས་ཤིག་ཀྱང་ཡིན། ནགས་དཔོན་ལམ་ལུགས་ལག་བསྟར་བྱེད་པ་ནི་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འབྲེལ་བ་མཐུན་སྦྱོར་གྱིས་ཐག་གཅོད་དང་། ནགས་སྲིད་དང་སྲིད་ཇུས་ཀྱི་ཐོན་ཁུངས་སྣ་ཚོགས་གཅིག་སྒྲིལ་གྱིས། སྐྱེ་ཁམས་ལེགས་བཅོས་དང་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བྱ་བ་ཞིག་ཡིན།

སྤྱི་ལོ2017ལོའི་ཟླ3པར། ཨན་ཧུའེ་ཞིང་ཆེན་གྱིས་སྔོན་ལ་ནགས་དཔོན་ལམ་ལུགས་ལག་བསྟར་བྱས་ཤིང་། ཧུ་ཧྥེ་དང་། ཞོན་ཁྲེང་། ཨན་ཆིང་གྲོང་ཁྱེར་བཅས་ནས་ཚོད་ལྟའི་གནས་བཙུགས་པ་དང་། དེ་ལས་ཨན་ཆིང་ནི་ཨན་ཧུའེ་ཞིང་ཆེན་ནགས་ཁུལ་ཆེན་མོ་ལྔའི་གྲས་ཀྱི་གཅིག་ཡིན།

སྤྱི་ལོ2017ལོའི་ཟླ7པར། ཨན་ཆིང་གྲོང་ཁྱེར་ནས་སྔོན་ལ་ནགས་དཔོན་ལམ་ལུགས་ལག་བསྟར་བྱས་ཤིང་། ཨན་ཆིང་གྲོང་ཁྱེར་དུ་ནགས་དཔོན6099་དང་། ནགས་སྲུང་བ5409ཡོད་པ་དང་། ཏང་སྲིད་ཀྱི་འགན་ཁུར་མཉམ་པ་དང་། སྲིད་གཞུང་གིས་སྣེ་ཁྲིད། སྡེ་ཁག་གིས་རམ་འདེགས། སྤྱི་ཚོགས་ཟུར་ཞུགས་བཅས་ཀྱི་བྱ་བའི་ལམ་སྲོལ་ཁྱོན་ཡོངས་ནས་ཚུགས་ཤིང་། ལྗང་མདོག་གི་འཕེལ་རྒྱས་ཀྱི་འོད་མདངས་མི་རེ་རེའི་སེམས་ཁོངས་ན་གསལ།

སྤྱི་ལོ2018ལོའི་ཟླ7པའི་ཚེས23ཉིན། 《ཨན་ཆིང་གྲོང་ཁྱེར་གྱི་ནགས་དཔོན་ལམ་ལུགས་ལག་བསྟར་འཆར་འགོད(སྤྱི་ལོ2018ལོ་ནས2020)》ལ་ཆེད་མཁའ་པས་དཔྱད་བཤེར་བྱས་ནས་ཆོག་མཆན་ཐོབ།

ཅང་ཞི་ཞིང་ཆེན་ནི་རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་པའི་སྐྱེ་ཁམས་དཔལ་ཡོན་ཚོད་ལྟའི་ཆུའུ་ཐོག་མ་གསུམ་གྱི་གྲས་ཡིན་ཞིང་། ནགས་ཚལ་གྱི་ཁེབས་ཚད་རྒྱལ་ཡོངས་ཀྱི་ཞིང་ཆེན་ཨང་གཉིས་པ་ཡིན། ཅང་ཞི་ཞིང་ཆེན་ནགས་ལས་ཐིང་གི་ཏང་ཙུའུ་ཧྲུའུ་ཅི་ཆིའུ་ཧྲུའེ་ཝུན་གྱིས་ཁྱོན་ཡོངས་ནས་ནགས་དཔོན་ལམ་ལུགས་སྤེལ་ཏེ། ཅང་ཞི་ཞིང་ཆེན་གྱིས་ནགས་ཚལ་ཐོན་ཁུངས་ཀྱི་དྲ་མིག་ཅན་གྱི་དོ་དམ་འཛུགས་ཐུབ་པ་བྱུང་ཞིང་། ནགས་ཚལ་ཁུལ་རེ་རེ་ལ་རིམ་པ་ལྔ་ཅན་གྱི་ནགས་དཔོན་དང་། ལྟ་ཞིབ་པ། ནགས་སྲུང་བ་བཅས་ཀྱིས་དོ་དམ་བྱེད་པར་ཁག་ཐེག་གནང་ཡོད་ཅེས་བསྟན།

