ལུང་ནན་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུང་ནན་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།
ལུང་ནན་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ནི་ལུང་ནན་གྲོང་ཁྱེར་གྱི་སྲིད་གཞུང་གི་སྡེ་ཁག་ཅིག་ཡིན་པ་དང་། ནན་ཆའོ་ལམ་ཝུའུ་ཏུའུ་ཁུལ་ཆུའི་འགན་བཅོལ་ཅུའུ་ཡི་གཞུང་ལས་ཐོག་ཁང་གི་ཐོག་བརྩེགས་བཞི་པར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
陇南市司法局
ངོ་བོ།
ཁྲིམས་འཛིན་ཅུའུ།
གནས་ཡུལ།
ལུང་ནན་གྲོང་ཁྱེར།
འགན་ནུས།
ཁྲིམས་སྲོལ་དང་འབྲེལ་ཡོད་བྱེད་ཕྱོགས། སྲིད་ཇུས་ལག་ལེན་དོན་འཁྱོལ་བྱེད་པ།
1 ལས་འགན་གཙོ་བོ།

གཅིག ཏང་དང་རྒྱལ་ཁབ་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཀའི་བཅའ་ཁྲིམས་ཁྲིམས་སྲོལ་དང་། འབྲེལ་ཡོད་བྱེད་ཕྱོགས་དང་སྲིད་ཇུས་བཅས་ལག་ལེན་མཐའ་འཁྱོལ་བྱེད་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཀའི་དུས་ཡུན་འབྲིང་རིང་གི་འཆར་འགོད་དང་ལོ་འཁོར་ལས་ཀའི་འཆར་གཞི་བཟོ་རྒྱུ་མ་ཟད་ལག་བསྟར་བྱེད་པར་ལྟ་སྐུལ་ཡང་བྱེད་དགོས།

གཉིས། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་དང་བཅའ་ཁྲིམས་ཀྱི་རྒྱུན་ཤེས་ཁྱབ་གདལ་གཏོང་བའི་འཆར་འགོད་བཟོ་རྒྱུ་སྒྲིག་འཛུགས་བྱེད་པ་དང་འབྲེལ་ལག་བསྟར་བྱེད་འགན་ཁུར་ནས་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ལྟར་བཅོས་སྐྱོང་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས།

གསུམ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་རྩོད་པ་དང་གཞུང་དཔང་། བཅའ་ཁྲིམས་བློ་འདྲི་བཅས་ཀྱི་ལས་ཀར་མཛུབ་ཁྲིད་དང་ལྟ་སྐུལ། དོ་དམ་བཅས་བྱ་རྒྱུ་དང་། སྤྱི་ཚོགས་ཀྱི་བཅའ་ཁྲིམས་ཞབས་ཞུའི་སྒྲིག་གཞིར་ཕྱོགས་བསྡུས་དོ་དམ་བྱ་རྒྱུ།

བཞི། གྲོང་ཁྱེར་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ། དོ་དམ་བཅས་བྱེད་རྒྱུ།

ལྔ། གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་ཁྲིམས་འཛིན་སུའོ་འཛུགས་སྐྱོང་དང་། མི་དམངས་འདུམ་འགྲིག གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུ། སྡེ་ཁུལ་གྱི་ཡོ་བསྲང་། ཉེས་ཁྲིམས་འགྲེལ་བཤད་དང་སློབ་གསོ་གཏོང་མཁན་གྱི་བཀོད་སྒྲིག་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ནས་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཡག་པོ་བྱེད་དགོས།

དྲུག གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁབ་ཁྲིམས་འཛིན་ཡིག་རྒྱུགས་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུ།

བདུན། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་རྩོད་པའི་མཐུན་ཚོགས་དང་གཞུང་དཔང་མཐུན་ཚོགས་ཀྱི་ལས་ཀར་མཛུབ་ཁྲིད་བྱེད་རྒྱུ།

