དམངས་ཚིས་གནད་དོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དམངས་ཚིས་གནད་དོན།
སྒྲ་དོག་འཇུག་ལྟར་ན་དམངས་ཚིས་ནི་མི་དམངས་མང་ཚོགས་ཀྱི་གཞི་རྩའི་འཚོ་གནས་དང་འཚོ་བའི་གནས་ཚུལ། དེ་མིན་མང་ཚོགས་ཀྱི་འཕེལ་རྒྱས་སུ་འགྲོ་བའི་གོ་སྐབས་དང་། འཕེལ་རྒྱས་ཀྱི་ནུས་པ། གཞི་རྩའི་ཁེ་དབང་སྲུང་སྐྱོབ་སོགས་ཀྱི་ནང་དོན་འདུ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
民生问题
རིགས་དབྱེ་དང་པོ།
ལོ་རྒྱུས་རང་བཞིན་གྱི་གྲུབ་རྐྱེན།
རིགས་དབྱེ་གཉིས་པ།
གྲུབ་ལུགས་རང་བཞིན་གྱི་གྲུབ་རྐྱེན།
རིགས་དབྱེ་གསུམ་པ།
འཕོ་འགྱུར་རང་བཞིན་གྱི་གྲུབ་རྐྱེན།
1 ངོ་སྤྲོད།

དམངས་ཚིས་གནད་དོན་གྱི་དབྱེ་མཚམས་ལ་དམངས་ཚིས་ཀྱི་ངོས་ཐད་ནས་བཤད་ན་ཡང་དག་པ་དང་། ལུགས་མཐུན། འོས་འཚམ་བཅས་ཡིན་པའི་དབྱེ་མཚམས་ཤིག་ཡོད་ཅིང་། ཧ་ཅང་གལ་ཆེ་བ་ཞིག་ཏུ་འདུག་སྟེ། དེས་བྱེ་བྲག་གི་དམངས་ཚིས་སྲིད་ཇུས་ཀྱི་གཏན་ཁེལ་དང་ལག་བསྟར་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱིན་ཡོད། གལ་སྲིད་དམངས་ཚིས་ཞེས་པར་ངོས་འཛིན་བྱས་པ་རབ་རིབ་ཅིག་ཡིན་ཚེ། འདི་ལ་བརྟེན་ནས་གཏན་ཁེལ་བྱས་པའི་སྲིད་ཇུས་ཀྱང་དེའི་རང་བཞིན་ཡིན་ངེས། དེ་ལས་ལྡོག་པར་དམངས་ཚིས་ལ་ངོས་འཛིན་ཚུལ་ཧ་ཅང་གུ་དོག་ཚེ་དེ་ལ་གཞི་བཅོལ་ཏེ་གཏན་ཁེལ་བྱས་པའི་སྲིད་ཇུས་ཀྱང་ཁ་མི་ཚང་བ་དང་གནད་དུ་མི་ཁེལ་བའི་གནད་དོན་འབྱུང་ངེས།

སྤྱི་ལོ2019ལོའི་ཟླ3པའི་ཚེས5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་སྲིད་གཞུང་བྱ་བའི་སྙན་ཞུ་འབུལ་བའི་སྐབས་སུ་སྤྱི་ལོ2018ལོར་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་དམངས་ཚིས་ལེགས་བཅོས་དང་འགན་སྲུང་། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་སྔར་ལས་མང་བ་དང་སྔར་ལས་འདྲ་མཉམ་གྱི་སྒོ་ནས་མི་དམངས་མང་ཚོགས་ལ་ཕན་པ་རྒྱུན་འཁྱོངས་བྱས་ཞེས་བསྟན།