3 དམིགས་ཡུལ།

ཨན་ཧུའེ་ཞིང་ཆེན་ཨན་ཆིང་གྲོང་ཁྱེར་གྱིས་ནགས་དཔོན་ལམ་ལུགས་གཙོ་བོར་བཟུང་ཞིང་། ཤུགས་ཆེན་པོས་ཁོངས་ནས་སྤེལ་བས་། ནགས་ལས་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་བྱས་པ་མ་ཟད། ནགས་ཚལ་གྱི་སྐྱེ་ཁམས་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཕྱོགས་གསུམ་གྱི་ཕན་འབྲས་མཉམ་དུ་འཕེལ་བ་མངོན་འགྱུར་བྱུང་། གཞིགས་གྲངས་ལས་མངོན་པ་ལྟར་ན། སྤྱི་ལོ2017ལོའི་གྲོང་ཁྱེར་ཡོངས་ཀྱི་ནགས་ལས་ཐོན་སྐྱེད་ཐང་གྲངས་སྒོར་དུང་ཕྱུར363.5ལ་སླེབས་ཤིང་། ལོ་སྔོན་མ་དང་བསྡུར་ན12.7%འཕར། ནགས་དཔོན་ལམ་ལུགས་ལག་བསྟར་བྱས་པ་ནས་བཟུང་། ཨན་ཆིང་གྲོང་ཁྱེར་གྱིས་ནགས་དཔོན་ལམ་ལུགས་ཀྱི་ལས་འགན་གྲོང་དང་གྲོང་རྡལ། ཞིང་གྲོང་བཅས་སུ་རེ་རེ་བཞིན་ལག་བསྟར་བྱས་ཤིང་། ནགས་དཔོན་ལམ་ལུགས་ཀྱི་དྲ་མིག་ཅན་གྱི་དོ་དམ་མངོན་འགྱུར་བྱུང་། ས་ཆ་སོ་སོ་ནས་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་བྱ་བའི་ལམ་ལུགས་དང་དང་ལམ་སྲོལ་བཙུགས་ཏེ། ལྗང་མདོག་ཇེ་མང་དང་། ལྗང་མདོག་ལ་སྲུང་སྐྱོབ། ལྗང་མདོག་བཀོལ་སྤྱོད་བཅས་ཀྱི་ཐད་འཚོལ་ཞིབ་བགྱིས་ཤིང་། ལམ་སྲོལ་དང་བྱ་ཐབས་ཀྱི་ཐད་དུ་གསར་གཏོད་བཅས་བྱས་པས་ནགས་དཔོན་ལམ་ལུགས་ཐད་གྲུབ་འབྲས་བླངས།

4 རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས། 
4_1 དང་པོ། སྤྱིའི་བླང་བྱ།

གཅིག མཛུབ་སྟོན་བསམ་བློ། 

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་སྐོར་གྱི་དགོངས་པ་ལག་བསྟར་ནན་ཏན་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་བློ་བརྟན་འགྱུར་མེད་ཀྱིས་དོན་འཁྱོལ་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་འདོམས་ལ་གཞིགས་ཏེ། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་གི་བླང་བྱ་ལྟར། རྒྱལ་ཡོངས་སུ་ནགས་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་སྤེལ་དང་། ས་གནས་ཀྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་དམིགས་ཚད་འགན་འཁྲི་ཁ་གསལ་བཟོས་ཏེ། ཏང་སྲིད་ཀྱི་འགན་འཁྲི་མཉམ་འཁུར་དང་། གཏོགས་ཁོངས་ཀྱི་འགན་འཁུར།  སྡེ་ཁག་གི་མཐུན་སྦྱོར། འབྱུང་རྩ་ནས་བཅོས་སྐྱོང་། ས་ཁོངས་ཡོངས་སུ་ཁྱབ་པའི་ཡུན་ཕན་ལམ་སྲོལ་འཛུགས་སྐྱོང་བཅས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་བྱེདཔ་ཇེ་མགྱོགས་སུ་གཏོང་དགོས།

