ཧེ་ལུང་ཅང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧེ་ལུང་ཅང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་།
ཧེ་ལུང་ཅང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་ཞིབ་དཔྱོད་ཁང་གི་རྩ་འཛུགས་བཅའ་ཁྲིམས》གཞིར་བཟུང་ཞིང་། དེ་ནི་རྒྱལ་ཁབ་བཅའ་ཁྲིམས་ལྟ་སྐུལ་ལས་ཁུངས་ཞིག་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བར་འགོ་ཁྲིད་བྱས་ཏེ། ཧེ་ལུང་ཅང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་འཁུར་བ་དང་བྱ་བ་སྙན་ཞུ་བྱས་ཤིང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་དང་ལེན་བྱེད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黑龙江省人民检察院
ཕྱི་ཡིག་གི་མིང་།
Heilongjiang Provincial People's Procuratorate
ལས་ཁུངས་ཀྱི་ངོ་བོ།
རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་ཁུངས།
ལས་ཐོག་འགོ་ཁྲིད།
ཀའོ་ཅི་མིང་།
1 ངོ་སྤྲོད།

ཧེ་ལུང་ཅང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་ཞིབ་དཔྱོད་ཁང་གི་རྩ་འཛུགས་བཅའ་ཁྲིམས》གཞིར་བཟུང་ཞིང་། དེ་ནི་རྒྱལ་ཁབ་བཅའ་ཁྲིམས་ལྟ་སྐུལ་ལས་ཁུངས་ཞིག་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བར་འགོ་ཁྲིད་བྱས་ཏེ། ཧེ་ལུང་ཅང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་འཁུར་བ་དང་བྱ་བ་སྙན་ཞུ་བྱས་ཤིང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་དང་ལེན་བྱེད་པ་ཡིན།

2 ནང་ཁུལ་གྱི་སྒྲིག་གཞི།

ཧེ་ལུང་ཅང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དུ་གཞུང་ལས་ཁང་དང་། ཞིབ་དཔྱོད་པུའུ་དང་པོ། ཞིབ་དཔྱོད་པུའུ་གཉིས་པ། ཞིབ་དཔྱོད་པུའུ་གསུམ་པ། ཞིབ་དཔྱོད་པུའུ་བཞི་བ། ཞིབ་དཔྱོད་པུའུ་ལྔ་བ། ཞིབ་དཔྱོད་པུའུ་དྲུག་པ། ཞིབ་དཔྱོད་པུའུ་བདུན་པ། ཞིབ་དཔྱོད་པུའུ་བརྒྱད་པ། ཞིབ་དཔྱོད་པུའུ་དགུ་བ། ཞིབ་དཔྱོད་པུའུ་བཅུ་བ། བཅའ་ཁྲིམས་སྲིད་ཇུས་ཞིབ་འཇུག་པུའུ། གྱོད་དོན་དོ་དམ་པུའུ། ཞིབ་དཔྱོད་ལས་དོན་ལྟ་ཞིབ་པུའུ། ཞིབ་དཔྱོད་ལག་རྩལ་དང་ཆ་འཕྲིན་ཅན་པུའུ། འཆར་གཞི་ནོར་དོན་སྒྲིག་ཆས་པུའུ། ཞིབ་དཔྱོད་ལས་དོན་འགན་སྲུང་པུའུ། ཁྲིམས་འཛིན་ཉེན་རྟོག་སྤྱི་ཁྱབ་རུ་ཁག(ཉེན་རྟོག་ལས་དོན་པུའུ) ལས་བྱེད་པུའུ། གཞི་རིམ་ལས་དོན་པུའུ། དྲིལ་བསྒྲགས་པུའུ།(གསར་འགྱུར་གཞུང་ལས་ཁང) སློབ་གསོ་སྦྱོང་བརྡར་པུའུ། ཆབ་སྲིད་པུའུ། ལས་ཁུངས་ཏང་ཨུ། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ལས་དོན་པུའུ་བཅས་ཡོད།