2 ཐ་སྙད་ཀྱི་བྱུང་ཁུངས།

དམངས་ཚིས་ཞེས་པའི་ཐ་སྙད་འདི་དང་པོ《ཙུའོ་ཀྲོན་ལས་ཞོན་ཀུང་ཁྲི་ལོ་བཅུ་གཉིས》ཞེས་པ་ལས“དམངས་ཚིས་ནི་བརྩོན་པ་ལ་ཐུག  བརྩོན་འགྲུས་ལྡན་ན་ཕོངས་མི་སྲིད”ཅེས་འབྱུང་། ཀྲུང་གོའི་སྲོལ་རྒྱུན་སྤྱི་ཚོགས་ཀྱི་ཁྲོད་དུ་སྤྱིར་བཏང་དམངས་ཚིས་ཞེས་པ་ནི་འབངས་མི་སེར་གྱི་གཞི་རྩའི་འཚོ་ཐབས་ལ་བྱ། དུས་རབས20པའི་ལོ་རབས20ལ་སླེབས་རྗེས་སུན་ཀྲུང་ཧྲན་གྱིས་དམངས་ཚིས་ཞེས་པར་ནང་དོན་གསར་བ་བསྣན་ཏེ་རིང་ལུགས་ཀྱི་ཚད་ལ་ཐོན་པར་བྱས་ཤིང་། སྔོན་གྱི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ལོ་རྒྱུས་ཀྱི་ལྟ་བ་དག་ལས་ཀྱང་བརྒལ་བར་གྱུར། སུན་ཀྲུང་ཧྲན་གྱིས་འགྲེལ་བཤད་བྱས་པ་འདི་ལྟ་སྟེ། “དམངས་ཚིས་ནི་མི་དམངས་ཀྱི་འཚོ་བ་སྟེ་སྤྱི་ཚོགས་ཀྱི་གནས་པ་དང་། རྒྱལ་དམངས་ཀྱི་འཚོ་ཚིས། མང་ཚོགས་ཀྱི་ཚེ་སྲོག་བཅས་ཡིན”ཞེས་པ་འདི་ནི《སུན་ཀྲུང་ཧྲན་གྱི་གསུང་རྩོམ་བདམས་བཀོད》ཅེས་པ་སྤྱི་ལོ1981ལོར་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་དེབ་ལས་ཤོག་གྲངས802ན་གསལ།  དེ་མིན་གཞན་དེབ་དེའི་ཤོག་ངོས825ན“དམངས་ཚིས་ནི་ཆབ་སྲིད་ཀྱི་ལྟེ་བ་དང་། དཔལ་བྱོར་དང་ལོ་རྒྱུས་ཀྱི་ལྟེ་བ་ཡིན”ཞེས་དང་། ཤོག་ངོས835ན“དམངས་ཚིས་ནི་སྤྱི་ཚོགས་ཀྱི་བྱ་ལས་ཐམས་ཅད་ཀྱི་རྩ་བའི་སྒུལ་ཤུགས་ཡིན”ཞེས་འབྱུང་།

3 གོ་དོན།

དེང་རབས་རིག་གནས་ཀྱི་ངོས་ནས་བཤད་ན་དམངས་ཚིས་ལ་སྒྲ་དོག་འཇུག་དང་ཡངས་འཇུག་གི་གོ་བ་ལེན་ཕྱོགས་གཉིས་ཡོད་དེ།

སྒྲ་ཡངས་འཇུག་གི་གོ་དོན།

དམངས་ཚིས་དང་འབྲེལ་བ་ཡོད་པ་ཞིག་ཡིན་ན་ཐད་ཀར་དང་བརྒྱུད་དེ་འབྲེལ་བ་ཡོད་པ་གང་ཞིག་ཡིན་རུང་ཡོད་དོ་ཅོག་དམངས་ཀྱི་འཚོ་ཚིས་ཀྱི་ཁོངས་སུ་གཏོགས། དེར་དམངས་ཚིས་གནད་དོན་གྱི་གལ་ཆེན་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་གཙོར་འདོན་པའི་དགེ་མཚན་ལྡན། འོན་ཀྱང་དེར་ཁྱབ་ཁོངས་ཆེ་དྲགས་པས་སྐྱོན་ཆ་ཡོད། ཐད་ཀ་དང་བརྒྱུད་པའི་འབྲེལ་བའི་ཟུར་ཚད་ནས་སྒྲ་ཡངས་འཇུག་གི་དམངས་ཚིས་ནི་དཔལ་འབྱོར་དང་། སྤྱི་ཚོགས། ཆབ་སྲིད། རིག་གནས་སོགས་ཀྱི་ཁྱབ་ཁོངས་དང་མ་འབྲེལ་བ་ཞིག་མེད་ལ། ཐ་ན་ལོ་རྒྱུས་ལྟ་བའི་ཐད་ཀྱི་གནད་དོན་ཡང་དམངས་ཚིས་ཀྱི་ཁོངས་སུ་འདུ།