གཉིས། ལས་ཀའི་རྩ་དོན།

སྣོད་བཅུད་སྔོན་ལ་འཇོག་པ་དང་སྲུང་སྐྱོང་བྱ་རྒྱུ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ནགས་ཚལ་སྐོར་གྱི་བཅའ་ཁྲིམས་དང་རྩྭ་ཐང་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱོན་ཡོངས་ནས་དོན་འཁྱོལ་དང་། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་ལམ་ལུགས་ནན་ཤོས་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་དངོས་སྣ་མང་གི་རང་བཞིན་སྲུང་སྐྱོང་། ནགས་ཚལ་དང་རྩྭ་ཐང་ལ་སོགས་པའི་སྐྱེ་ཁམས་མ་ལག་བརྟན་པོ་ཡོང་བར་བྱ་དགོས།

ལྗང་མདོག་འཕེལ་རྒྱས་དང་སྣོད་བཅུད་དམངས་ཕན་རྒྱུན་འཁྱོངས་བྱེད་དགོས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་དུ་བསྟར་ནས་སྣོད་བཅུད་ཐོན་ལས་ཅན་དང་ཐོན་ལས་སྣོད་བཅུད་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་སྣོད་བཅུད་ཁོར་ཡུག་དང་། ཕུལ་བྱུང་སྣོད་བཅུད་ཐོན་རྫས། སྤུས་ལེགས་སྣོད་བཅུད་ཞབས་ཞུ་བཅས་ཀྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས།

གནད་དོན་གྱི་སྟོན་ཕྱོགས་དང་ཡུལ་བབ་དང་བསྟུན་པ་རྒྱུན་འཁྱོངས་བྱེད་དགོས། ས་ཁོངས་མི་འདྲ་བའི་ནགས་ཚལ་དང་རྩྭ་ཐང་སོགས་སྣོད་བཅུད་མ་ལག་སྲུང་སྐྱོང་དོ་དམ་གྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་རིགས་དབྱེ་ནས་སྲིད་ཇུས་ལག་བསྟར་དང་། ཚན་རིག་དང་མཐུན་པའི་དོ་དམ། ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ནགས་ལ་འཕྲོད་ན་ནགས་དང་། རྩྭ་ལ་འཕྲོད་ན་རྩྭ། ས་རྒོད་འཕྲོད་ན་ས་རྒོད་བཅས་ཀྱི་ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་ཀྱི་སྣོད་བཅུད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས།

ཏང་ཨུའི་འགོ་ཁྲིད་དང་སྡེ་ཚན་མཉམ་འགུལ་རྒྱུན་འཁྱོངས་བྱེད་དགོས། ཏང་ཨུའི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཏང་སྲིད་འགོ་ཁྲིད་ཀྱིས་འགན་འཁུར་བའི་ལམ་ལུགས་ལྟེ་བར་འཛིན་པའི་འགན་འཁྲིའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། རིམ་པ་སོ་སོའི་ནགས(རྩྭ)ཀྱི་དཔོན་པོ(གཤམ་དུ་ནགས་དཔོན་ཞེས་བྲི་ངེས)ཡི་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་འགན་འཁྲི་ཁ་གསལ་བཟོ་བ། ལས་ཀའི་བྱེད་ཐབས་ལ་ཤུགས་སྣོན། ཕྱོགས་ཁག་གི་སྟོབས་ཤུགས་གཅིག་གྱུར་འཆར་འགོད་བཅས་བྱས་ནས་རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་དང་རིམ་པ་ཚང་མས་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་ཀའི་རྣམ་པ་ཆགས་པར་བྱ་དགོས།

གསུམ། རྩ་འཛུགས་ཀྱི་མ་ལག ཞིང་ཆེན(རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར)ཁག་ཏུ་སྤྱི་ཁྱབ་ནགས་དཔོན་བསྐོ་རྒྱུ་དང་། དེ་ཞིང་ཆེན་རིམ་པའི་ཏང་ཨུ་དང་ཡང་ན་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་འགན་འཁུར་རྒྱུ། སྤྱི་ཁྱབ་ཚན་མོའུ་ཀྲང་གཞོན་པ་བསྐོ་བ་དང་ཞིང་ཆེན་རིམ་པའི་འགན་འཁུར་བློ་མཐུན་གྱིས་འགན་འཁུར་ནས་ཁུལ་དབྱེ(ས་ཁུལ)ལག་བསྟར་བྱེད་དགོས། ཞིང་ཆེན(རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར)ཁག་གིས་གནས་ཚུལ་དངོས་ལ་གཞིགས་ཏེ་གྲོང་ཁྱེར་དང་། རྫོང་། ཞང་སོགས་རིམ་པ་ཁག་གི་ནགས་དཔོན་བཙུགས་ཆོག ས་གནས་ཀྱི་ནགས་ལས་དང་རྩྭ་ཐང་གི་གཙོ་སྐྱོང་སྡེ་ཁག་རིམ་པ་ཁག་གིས་ནགས་དཔོན་ལམ་ལུགས་སྒྲིག་འཛུགས་དང་ལག་ལེན་དངོས་སུ་བསྟར་བའི་ལས་ཀའི་འགན་འཁུར་རྒྱུ།

བཞི། ལས་ཀའི་འགན་འཁྲི། ས་གནས་ཁག་གིས་ས་ཁོངས་དང་། ཐོན་ཁུངས་ཀྱི་ཁྱད་ཆོས། རང་བྱུང་སྐྱེ་ཁམས་མ་ལག་གི་ཆ་ཚང་རང་བཞིན་ལ་ཕྱོགས་བསྡུས་བསམ་གཞིགས་བྱེད་དགོས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ནགས་ཚལ་རིང་ཚད་ཀྱི་འགན་འཁྲིའི་ས་ཁོངས་གཏན་འཁེལ་བྱེད་དགོས། རིམ་ཁག་ནགས་དཔོན་གྱིས་སྒྲིག་འཛུགས་དང་འགོ་ཁྲིད་ཀྱི་འགན་འཁྲིའི་ས་ཁོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་ལས་དོན་དང་། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་དམིགས་ཚད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ནས་ནགས་ཚལ་ཁྱབ་ཚད་དང་། ནགས་ཚལ་གསོག་ཚད། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁེབས་ཚད། བྱེ་འགྱུར་ས་ཆ་བཅོས་སྐྱོང་གི་རྒྱ་ཁྱོན་སོགས་དམིགས་ཚད་གལ་ཆེན་ལ་བརྩིས་ནས་ཡུལ་བབ་དང་བསྟུན་ཏེ་དམིགས་ཚད་ལས་འགན་གཏན་འཁེལ་བྱེད་པ་དང་། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་འཆར་འགོད་བཟོ་བ་སྒྲིག་འཛུགས་དང་། གཅིག་གྱུར་བཅོས་སྐྱོང་བྱེད་ཤུགས་ཆེར་གཏོང་། ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད། འགན་འཁྲིའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། འགན་འཁྲིའི་ས་ཁོངས་ཀྱི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ཁྱོན་ཡོངས་ནས་སྲུང་སྐྱོབ་དང་། སྣོད་བཅུད་སྲུང་སྐྱོབ་དང་སླར་གསོར་སྐུལ་འདེད། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་དང་གནོད་ཚབས་ཆེ་བའི་སྐྱེ་དངོས་འགོག་བཅོས་འགན་འཁྲི་དང་བྱ་ཐབས་དོན་འཁྱོལ་སྒྲིག་འཛུགས་བཅས་བྱས་ནས་ནགས་ཚལ་དང་རྩྭ་ཐང་ལས་རིགས་ཀྱི་སྲིད་འཛིན་ཁྲིམས་འཛིན་ལ་ཤུགས་སྣོན་རྒྱག་དགོས།