བརྒྱད། སྤྱི་ཚོགས་ཞབས་ཞུར་ཕྱོགས་པའི་ཁྲིམས་འཛིན་གསལ་འབྱེད་ལས་ཀའི་འགན་འཁུར་རྒྱུ་དང་། འདུམ་གཅོད་ཨུ་ལྷན་ལ་ཁྲིམས་ལྟར་ཐོ་འགོད་དོ་དམ་བྱེད་འགན་འཁུར་རྒྱུ།

དགུ། རང་ཁོངས་ཀྱི་ཁྲིམས་བསྟར་ཞིབ་བཤེར་དང་བཅའ་ཁྲིམས། ཁྲིམས་སྲོལ་བཅས་ཀྱི་ལྟ་སྐུལ་སློབ་སྟོན་ལས་ཀའི་འགན་འཁུར་རྒྱུ། ཁོངས་གཏོགས་དེ་གའི་སྲིད་འཛིན་ཐོག་གི་ཆད་པ་དང་སྲིད་འཛིན་ཐོག་གི་བསྐྱར་གྲོས། སྲིད་འཛིན་ཐོག་གི་ཞུ་ལན་བཅས་ཀྱི་ལས་ཀ་བྱེད་འགན་འཁུར་རྒྱུ།

བཅུ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་འཆར་གཞིའི་ནོར་དོན་ལས་དོན་ལ་མཛུབ་ཁྲིད་དང་དོ་དམ་བྱེད་རྒྱུ།

བཅུ་གཅིག གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་བསམ་བློ་ཆབ་སྲིད་ལས་ཀ་དང་ཏང་འཛུགས་སྐྱོང་། དཔུང་ཁག་འཛུགས་སྐྱོང་བཅས་ལ་མཛུབ་ཁྲིད་བྱེད་རྒྱུ། ལས་ཁུངས་དང་ཁོངས་གཏོགས་སྡེ་ཚན་གྱི་སྒྲིག་གཞི་སྒྲིག་ཁོངས་དང་མི་དོན་ལས་དོན་སྒྲུབ་འགན་འཁུར་རྒྱུ། ལས་བྱེད་པའི་དོ་དམ་དབང་ཚད་ལྟར་ལས་བྱེད་པར་དོ་དམ་དང་དཔྱད་ཞིབ་སོགས་ཀྱི་ལས་དོན་སྒྲུབ་འགན་འཁུར་རྒྱུ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཏང་རྩ་འཛུགས་དང་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་གི་ལས་ཀའི་འགན་འཁུར་རྒྱུ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ལས་བྱེད་པ་གསོ་སྦྱོང་ལས་དོན་ལ་དོ་དམ་དང་མཛུབ་ཁྲིད་བྱ་རྒྱུ། 

བཅུ་གཉིས། གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་། གོང་རིམ་ལས་སྒོ་གཙོ་གཉེར་སྡེ་ཚན་བཅས་ཀྱིས་སྤྲད་པའི་ལས་དོན་གཞན་དག་སྒྲུབ་འགན་འཁུར་རྒྱུ།

2  ནང་ཁུལ་གྱི་སྒྲིག་གཞི།

གཞུང་ལས་ཁང་།

ཁྲིམས་ལུགས་དྲིལ་བསྒྲགས་ཁང་།

གཞི་རིམ་ལས་དོན་ཚན་ཁག

གཞུང་དཔང་ཁྲིམས་འཛིན་གསལ་འབྱེད་དོ་དམ་ཚན་ཁག

སྡེ་ཁུལ་ཡོ་བསྲང་ལས་དོན་ཚན་ཁག

རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་ལེན་དང་ཁྲིམས་རྩོད་པའི་དོ་དམ་ཚན་ཁག

3 འགོ་ཁྲིད་གཙོ་བོ།

ལུང་ནན་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཡི་ཅུའུ་ཀྲང་།  ཞཱ་ཅན་ཧྭ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-20

གསར་སྤེལ་མཁན། :ཀླུ་བྷklumtso

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།