སྒྲ་དོག་འཇུག་གི་གོ་དོན།

དེ་ནི་གཙོ་བོ་སྤྱི་ཚོགས་ཀྱི་ངོས་ནས་གོ་བ་ལེན་དགོས་པ་ཞིག་ཡིན། ཟུར་ཚད་འདི་ནས་བལྟས་ན་དམངས་ཚིས་ནི་མི་དམངས་མང་ཚོགས་ཀྱི་གཞི་རྩའི་འཚོ་གནས་དང་འཚོ་བའི་གནས་ཚུལ། དེ་མིན་མང་ཚོགས་ཀྱི་འཕེལ་རྒྱས་སུ་འགྲོ་བའི་གོ་སྐབས་དང་། འཕེལ་རྒྱས་ཀྱི་ནུས་པ། གཞི་རྩའི་ཁེ་དབང་སྲུང་སྐྱོབ་སོགས་ཀྱི་ནང་དོན་འདུ།

ལྟོས་བཅོས་ཀྱིས་སྒྲ་དོག་འཇུག་གི་དམངས་ཚིས་ལ་གོ་བ་ལེན་སྟངས་ཡང་དག་ཏུ་འདུག་ཅིང་། བྱེ་བྲག་གི་དམངས་ཚིས་སྲིད་ཇུས་དང་ཡང་འཚམ་པོ་ཡོང་ཐུབ།

4 བྱེ་བྲག་གི་ནང་དོན།

སྟབས་བདེར་བཤད་ན་དམངས་ཚིས་ནི་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་གནད་དོན་དག་ཡིན་ཞིང་། གཙོ་བོ་ཟས་གོས་གནས་མལ་དང་། རྒན་གསོ། བུ་ཕྲུག་གི་སློབ་གསོ་སོགས་ཡིན། དམངས་ཚིས་གནད་དོན་ནི་མི་དམངས་ཀྱིས་ཆེས་དོ་ཁུར་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་ཞིང་། འཚོ་བ་དང་ཐད་ཀར་འབྲེལ་བའི་གནད་དོན་དེ་ཡིན། དམངས་ཚིས་ལ་དོ་ཁུར་དང་། དམངས་ཚིས་ལ་གཙིགས་ཆེན། དམངས་ཚིས་ལ་འགན་སྲུང་། དམངས་ཚིས་ལེགས་བཅོས་བཅས་ནི་ཏང་གི་ངོ་བོ་དང་། དགོངས་དོན། དམིགས་འབེན་བཅས་དང་རྒྱུད་གཅིག་ཏུ་གནས། སློབ་གསོ་ནི་དམངས་ཚིས་ཀྱི་རྨང་གཞི་དང་། ལས་ཞུགས་ནི་དམངས་ཚིས་ཀྱི་རྩ་བ། ཡོང་འབབ་དབྱེ་བགོ་ནི་དམངས་ཚིས་ཀྱི་འབྱུང་རྩ། སྤྱི་ཚོགས་འགན་སྲུང་ནི་དམངས་ཚིས་ཀྱི་བདེ་འཇགས་དྲ་བ་ལྟ་བུ་ཡིན་ཞིང་། གནད་དོན་འདི་བཞི་བོ་དམངས་ཚིས་དང་འབྲེལ་བའི་གཞི་རྩའི་གནད་དོན་ཡིན།

དམངས་ཚིས་ཀྱི་གནད་དོན་ནི་རིམ་པ་དམའ་ས་ནས་མཐོ་སར་རིམ་པ་བཞིན་བྱེ་བྲག་གི་ནང་དོན་གསུམ་ཡོད་དེ།

དང་པོ། གཙོ་བོ་མི་དམངས་ཀྱི་གཞི་རྩའི་འཚོ་ཚིས་ཀྱི་མ་མཐའི་ཚད་ཐིག་ལ་ཟེར་ཞིང་། མི་དམངས་ཀྱི་འཚོ་བའི་གནས་ཚུལ་ཏེ་སྤྱི་ཚོགས་ཀྱིས་མི་དམངས་ཀྱི་མ་མཐའི་འཚོ་བར་འགན་ལེན་པ་ཞིག་ཡིན།

གཉིས་པ། མི་དམངས་མང་ཚོགས་ལ་དབང་བའི་གཞི་རྩའི་འཕེལ་རྒྱས་ཀྱི་གོ་སྐབས་དང་འཕེལ་རྒྱས་ཀྱི་ནུས་པར་གོ  མི་རྣམས་ལ་རྒྱ་ཡོད་པའི་སྒོ་ནས་འཚོ་བ་རོལ་དགོས་པ་མ་ཟད། མུ་ནས་འཚོ་ཐུབ་པའི་ནུས་པ་ཡང་དགོས། དེ་ལ་མི་དམངས་ཀྱི་རྩ་བའི་ལྟོ་གོས་ཀྱི་གནད་དོན་ཐག་བཅད་པའི་རྗེས་སུ་མི་དམངས་ལ་འཕེལ་རྒྱས་ཀྱི་གོ་སྐབས་དང་སྟེགས་བུ་བསྐྲུན་པ་སྟེ། བྱེ་བྲག་ཏུ་ལས་ཞུགས་ལ་སྐུལ་འདེད་དང་། ལས་རིགས་གསོ་སྦྱོང་། ཕྱོགས་ལྷུང་གི་གནད་དོན་སེལ་ཏེ། འདྲ་མཉམ་དྲང་བཞག་གི་གོ་སྐབས་འདོན་སྤྲོད་བྱེད་པ་ཡིན།

