ལུང་ཡན་གྲོང་ཁྱེར་སྤྱི་བདེ་ཅུའུ།

1.གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་ལས་དོན་བཀོད་སྒྲིག་དང་མཛུབ་ཁྲིད་བྱས་ནས་རིམ་པ་ཁག་གི་སྤྱི་བདེ་ལས་ཁུངས་ཀྱི་བྱ་གཞག་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་དང་མཛུབ་ཁྲིད་བྱེད་དགོས།
2.སྤྱི་བདེའི་ལས་དོན་བསྒྱུར་བཅོས་ལ་ཞིབ་འཇུག་དང་སྐུལ་འདེད་བཏང་སྟེ་རང་རེའི་གྲོང་ཁྱེར་གྱི་དོན་དངོས་དང་མཐུན་པའི་འཚོལ་ཞིབ་བྱེད་དགོས།
སྤྱི་བདེ་དོ་དམ་སྒྲིག་སྲོལ་གྱིས་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་དཔུང་ཁག་གི་དོ་དམ་དང་སློབ་གསོ་སྦྱོང་བརྡར། ཉེན་དོན་ལྟ་ཞིབ་བཅས་ཀྱི་ལས་དོན་ལ་འགན་འཁུར་བ་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་དཔུང་ཁག་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱས་ནས་སྤྱི་བདེའི་དཔུང་ཁག་གསར་བརྗེ་ཅན་དང་ཚད་ལྡན་ཅན། དེང་རབས་ཅན་བཅས་ཀྱི་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས།
3.གྲོང་ཁྱེར་ཨུ་ལྷན་དང་གྲོང་ཁྱེར་སྲིད་གཞུང་། ཞིང་ཆེན་སྤྱི་བདེ་ཐིང་བཅས་ལ་སྤྱི་ཚོགས་བདེ་འཇགས་སོགས་ཐད་ཀྱི་ཆ་འཕྲིན་དང་དམིགས་ཡུལ་གལ་ཆེན་མཁོ་འདོན་བྱེད་དགོས།
4.གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་གི་སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་སྒྱུར་བྱེད་སྒོར་མཛུབ་ཁྲིད་དང་ཞིབ་བཤེར། ལྟ་སྐུལ་བཅས་བྱེད་དགོས།
5.རིམ་པ་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ལས་ཁུངས་དང་ཚོགས་པ། ཁེ་ལས་དང་བྱ་ལས་སྡེ་ཚན། གཙོ་གནད་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་སྲུང་སྐྱོབ་ལས་ཀར་མཛུབ་ཁྲིད་དང་རྩ་འཛུགས་བྱེད་དགོས་པ་དང་། ཁེ་ལས་དང་བྱ་ལས་སྡེ་ཚན་གྱི་སྲུང་སྐྱོབ་རྩ་འཛུགས་དང་དཔལ་འབྱོར། མི་དམངས་ཉེན་རྟོག་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པར་མཛུབ་ཁྲིད་བྱེད་དགོས།
6.གྲོང་ཁྱེར་ཡོངས་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ལ་དོ་དམ་དང་། འགྲིམ་འགྲུལ་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་དགོས།
7.རང་རེའི་གྲོང་ཁྱེར་དུ་ལྟ་ཞིབ་བྱེད་པར་ཡོང་བའི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ། ཕྱི་རྒྱལ་གྱི་སྐུ་མགྲོན་གལ་ཆེན། ཞིང་ཆེན་ཨུ་ལྷན། ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་པ་གཙོ་བོ་བཅས་ཀྱི་སྐུ་སྲུང་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱེད་དགོས།
8.གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་བཙོན་ཁང་གི་དོ་དམ་ལས་དོན་ལ་མཛུབ་ཁྲིད་བྱས་ཏེ་གྲོང་ཁྱེར་ལྟ་སྲུང་ཁང་དང་བདེ་འཇགས་བཀག་སྐྱིལ་ཁང་། བསྡུ་ཉར་སློབ་གསོ་ཁང་། བཙན་ཤེད་དུག་གཅོད་ཁང་བཅས་ཀྱི་ལྟ་སྐུལ་དང་ཞིབ་བཤེར་ལས་དོན་ལ་འགན་འཁུར་དགོས།
9.གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་གི་སྤྱི་བདེ་ལས་ཁུངས་ཀྱི་ལས་སྒོའི་ལས་དོན་ལ་མཛུབ་ཁྲིད་བྱས་ཏེ་རྫོང(གྲོང་ཁྱེར)སྤྱི་བདེ་ཅུའུ་ཡི་འགོ་ཁྲིད་ལས་བྱེད་པར་དོ་དམ་བྱེད་རོགས་བྱེད་དགོས།
10.གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་ཚན་རྩལ་དང་འཕྲིན་གཏོང་དྲ་བའི་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱེད་དགོས།
11.གྲོང་ཁྱེར་ཡོངས་ཀྱི་རྩིས་འཁོར་གྱི་ཆ་འཕྲིན་མ་ལག་གི་བདེ་འཇགས་སྲུང་སྐྱོང་དང་དོ་དམ། ལྟ་ཞིབ་བཅས་ཀྱི་ལས་ཀར་གཙོ་སྐྱོང་བྱེད་དགོས།
12.གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་སྒྲིག་ཆས་ལ་དོ་དམ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་གི་སྤྱི་བདེ་ལས་ཁུངས་ལ་ཆ་འཕྲིན་དང་ལག་རྩལ། རྒྱབ་ཕྱོགས་ཞབས་ཞུ་སོགས་ཀྱི་ལས་དོན་མཁོ་འདོན་བྱེད་དགོས།
(གཅིག)མངག་གཏོང་སྒྲིག་གཞི།
(གཉིས)ནང་ཁུལ་དུ་བཙུགས་པའི་སྒྲིག་གཞི།
(གསུམ)ཐད་གཏོགས་ལས་ཁུངས།
(བཞི)ལས་ཁུངས་གཞན་དག་བཅས་ཀྱི་སྒྲིག་གཞི་བཙུགས་ཡོད།
སྤྱི་ལོ2018ལོའི་ཟླ5བའི་ཚེས28ཉིན་ཀྲུང་གུང་ཧྥུའུ་ཅན་ཞིང་ཆེན་ཏང་ཨུ་ཤེས་དཔལ་གཞུང་དོན་ཁང་གིས“སྐབས་བཅུ་གསུམ་པའི་ཧྥུའུ་ཅན་ཞིང་ཆེན་ཤེས་དཔལ་ཚན་པའི”མིང་ཐོའི་ནང་བཅུག་པ་དང་འབྲེལ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ནས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས།
སྤྱི་ལོ2019ལོའི་ཟླ12པའི་ཚེས3ཉིན་ཀྲུང་གུང་ཧྥུའུ་ཅན་ཞིང་ཆེན་ཏང་ཨུ་ཡིས་ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དང་ཧྥུའུ་ཅན་ཞིང་ཆེན་ཁྲིམས་འཛིན་ཐིང་གིས“ཧྥུའུ་ཅན་ཞིང་ཆེན‘ལོ་འི་འཆར་འགོད་བདུན་པའི’ཁྲིམས་ལུགས་ཁྱབ་གདལ་གྱི་དུས་འབྲིང་གི་སྔོན་ཐོན་མཉམ་སྡེབ”ལ་བདམས།
སྤྱི་ལོ2020ལོའི་ཟླ11པར“ཧྥུའུ་ཅན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་ལ་འགོག་རྒོལ་བྱེད་པའི་སྔོན་ཐོན་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་ཐོབ།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2021-01-13
གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