ཅན་པིན་གྲོང་ཁྱེར་སྤྱི་བདེ་ཅུས།

གཅིག ཅན་པིན་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་རྒྱལ་ཁབ་ཀྱི་སྤྱི་བདེའི་ལས་དོན་གྱི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་ལ་ལག་བསྟར་རྒྱུ་མཐར་ཕྱིན་པ་བྱ་རྒྱུ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་བདེའི་ལས་དོན་བཀོད་སྒྲིག་བྱ་རྒྱུ་མ་ཟད། ཞིབ་བཤེར་དང་ལག་བསྟར་བྱེད་ཚུལ་ལ་སྐུལ་འདེད་གཏོང་དགོས།
གཉིས། སྤྱི་ཚོགས་ཀྱི་ལྷིང་འཇགས་དང་བདེ་འཇགས་ལ་གནོད་སྲིད་པའི་གནས་ཚུལ་ཁོང་དུ་ཆུད་པར་བྱས་ནས་གནས་བབ་ལ་དབྱེ་ཞིབ་དང་ཐབས་ཇུས་བཟོ་འགོད་བཅས་བྱེད་དགོས།
གསུམ། སྒྲིག་འཛུགས་བྱས་ནས་ལག་ལེན་དུ་འདེབས་པ་དང་འབྲེལ་མྱུལ་ཞིབ་ཀྱི་ལས་ཀར་ཁྲིད་སྟོན་བྱ་རྒྱུ་དང་། གྱོད་དོན་དང་བདེ་སྐྱོང་དོན་རྐྱེན། བདེ་དོན་གྱི་བྱུར་ཉེས། ཟིང་ཆ་བཅས་གལ་ཆེའི་རིགས་ཐག་གཅོད་དང་མཐུན་སྦྱོར་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས།
བཞི། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཚོགས་ཀྱི་བདེ་སྐྱོང་སྒྲིག་ལམ་ལ་གནོད་སྐྱོན་གཏོང་བའི་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་སྒྲིག་འཛུགས་དང་འབྲེལ་དེར་ཁྲིད་སྟོན་བྱེད་དགོས།
ལྔ། རྒྱལ་མཚམས་ནས་ཐོན་པ་དང་ཕྱི་རྒྱལ་བ་རང་ཞིང་གི་ས་ཁོངས་ནང་གནས་སྡོད་དང་ཡུལ་སྐོར་བྱེད་རྒྱུའི་འབྲེལ་ཡོད་དོ་དམ་ལས་དོན་སྒྲིག་འཛུགས་དང་མཛུབ་ཁྲིད་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སྤྱི་བདེའི་ཕྱི་དོན་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས།
དྲུག ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དང་འགྲིམ་འགྲུལ་སྒྲིག་ལམ། དེ་བཞིན་རླངས་འཁོར་དང་ཁ་ལོ་བའི་དོ་དམ་ལས་དོན་བཅས་ལ་སྲུང་སྐྱོང་སྒྲིག་འཛུགས་དང་མཛུབ་ཁྲིད་བྱེད་དགོས།
བདུན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཁབ་གཞུང་གི་ལས་ཁུངས་དང་སྤྱི་ཚོགས་ཀྱི་ཚོགས་པ། ཁེ་ལས་དང་བྱ་ལས་སྡེ་ཚན། འཛུགས་སྐྲུན་ལས་གྲྭ་གཙོ་ཆེ་བ་བཅས་ཀྱི་བདེ་སྐྱོང་ལས་ཀ་དང་དེ་བཞིན་མང་ཚོགས་རང་བཞིན་ལྡན་པའི་བདེ་སྐྱོང་རྩ་འཛུགས་ཀྱི་བདེ་སྐྱོང་ཉེན་ཟོན་བྱ་བར་ཁྲིད་སྟོན་དང་ལྟ་སྐུལ་བྱེད་དགོས།
བདེ་ཐང་སྨན་ཁང་སོགས་ཀྱི་དོ་དམ་ལས་དོན་ཐད་ཞིང་ཆེན་ཡོངས་ཀྱི་བཙོན་ཁང་འཛུགས་སྐྲུན་ལ་འཆར་འགོད་དང་མཛུབ་ཁྲིད་བྱེད་དགོས།
ཅན་པིན་གྲོང་ཁྱེར།
སྤྱི་ལོ2018ལོའི་ཟླ5བའི་ཚེས28ཉིན་ཀྲུང་གུང་ཧྥུའུ་ཅན་ཞིང་ཆེན་ཏང་ཨུའི་ཤེས་དཔལ་གཞུང་དོན་ཁང་གིས“སྐབས་བཅུ་གསུམ་པའི་ཧྥུའུ་ཅན་ཞིང་ཆེན་ཤེས་དཔལ་ཚན་པའི”མིང་ཐོའི་ནང་བཅུག་པ་དང་འབྲེལ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ནས་མང་ཚོགས་ཀྱིས་ལྟ་སྐུལ་དང་ལེན་བྱས།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2021-01-13
གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