4_2 གཉིས་པ། འོས་འགན་གཙོ་བོ། 

ལྔ། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་འབྱུང་ཁམས་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོབ་དང་དོ་དམ་ནན་པོ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ནན་སྲུང་བྱ་དགོས། ནགས་ས་དང་རྩྭ་ཐང་འཛུགས་སྐྲུན་ལ་མཁོ་བའི་ས་ཆར་བསྒྱུར་བར་ཚོད་འཛིན་ནན་པོ་བྱ་དགོས་པ་དང་། སྐྱེ་ཁམས་ཀྱི་ནུས་པ་ཁུལ་གཙོ་བོ་དང་སྐྱེ་ཁམས་ཁོར་ཡུག་ལ་ཚོར་བ་རྣོ་ཞིང་ཉམས་ཞན་ཡིན་པའི་ས་ཁོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ནགས་ཚལ་དང་རྩྭ་ཐང་གཏོར་བརླག་བཏང་ནས་གསར་སློག་བྱེད་པའི་རིགས་གཏན་འགོག་བྱ་དགོས། སྤྱི་ཕན་ནགས་ཚལ་དོ་དམ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རང་བྱུང་ནགས་ཚལ་སྲུང་སྐྱོབ་བྱེད་པར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། རང་བྱུང་ནགས་ཚལ་ཚོང་ལས་རང་བཞིན་གྱིས་གཅོད་པ་ཕྱོགས་ཡོངས་ནས་མཚམས་འཇོག་པ། ནགས་ཚལ་སྐྱེ་ཁམས་ཀྱི་ཕན་འབྲས་ཁ་གསབ་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས། རྩྭ་ཐང་གི་ཕྱུགས་བཀག་རྩྭ་གསོ་དང་རྩྭ་ཕྱུགས་དོ་མཉམ་ཡོང་བའི་ལམ་ལུགས་དོན་འཁྱོལ་དང་། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། ནགས་ཚལ་དང་རྩྭ་ཐང་ལ་ལྟ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་དགོས། རྒྱལ་ཁབ་སྤྱི་གླིང་གཙོར་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། བྱེས་སྐྱེས་སྲོག་ཆགས་དང་རྩི་ཤིང་དང་དེའི་འཚོ་ཁུལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས།

དྲུག ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྐྱེ་ཁམས་སླར་གསོ་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་འཆར་འགོད་གཞིར་བཟུང་སྟེ། ཚན་རིག་དང་མཐུན་པར་སྐྱེ་ཁམས་ལ་མཁོ་བའི་ས་ཆ་དབྱེ་འབྱེད་བྱེད་པ་དང་། གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ཀྱི་མངའ་ཁོངས་ལྗང་སྒྱུར་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོབ་དང་ཉམས་གསོའི་ལས་གྲྭ་གལ་ཆེན་ལག་བསྟར་བྱས། པེ་ཅིན་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་གཏོང་བ། ཀོང་ཏུང་དང་། ཞང་ཀང་། ཨའོ་མིན། བཅས་མཚོ་འགག་ཁུལ་འཛུགས་སྐྲུན་བྱེད་པ། འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་གཏོང་བ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པ་སོགས་འཐབ་ཇུས་གལ་ཆེན་ས་ཁོངས་ཀྱི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་ཉམས་གསོ་དང་འབྲེལ་བ་ཡོད། ཞིང་འདོར་ནགས་གསོ་རྩྭ་འདེབས་དང་། བྱང་གསུམ་འགོག་སྲུང་ནགས་ཚལ་མ་ལག་འཛུགས་སྐྲུན། རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་སོགས་གཙོ་གནད་ལས་གྲྭ་ལག་བསྟར་གཏིང་ཟབ་བྱ་དགོས། ནགས་ཚལ་གཉེར་སྐྱོང་དང་ཞན་འགྱུར་ནགས་ཚལ་ཉམས་གསོ་བྱེད་ཤུགས་ཆེ་རུ་བཏང་ནས་ནགས་ཚལ་གྱི་སྤུས་ཚད་མཐོ་རུ་གཏོང་དགོས། སྡེ་ཁག་གི་ལྗང་སྒྱུར་འགན་འཁྲི་དོན་འཁྱོལ་དང་། འོས་འགན་ཤིང་འཛུགས་ལམ་སྲོལ་གསར་གཏོད། དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་འགན་འཁྲིའི་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས།

བདུན། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ནགས་ཚལ་དང་རྩྭ་ཐང་གི་གནོད་ཡོད་སྐྱེ་དངོས་འགོག་བཅོས་ས་གནས་སྲིད་གཞུང་གིས་འགན་འཁུར་བའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་ནགས་ཚལ་དང་རྩྭ་ཐང་གི་གནོད་ཡོད་སྐྱེ་དངོས་ཀྱི་གནོད་འཚེ་དེ་གེགས་སེལ་མ་ལག་ནང་འཇུག་པ་དང་། ནགས་ཚལ་དང་རྩྭ་ཐང་གི་གནོད་ཡོད་སྐྱེ་དངོས་ལ་ལྟ་སྐུལ་དོ་དམ་དང་མཉམ་འགོག་མཉམ་བཅོས་ཀྱི་ལམ་སྲོལ་འཐུས་ཇེ་སྒོ་ཚང་དུ་གཏོང་བ། གསོམ་རྒྱུའི་སྐུད་འབུའི་ནད་དང་། ཨ་རིའི་འབུ་མེ་ལྕེབ་དཀར་པོ། རྩྭ་ཐང་གི་བྱི་བ་དང་རི་བོང་གི་གནོད་འཚེ་སོགས་འགོག་བཅོས་ལས་དོན་ལ་དམ་འཛིན་ཡག་པོ་བཅས་བྱེད་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་དང་མེ་གསོད་གཞི་གཅིག་ཅན་དུ་འགྱུར་རྒྱུ་རྒྱུན་འཁྱོངས་བྱས་ནས་ས་གནས་ཀྱི་སྲིད་འཛིན་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཏེ་མེ་སྐྱོན་ཕྱོགས་བསྡུས་འགོག་བཅོས་བྱེད་ནུས་ཆེ་རུ་གཏོང་དགོས།

