རུལ་སུངས་བྱེད་མི་ཕོད་པ།རུལ་སུངས་བྱེད་མི་ཐུབ་པ།རུལ་སུངས་བྱེད་མི་འདོད་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རུལ་སུངས་བྱེད་མི་ཕོད་པ།རུལ་སུངས་བྱེད་མི་ཐུབ་པ།རུལ་སུངས་བྱེད་མི་འདོད་པ།
ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ལམ་སྲོལ་ཐོག་མར་བཏོན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
不敢腐、不能腐、不想腐
བཏོན་དུས།
ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར་བཏོན།
1 འགྲེལ་བ། 

ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ལམ་སྲོལ་ནུས་ལྡན་ཆགས་པ་བྱེད་དགོས”ཞེས་དང《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་སྲུང་བྱ་འགའ》ཡི་ནང་ཡང་བསྐྱར“རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཛུགས་དགོས”ཞེས་པ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དམིགས་ཚད་བླང་བྱ་གལ་ཆེན་ཞིག་ཡིན་པར་ནན་བཤད་མཛད་ཡོད།  རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པར་རུལ་སུངས་བཅོས་བསྒྱུར་དང་ཧམ་ཅན་ལ་ཆད་གཅོད་དང་། ལམ་ལུགས་འཛུགས་སྐྲུན། བསམ་བློའི་སློབ་གསོ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཐབས་མང་མཉམ་འཛིན་དང་ཕྱོགས་བསྡུས་ཐོག་སྲིད་ཇུས་ལག་བསྟར་བྱེད་དགོས།

རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པར་ངེས་པར་དུ་སྤྱོད་ཚུལ་ཇེ་ལེགས་དང་སྒྲིག་ཁྲིམས་ཇེ་ནན་དུ་གཏོང་བ་དང་། སྒྲིག་ཁྲིམས་དམ་སྐྱོང་། རུལ་སུངས་ལ་ཆད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། རུལ་སུངས་ཡོད་ཚེ་ངེས་པར་དུ་ཆད་གཅོད་དང་ལྐོག་ཟ་བྱས་ཚེ་ངེས་པར་དུ་ཆད་གཅོད་ནན་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ།“བཟོད་སྒོམ་གཏན་ནས་མི་བྱེད་པའི”རྣམ་འགྱུར་ཐོག་ནས་རུལ་སུངས་ལ་ཆད་གཅོད་བྱེད་པ་བཅས་བྱས་ཏེ་སྒྲིག་འགལ་ལྐོག་ཟ་རུལ་སུངས་བྱེད་ཕོད་མཁན་ལ་རིན་དོད་སྤྲོད་དགོས་པ་དང་འགོ་ཁྲིད་ལས་བྱེད་པར་དོགས་ཟོན་བྱེད་དུ་འཇུག་དགོས།

རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པར་ངེས་པར་དུ་ལམ་ལུགས་ཀྱི་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་། ར་བ་དམ་པོར་སྡོམ་པ། དབང་ཆ་ལམ་ལུགས་ཀྱི་གཟེབ་ནང་དུ་འཇུག་པ།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་།《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག》 《ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་ལས་དོན་སྲོལ་ཡིག》སོགས་ལམ་ལུགས་འཐུས་ཚང་དང་དོན་འཁྱོལ་བྱེད་པ། ལམ་ལུགས་འཛུགས་སྐྱོང་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཕྱོགས་བསྡུས་ངང་སྲིད་ཇུས་ལག་བསྟར་དང་རྩ་ལག་མཉམ་བཅོས་བཅས་བྱས་ནས་འགོ་ཁྲིད་ལས་བྱེད་པས་ལྐོག་ཟ་རུལ་སུངས་བྱེད་མི་ནུས་པར་གཏོང་དགོས།

རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པར་ངེས་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། ཏང་གཤིས་བློ་སྦྱོང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ། དམིགས་ཡུལ་གྱི་འདུ་ཤེས་ཆེ་རུ་གཏོང་བ། ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་བརྟན་པོ་འཛུགས་པ་བཅས་བྱས་ཏེ་མཐར་ལྐོག་ཟ་དང་རུལ་སུངས་བྱེད་མི་འདོད་པ་ཞིག་ཏུ་བསྒྱུར་དགོས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏང་ཡོངས་ཀྱིས་འབད་བརྩོན་བྱས་པ་བརྒྱུད་རུལ་སུངས་བྱེད་མི་ཕོད་པའི་དམིགས་ཚད་རགས་ཙམ་མངོན་འགྱུར་བྱུང་བ་དང་། རུལ་སུངས་བྱེད་མི་ཕོད་པའི་ལམ་ལུགས་ཉིན་བཞིན་འཐུས་ཚང་དུ་སོང་བ། རུལ་སུངས་བྱེད་མི་འདོད་པའི་ཆུ་རགས་སྐྲུན་བཞིན་ཡོད་པ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་བཅས་ཀྱི་ཐད་རྣམ་པ་གསར་བ་མངོན་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-12

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།