གསུམ་པ། མི་དམངས་ཀྱི་གཞི་རྩའི་འཚོ་ཚིས་ཚད་ཐིག་གི་ཡན་གྱི་སྤྱི་ཚོགས་ཀྱི་ཁེ་ཕན་ཡིན། གཙོ་བོ་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཀྱི་གནད་དོན་གཙོར་འཛིན་པ་སྟེ། སྤྱི་ཚོགས་ཁྲོད་མི་དམངས་མང་ཚོགས་ཀྱི་གཞི་རྩའི་འཚོ་གནས་དང་། གཞི་རྩའི་འཕེལ་རྒྱས་ཀྱི་གོ་སྐབས། འཕེལ་རྒྱས་ཀྱི་ནུས་པ་བཅས་ལ་རྒྱུས་ལོན་བྱས་རྗེས། སྤྱི་ཚོགས་དཔལ་འབྱོར་གྱི་ཆུ་ཚད་དང་སྤྱི་བའི་རྒྱུ་ནོར་ཇེ་མང་སོང་བ་དང་། དེང་རབས་ཀྱི་ལམ་ལུགས་འཐུས་ཚང་དུ་སོང་བ་དང་བསྟུན། སྤྱི་ཚོགས་ཀྱི་ཁོངས་མི་ཐམས་ཅད་ལ་སྤྱི་ཚོགས་ཀྱི་ཁེ་ཕན་བསྐྲུན་ཏེ་འཚོ་བའི་སྤུས་ཀ་མཐོར་འདེགས་སུ་གཏོང་བའི་ཕྱོགས་ལ་བསམ་བློ་གཏོང་དགོས།

5 དམངས་ཚིས་འཛུགས་སྐྲུན།

དམངས་ཚིས་ལེགས་བཅོས་དང་གསར་གཏོད་དོ་དམ་གྱི་ཁྲོད་ནས་སྤྱི་ཚོགས་འཛུགས་སྐྲུན་ལ་ཤུགས་སྣོན་པ།

གཅིག ཧུར་བརྩོན་གྱིས་མི་དམངས་ཀྱི་བློ་ཡིད་ཚིམས་པའི་སློབ་གསོ་སྒྲུབ་པ།

གཉིས། སྤུས་ཚད་སྔར་ལས་མཐོ་བའི་ལས་ཞུགས་ལ་སྐུལ་སྤེལ་བྱ་བ།

གསུམ། ཐབ་བརྒྱ་ཇུས་སྟོང་གིས་དམངས་ཀྱི་ཡོང་འབབ་ཇེ་མཐོར་གཏོང་བ།

བཞི། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགན་སྲུང་མ་ལག་གཅིག་གྱུར་གྱིས་འཛུགས་སྐྲུན་བྱ་བ།

ལྔ། མི་དམངས་ཀྱི་བདེ་ཐང་གི་ཆུ་ཚད་མཐོ་རུ་འདེགས་པ།

དྲུག སྤྱི་ཚོགས་ཀྱི་དོ་དམ་ཤུགས་སྣོན་པ་དང་དེའི་ཕྱོགས་ནས་གསར་གཏོད་བྱ་བ།

6 དོན་སྙིང་།

མི་གཞི་རྩར་འཛིན་པ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་ལེན་དོན་འཁྱོལ་བྱས་ཏེ། སྤྱི་དམངས་ཀྱི་རྩ་བའི་ཁེ་དབང་ལ་མིང་དོན་གཉིས་ལྡན་གྱིས་འགན་སྲུང་དང་། ཉམས་ཆུང་ཚོགས་སྤྱི་གཙོ་གནད་དུ་བཟུང་ནས་རོགས་རམ་བྱ་བ། ཕན་འབྲས་ལྡན་པའི་སྲིད་ཇུས་རབ་དང་རིམ་པ་སྤྱད། དