ཤེས་རབ་རྣམ་པ་གཉིས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདུས་པ་ཆེན་པོ་ལས་སའི་སྙིང་པོའི་འཁོར་ལོ་བཅུ་པའི་མདོ་དང་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བའི་ཤེས་རབ་རྣམ་པ་གཉིས་རྒྱས་པར་བསྟན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
二智慧
འབྱུང་ཁུངས།
《བསྟན་འགྱུར་དབུ་མ་ཧ་པ》ཤ245བ1《བསྟན་འགྱུར་དབུ་མ་ཧ་པ》ཤ244བ2《མདོ་ཛ་པ》ཤ351བ4ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམ་གྲངས་འདྲེན་པ།

འདི་ལ་ཁག་གསུམ་ཡོད།

འདུས་པ་ཆེན་པོ་ལས་སའི་སྙིང་པོའི་འཁོར་ལོ་བཅུ་པའི་མདོ་ལས་བྱུང་བ་ཁག་གཅིག

1.འཇིག་རྟེན་པའི་ཤེས་རབ།

2.འཇིག་རྟེན་ལས་འདས་པའི་ཤེས་རབ་བོ༎

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་ཁག་གཅིག

1.རྒྱུའི་རང་བཞིན།

2.འབྲས་བུའི་ངོ་བོའོ༎

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་ཁག་གཅིག

1.དེ་ལ་འཇིག་རྟེན་པའི་ཤེས་རབ་ནི། འཕགས་པའི་ལམ་དང་འབྲས་བུ་མི་ལྡན་པ། ཟག་པ་དང་བཅས་པ། ཀུན་ཏུ་སྦྱོར་བར་བྱ་བ། འདུད་པར་བྱ་བ། ཀླུང་དུ་འབབ་པར་བྱ་བ། སྒྲིབ་པར་བྱ་བ། མཆོག་ཏུ་བཟུང་བ། ཉེ་བར་བསླང་བ་མ་ཡིན་པ། ཉོན་མོངས་པ་ཅན་ལ་འབྱུང་བའོ༎

2.འཇིག་རྟེན་ལས་འདས་པའི་ཤེས་རབ་ནི། ལམ་དང་འབྲས་བུ་ལྡན་པ། དེ་ནི་ཟག་པ་མེད་པ། སྦྱོར་བར་བྱ་བ་མ་ཡིན་པ། འདུད་པར་བྱ་བ་མ་ཡིན་པ། ཀླུང་དུ་འབབ་པར་བྱ་བ་མ་ཡིན་པ། སྒྲིབ་པར་བྱ་བ་མ་ཡིན་པ། མཆོག་ཏུ་བཟུང་བར་བྱ་བ་མ་ཡིན་པ། ཉེ་བར་བླང་བར་མ་ཡིན་པ། ཉོན་མོངས་པ་ཅན་ལ་བྱུང་བ་མ་ཡིན་པའོ༎


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-18

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།