3 སྲིད་འཛིན་སྒྲིག་ཁོངས།

ཧེ་ལུང་ཅང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཁུངས་ཀྱི་སྲིད་ཁྲིམས་ཆེད་དམིགས་སྒྲིག་ཁོངས་སུ་མི་གྲངས380ཡོད་པ་དང་། ཞིབ་དཔྱོད་འགོ་འཛིན1དང་ཞིབ་དཔྱོད་འགོ་འཛིན་གཞོན་པ6 ཆབ་སྲིད་པུའུ་ཡི་ཀྲུའུ་རེན(ཐིན་ཀྲང་གཞོན་པ་རིམ་པ)1 ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན(ཐིན་ཀྲང་གཞོན་པ་རིམ་པ)2 ཁྲུའུ་རིམ་པའི་འགོ་ཁྲིད་ཀྱི་གོ་གནས་གྲངས་ཚད25(ཁྲིམས་འཛིན་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གི་སྤྱི་ཁྱབ་རུ་དཔོན1དང་། ཆབ་སྲིད་ཨུ་ཡོན1 ལས་ཁུངས་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ1ཚུད་པ)དང་ཁྲུའུ་རིམ་པ་གཞོན་པའི་འགོ་ཁྲིད་ཀྱི་གོ་གནས་གྲངས74བཅས་ཚུད་ཡོད། 

4 ལས་ཐོག་འགོ་ཁྲིད།

ཧེ་ལུང་ཅང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཞིབ་དཔྱོད་འགོ་འཛིན། ཀའོ་ཅི་མིང་།  

ཧེ་ལུང་ཅང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཞིབ་དཔྱོད་འགོ་འཛིན་གཞོན་པ། པུའུ་ཡན་ཧྲེང་། 

ཧེ་ལུང་ཅང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཁོངས་མི་དང་ཞིབ་དཔྱོད་འགོ་འཛིན་གཞོན་པ། ཀུའོ་ཞ། ཀྲང་ཁུན་མིང་།(མན་ཇུ་རིགས།)ཆའོ་ཧུང་ཞང་། ཧྥན་ཀྲུང་ཁྲེང་།  

ཧེ་ལུང་ཅང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཁོངས་མི་དང་། ཞིང་ཆེན་སྒྲིག་ཨུ་ལྟ་སྐུལ་ཨུ་ལྷན་གྱི་ཞིང་ཆེན་ཞིབ་དཔྱོད་ཁང་དུ་བཅའ་སྡོད་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚོ་ཆུང་གི་འགོ་འཛིན། ལི་ཡན་ཞུའེ།(མན་ཇུ་རིགས) 

ཧེ་ལུང་ཅང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཁོངས་མི་དང་། ཆབ་སྲིད་པུའུ་ཡི་ཀྲུའུ་རེན། ཝང་ཡུའུ་ཧྲེང་།

ཧེ་ལུང་ཅང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན།(ཐིང་ཀྲང་གཞོན་པ་རིམ་པ)ཧྲེན་ལི་ཀུའོ།  

ཧེ་ལུང་ཅང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་ཨུ་ལྷན་གྱི་ཆེད་བསྐོས་ཨུ་ཡོན།(ཐིང་ཀྲང་གཞོན་པ་རིམ་པ) ཨུ་རུ་སུ་དང་འབྲེལ་བ་ཡོད་པའི་ཁྲིམས་འཛིན་གཞོགས་འདེགས་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་དང་རིམ་པ་གསུམ་པའི་མཐོ་རིམ་ཞིབ་དཔྱོད་དཔོན། ལིའུ་ཁྲའོ།

ཧེ་ལུང་ཅང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་རིམ་པ་དང་པོའི་མཐོ་རིམ་ཞིབ་དཔྱོད་དཔོན། ཀྲང་ཀྲུང་ཧྭ།

ཧེ་ལུང་ཅང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་རིམ་པ་གཉིས་པའི་མཐོ་རིམ་ཞིབ་དཔྱོད་དཔོན། ལིའུ་ཧེང་ཡོན།

ཧེ་ལུང་ཅང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་སྐོར་ཞིབ་པ་རིམ་པ་གཉིས་པ། ལི་ཏའོ་ཧྲེང་དང་ལི་ཧྲུའུ་ཕིང་། 

5 ​གཟི་བརྗིད་མཚན་སྙན།

སྤྱི་ལོ2020ལོའི་ཟླ12གཉིས་པར་སྤྱི་ལོ2019ལོ་ནས་སྤྱི་ལོ2020ལོའི་བར་གྲོན་ཆུང་ཅན་གྱི་སྤྱི་བའི་སྒྲིག་གཞིའི་དཔེ་སྟོན་ཚན་པའི་མིང་ཐོའི་ནང་ཚུད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-22

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།