ལུང་ཡན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུང་ཡན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་།
ཧྥུའུ་ཅན་ཞིང་ཆེན་ལུང་ཡན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ནི་སྔོན་ཆད་ཀྱི་སྤྱི་ལོ1952ལོའི་ཟླ10བའི་ཚེས25ཉིན་བཙུགས་པའི་ཧྥུའུ་ཅན་ཞིང་ཆེན་མི་དམངས་ཁྲིམས་ཁང་ལུང་ཡན་ཡན་ལག་ཁྲིམས་ཁང་ཡིན། སྤྱི་ལོ1955ལོའི་ཟླ3པའི་ཚེས10ཉིན་ཧྥུའུ་ཅན་ཞིང་ཆེན་ལུང་ཡན་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཞེས་པར་མིང་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
龙岩市中级人民法院
རྒྱབ་ཁབ།
ཀྲུང་གོ
གནས་ཡུལ།
ལུང་ཡན་གྲོང་ཁྱེར་ཞིན་ལུའོ་ཆུས་ལུང་ཡན་ལམ་ཆེན་གྱི་ལྷོ་ཕྱོགས།
བཙུགས་ལོ།
སྤྱི་ལོ1952ལོ།
སྦྲག་སྲིད་ཨང་རྟགས།
364000
1 ​ངོ་སྤྲོད་མདོར་བསྡུས།

སྤྱི་ལོ1997ལོའི་ཟླ5བའི་ཚེས1ཉིན་ཕྱིར་ལུང་ཡན་གྲོང་ཁྱེར་དུ་བཙུགས། ལུང་ཡན་ས་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་མིང་ལ་ལུང་ཡན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཞེས་བསྒྱུར། དེའི་མངའ་འོག་ཏུ་ཞིན་ལུའོ་དང་ཡུང་ཏེན། ཧྲང་ཧང་། ཝུའུ་ཕིན། ཁྲང་ཏིང་། ལེན་ཁྲེང་། ཀྲང་ཕིན་སོགས་གཞི་རིམ་གྱི་ཁྲིམས་ཁང་བདུན་ཡོད། འབྲིང་རིམ་མི་དམངས་ཁྲིམས་ཁང་ལས་ཁུངས་ལ་ད་ལྟ་ཁོངས་གཏོགས་སྒྲིག་གཞི20དང་། ལས་བྱེད་པ་དང་ལས་བཟོ་བ། དེ་མིན་ལས་དོན་མི་སྣ་གཞན་དག260ལྷག་ཙམ་བཅས་ཡོད་ལ། དེའི་ནང་ཁྲིམས་དཔོན110ལྷག་ཙམ་ཡོད་པ་དང་ལོ་རེར་ཆ་སྙོམས་གྱོད་གཞི5000ཙམ་ཐག་གཅོད་བྱེད་ཀྱིན་ཡོད། ཉེ་བའི་ལོ་ཤས་རིང་ལུང་ཡན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས“མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་ཚང་མའི་ནང་དྲང་གཞག་དྲང་བདེན་སྒོས་གྱོད་དོན་ཐག་གཅོད་བྱ་རྒྱུ”དམིགས་ཚད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ“དམངས་ཆེད་ཁྲིམས་འཛིན་དང་གཞུང་དྲང་ཁྲིམས་འཛིན”གྱི་གཙོ་རྐང་ལག་ཏུ་བསྟར་ནས་ལས་དོན་ཁག་སྐྱོན་བྲལ་ངང་འཕེལ་རྒྱས་བཏང་ཡོད།

2 ལས་ཁུངས་འཛུགས་སྟངས།

དོན་གཅོད་ཁང་དང་།གྱོད་དོན་ཐོ་འགོད་ཁང་། ཉེས་དོན་འདྲི་གཅོད་ཀྱི་ཁྲིམས་ས་དང་པོ། ཉེས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ་དང་དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོ། དམངས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ། དམངས་དོན་འདྲི་གཅོད་ཁྲིམས་ར་གསུམ་པ། སྲིད་འཛིན་འདྲི་གཅོད་ཁྲིམས་ར། སྣོད་བཅུད་ཐོན་ཁུངས་འདྲི་གཅོད་ཁྲིམས་ར། འདྲི་གཅོད་ལྟ་སྐུལ་ཁྲིམས་ར། ལག་བསྟར་ཅུའུ། ཞིབ་འཇུག་ཁང་། འདྲི་གཅོད་དོ་དམ་གཞུང་དོན་ཁང་། ལས་བྱེད་ཁྲུའུ། ལས་བྱེད་སློབ་གསོ་ཁྲུའུ། སྲིད་འཛིན་སྒྲིག་ཆས་དོ་དམ་ཁྲུའུ་དང་ཁྲིམས་འཛིན་གསལ་འབྱེད་དོ་དམ་ཁྲུའུ་དང་ལྟ་ཞིབ་ཁྲུའུ། ལས་ཁུངས་ཏང་ཨུ། ཁྲིམས་འཛིན་ཉེན་རྟོག་ཉིང་ལག་རུ་ཁག་སོགས་སྡེ་ཚན20ཡོད།

3 གཟི་བརྗིད་མཚན་སྙན།

སྤྱི་ལོ2014ལོའི་ཟླ་བརྒྱད་པར་ཧྥུའུ་ཅན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་སྤྱི་ལོ2012ལོ་ནས་སྤྱི་ལོ2014ལོའི་བར་གྱི་ཤེས་དཔལ་ལས་རིགས་གསར་གཏོད་བྱེད་སྒོའི་སྔོན་ཐོན་མཉམ་སྡེབ་དང་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་འཛིན་སྤུས་རྟགས་གཏོད་པའི་སྔོན་ཐོན་ཚན་པར་བདམས། སྤྱི་ལོ2013ལོའི་ཟླ4པར“སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་འབྱུང་གནས”འགྲེམས་སྟོན་ཁང་ལ་ཧྥུའུ་ཅན་ཞིང་ཆེན་གྱི་སྐབས་གཉིས་པའི་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་སྟོན་འགྲན་བསྡུར་ཆེན་མོར“གསར་གཏོད་བྱ་དགའ་རྩེ་གྲས”ཐོབ།

སྤྱི་ལོ2013ལོའི་ཟླ11པར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས“རྒྱལ་ཡོངས་ཁྲིམས་ཁང་གི་རིག་གནས་འཛུགས་སྐྱོང་ཁྱད་ལྡན་རྣམ་གྲངས”ལ་སྤྲད་པ་དང་སྤྱི་ལོ2014ལོའི་ཟླ་8པར་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་འཛིན་སྤུས་རྟགས་རྣམ་གྲངས་ལ་བདམས།

སྤྱི་ལོ2012ལོ་དང་སྤྱི་ལོ2013ལོར་ལུང་ཡན་འབྲིང་རིམ་མི་དམངས་ཁྲིམས་ཁང་ནི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས“སྤྱི་ལོ2012ལོ་དང་སྤྱི་ལོ2013ལོའི་ལོ་འཁོར་གྱི་དྲ་རྒྱའི་དྲིལ་བསྒྲགས་ཀྱི་སྔོན་ཐོན་ཚན་པར”བདམས།

སྤྱི་ལོ2013ལོའི་ཟླ10པར་ལུང་ཡན་གྲོང་ཁྱེར་ཏང་ཨུ་ཡིས་སྤྱི་ལོ2010ལོ་ནས་སྤྱི་ལོ2012ལོའི་བར་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་སྔོན་ཐོན་ཚན་པར་བདམས།

སྤྱི་ལོ2012ལོ་དང་སྤྱི་ལོ2013ལོའི་བར་ལུང་ཡན་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ལས་རྗེས་དཔྱད་བསྡུར་གྱི་ཕུལ་བྱུང་ཚན་པར་བདམས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-13

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།