བརྒྱད། ནགས་ཚལ་དང་རྩྭ་ཐང་གི་ཁྱབ་ཁོངས་བསྒྱུར་བཅོས་གཏིང་ཟབ་བྱེད་དགོས། རྒྱལ་ཁབ་ལ་དབང་བའི་ནགས་ཁུལ་གཙོ་བོ་དང་རྒྱལ་ཁབ་ལ་དབང་བའི་ནགས་རའི་བསྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ནགས་ཚལ་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་ལ་ཤུགས་སྣོན་རྒྱག་པ། ནགས་ཁུལ་དང་ནགས་རྭ་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱ་དགོས། རྩྭ་ཐང་འགན་གཙང་ལེན་གྱི་གཉེར་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རྩྭ་ཐང་འཁོར་རྒྱུག་ཚད་ལྡན་དུ་གཏོང་དགོས། ཐུན་མོང་གི་ནགས་དབང་ལམ་ལུགས་བསྒྱུར་བཅོས་ཟབ་སྤེལ་དང་། ས་གནས་ཁག་གིས་བདག་དབང་དང་། འགན་གཙང་ལེན་གྱི་དབང་ཆ། གཉེར་སྐྱོང་བྱེད་དབང་བཅས“དབང་གསུམ་ལོགས་དབྱེ”དང་རྒྱུ་ནོར་བདག་དབང་གི་དབང་ནུས་འཐུས་ཚང་དུ་གཏོང་བའི་ཐད་འཚོལ་ཞིབ་ཧུར་ཐག་བྱས་ནས་ལྗང་མདོག་དམངས་ཕྱུག་གི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བར་སྐུལ་འདེད་བྱེད་དགོས།

དགུ ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ལ་ལྟ་ཞིབ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་བྱེད་ཐབས་བེད་སྤྱོད་གང་ལེགས་བྱས་ནས་ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་ཀྱི“ས་བཀྲ་གཅིག”དང“གྲངས་ཀ་གཅིག”གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་། གཙོ་གནད་ས་ཁོངས་ཀྱི་དུས་ཐོག་ལྟ་ཞིབ་ཚོད་འཛིན་དྲ་བ་རིམ་བཞིན་འཛུགས་པ། ཐོན་ཁུངས་ཀྱི་འགུལ་རྣམ་འགྱུར་ལྡོག་དུས་ཐོག་ཏུ་ཁོང་དུ་ཆུད་པ། ཉེན་ཟོན་སྔོན་བརྡ་དང་གནད་དོན་ཞིབ་བཤེར་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བར་བློ་རིག་ཅན་གྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་དགོས།

བཅུ། གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། སྣོད་བཅུད་ནགས་སྲུང་བ་སོགས་བདག་སྐྱོང་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དྲ་མིག་ཅན་གྱི་དོ་དམ་མངོན་འགྱུར་ཡོང་བ་བྱེད་དགོས། ཤང་དང་གྲོང་རྡལ་གྱི་ནགས་ལས(རྩྭ་ཐང)ཀྱི་ལས་དོན་ས་ཚུགས་ཀྱི་ནུས་པ་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འབྱུང་ཁམས་ནགས་སྲུང་བ་སོགས་དོ་དམ་སྲུང་སྐྱོང་མི་སྣར་སྦྱོང་བརྡར་སྤྲོས་རྒྱུ་དང་རྒྱུན་ལྡན་གྱི་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ཚོང་ར་ཅན་དང་སྣེ་མང་ཅན་གྱི་མ་དངུལ་འཇོག་པའི་ལམ་སྲོལ་འཛུགས་པ་དང་། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ནོར་སྲིད་རོགས་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས།

