པེ་ཅིང་གྲོང་ཁྱེར་ཧྲི་ཅིན་ཧྲན་ཆུས་མི་དམངས་ཁྲིམས་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པེ་ཅིང་གྲོང་ཁྱེར་ཧྲི་ཅིན་ཧྲན་ཆུས་མི་དམངས་ཁྲིམས་ཁང་།
པེ་ཅིང་གྲོང་ཁྱེར་ཧྲི་ཅིན་ཧྲན་ཆུས་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1952ལོའི་ཟླ12པར་བཙུགས་པ་དང་། ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཐོག་ཁང་ནི་པེ་ཅིང་གྲོང་ཁྱེར་ཧྲི་ཅིན་ཧྥུ་ལམ་གྱི་ཨང169པར་གནས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
北京市石景山区人民法院
སྦྲག་སྲིད་ཨང་རྟགས།
100043
གནས་ཡུལ།
པེ་ཅིང་གྲོང་ཁྱེར་ཧྲི་ཅིན་ཧྲན་ཆུས་ཧྥུའུ་ཧྲི་ལམ་ཨང169པ།
འབྲེལ་གཏུགས་ཁ་པར་ཨང་གྲངས།
010-68899829
བཙུགས་ལོ།
སྤྱི་ལོ1952ལོའི་ཟླ12པ།
ཡོན་ཀྲང་།
ཀའོ་ཧུང་།
1 ​ངོ་སྤྲོད་མདོར་བསྡུས་། 

པེ་ཅིང་གྲོང་ཁྱེར་ཧྲི་ཅིན་ཧྲན་ཆུས་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1952ལོའི་ཟླ10པར་བཙུགས་པ་དང་ད་ལྟ་གཞུང་ལས་ཁུལ་གཉིས་ཡོད། 

2 ལས་ཁུངས་སྒྲིག་གཞི།

པེ་ཅིང་གྲོང་ཁྱེར་གྱི་ཧྲི་ཅིན་ཧྲན་ཆུས་མི་དམངས་ཁྲིམས་ཁང་ནང་དུ་སྒྲིག་གཞི12བཙུགས་ཡོད།དེའི་ནང་དུ་འདྲི་གཅོད་ལས་སྒོའི་ལས་ཁུངས9ཡོད་དེ་གྱོད་དོན་ཐོ་འགོད་ཁང་། གཏུག་བཤེར་ཞབས་ཞུ་ལྟེ་གནས་དང་། ཉེས་དོན་འདྲི་གཅོད་ཁྲིམས་ར། དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོ། དམངས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ། ཝུའུ་ལི་ཐོ་མི་དམངས་ཁྲིམས་ར། སྲིད་འཛིན་འདྲི་གཅོད་ཐིང་། ཤེས་ཡོན་ཐོན་དབང་འདྲི་གཅོད་ཁྲིམས་ར། ཕྱོགས་བསྡུས་འདྲི་གཅོད་ཁྲིམས་ར། ལག་བསྟར་ཅུའུ། འདྲི་གཅོད་དོ་དམ་གཞུང་ལས་ཁང་། ཞིབ་འཇུག་ཁང་བཅས་དང་། འདྲི་གཅོད་ལས་སྒོ་མ་ཡིན་པའི་ལས་ཁུངས3ཡོད་དེ། ཆབ་སྲིད་པུའུ། ལས་ཁུངས་ཀྱི་ཏང་ཨུ་དང་། ལས་ཁུངས་ཀྱི་སྒྲིག་ཨུ་དང་། ཕྱོགས་བསྡུས་གཞུང་ལས་ཁང་། ཁྲིམས་འཛིན་ཉེན་རྟོག་རུ་ཆེན་བཅས་ཡོད།

3 ཁྲིམས་ཁང་གི་འཛུགས་སྐྲུན།

ཧྲི་ཅིན་ཧྲན་ཆུས་མི་དམངས་ཁྲིམས་ཁང་གིས་ཆུས་ཨུ་ཡི་འགོ་ཁྲིད་བརྟན་པོའི་འོག ཁུལ་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་འོག གྲོང་ཁྱེར་གྱི་མཐོ་རིམ་ཁྲིམས་ཁང་གི་མཛུབ་སྟོན་ནུས་ལྡན་འོག རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འགན་འཁྲི་ལྷག་བསམ་རྣམ་དག་གིས་སྒྲུབ་པ་དང་། དམངས་དོན་དུ་ཁྲིམས་འཛིན་དང་ཁྲིམས་འཛིན་དྲང་གཞག་བྱེད་པའི་ལས་ཀའི་གཙོ་གནད་རྒྱུན་འཁྱོངས་བྱས་ཏེ། “ཚད་གཞི་མཐོ་ཤོས་དང་བླང་བྱ་ནན་ཤོས། ཕན་འབྲས་བཟང་ཤོས”བཅས་ལས་ཀའི་དམིགས་ཚད་དུ་འཛིན་པ། “ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་དུ་མི་དམངས་མང་ཚོགས་ལ་དྲང་སྙོམས་དྲང་བདེན་ཚོར་དུ་འཇུག་རྒྱུ”ལས་འགན་དུ་བརྩིས་ཤིང་། ཁྲིམས་འཛིན་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ། དཔུང་ཁག་གི་ཕྱོགས་བསྡུས་བྱང་ཚད་གང་མགྱོགས་མཐོ་རུ་གཏོང་བ། “སྣེ་མང་བར་འདུམ+མྱུར་གཅོད”དང“ཆ་འཕྲིན་ཅན+མྱུར་གཅོད”བཅས་ཀྱི་འདྲི་གཅོད་གནས་སྟངས་ལ་དམིགས་ཏེ་འདྲི་གཅོད་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་བ་དང་། ཁྲོམ་ལམ་དང་སྡེ་ཁུལ་དུ་སྤེལ་བའི་ཏང་ལེགས་སྐྱོང་གི་ཁྲིམས་སྐྱོང་མཉམ་སྐྲུན་ལམ་སྲོལ་ལ་བརྟེན་ནས་ཁྲིམས་འཛིན་འདྲི་གཅོད་འགན་ནུས་སྣུར་སྲིང་བྱས་ཤིང་། ཧོ་པེ་ཞིང་ཆེན་གྱི་ཆན་ཨན་གཏེར་ཁུལ་སྐོར་སྐྱོད་འདྲི་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དམངས་དོན་དུ་ཁྲིམས་འཛིན་པའི་དམིགས་ཡུལ་ལག་ལེན་བྱེད་བཞིན་མཆིས།

4 གཟི་བརྗིད་མཚན་སྙན། 

ཧྲི་ཅིན་ཧྲན་ཆུས་མི་དམངས་ཁྲིམས་ཁང་ལ་སྔ་རྗེས་སུ“རྒྱལ་ཡོངས་ཀྱི་དཔལ་ཡོན་སྡེ་ཚན”དང་། “མི་དམངས་བློ་ཡིད་ཚིམ་པའི་ཁྲིམས་ཁང་བཟང་པོ”དང“པེ་ཅིང་གྲོང་ཁྱེར་གྱི་སྔོན་ཐོན་ཁྲིམས་ཁང་།” “རྒྱལ་སའི་དཔལ་ཡོན་ལས་ཁུངས་ཀྱི་མིག་དཔེ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཅིང་། “རྒྱལ་ཡོངས་ཀྱི་ལྔ་གཅིག་བུད་མེད་དཔེ་དམག་གི་ལས་གནས”དང“པེ་ཅིང་གྲོང་ཁྱེར་གྱི་གསུམ་བརྒྱད་དར་དམར་ཚན་པ” “གཞོན་ནུ་ལོ་ཆུང་གི་ཁེ་དབང་སྲུང་སྐྱོང་ལས་གནས” “རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་སྔོན་ཐོན་ཚན་པ” བཅས་བྱ་དགའ་མང་པོ་ཐོབ་མྱོང་། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-20

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།