4_3 གསུམ་པ། འགན་སྲུང་བྱ་ཐབས།

བཅུ་གཅིག རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། ས་གནས་ཀྱི་རིམ་ཁག་ཏང་ཨུ་དང་སྲིད་གཞུང་ནི་ནགས་དཔོན་ལམ་ལུགས་ཁྱབ་གདལ་གཏོང་བའི་འགན་འཁྲིའི་བྱེད་པོ་ཡིན་པས་རྩ་འཛུགས་ཀྱི་འགོ་ཁྲིད་དང་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། འགན་འཁྲིའི་ལས་བགོས་ཁ་གསལ་བཟོ་བ། ལས་ཀའི་བཀོད་སྒྲིག་ཞིབ་ཕྲ་བཟོ་བ། འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ནས་སྤྱི་ལོ2022ལོའི་ཟླ་དྲུག་པར་ནགས་བཟོའི་ལམ་ལུགས་ཁྱོན་ཡོངས་ནས་འཛུགས་རྒྱུའི་འགན་ལེན་བྱེད་དགོས།

བཅུ་གཉིས། ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་རིང་གི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱས་ནས་དུས་བཀག་ནང་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བའི་གཙོ་གནད་ལས་དོན་བརྡ་ཁྱབ་བཏང་ཡོད།

བཅུ་གསུམ། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་དགོས། ནགས་དཔོན་ལམ་ལུགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་ལས་སྟེགས་བཙུགས་ནས་སྨྱན་སྦྱོར་བརྒྱུད་སྤྱི་ཚོགས་ལ་ནགས་དཔོན་གྱི་མིང་ཐོ་ཡོངས་བསྒྲགས་བྱས་ཏེ་འགན་འཁྲིའི་ས་ཁོངས་ཀྱི་མངོན་གསལ་དོད་སར་ནགས་དཔོན་གྱི་སྤྱི་བསྒྲགས་བྱང་བུ་བཀོད་སྒྲིག་བྱེད་དགོས། ཆ་རྐྱེན་འཛོམས་པའི་ས་གནས་སུ་ནགས་དཔོན་ལམ་ལུགས་ལག་བསྟར་བྱས་ཚུལ་ལ་ཕྱོགས་གསུམ་པས་དཔྱད་དཔོག་བྱས་ཆོག ལོ་ལྟར་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་ཚུལ་སྤྱི་བསྒྲགས་བྱ་དགོས། སྣོད་བཅུད་ཤེས་དཔལ་གྱི་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་སྤྱི་དམངས་ཀྱི་སྣོད་བཅུད་སྲུང་སྐྱོབ་འདུ་ཤེས་ཇེ་ཟབ་ཏུ་བཏང་སྟེ་རང་རྟོགས་ངང་སྔོ་ལྗང་རྩི་ཤིང་ལ་གཅེས་སྐྱོང་བྱེད་དགོས།

བཅུ་བཞི། ལྟ་སྐུལ་སློབ་སྟོན་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་དགོས། ནགས་ཚལ་དཔོན་ལམ་ལུགས་ཀྱི་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་ཞིབ་དེ་ནགས་ལས་དང་རྩྭ་ཐང་གི་ཕྱོགས་བསྡུས་ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་བྱེད་ཁོངས་སུ་འཇུག་པ་དང་། རྫོང་རིམ་པ་དང་དེའི་ཡན་གྱི་ནགས་དཔོན་གྱིས་འོག་རིམ་ནགས་ཚལ་གྱི་དཔོན་པོར་དཔྱད་ཞིབ་བྱ་རྒྱུའི་འགན་འཁུར་བ། དཔྱད་ཞིབ་བྱས་འབྲས་དེ་ས་གནས་ཀྱི་འབྲེལ་ཡོད་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་དང་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ལས་བྲལ་རྩིས་བཤེར་གྱི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས། ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པའི་འགན་འཁྲི་ཚེ་གང་བདའ་འདེད་ལམ་ལུགས་དོན་འཁྱོལ་དང་། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ལ་གཏོར་བརླག་ཚབས་ཆེན་བཟོས་པའི་རིགས་ལ་འབྲེལ་ཡོད་གཏན་འབེབས་ལྟར་འགན་འཁྲི་བདའ་འདེད་ནན་པོ་བྱ་དགོས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-15

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།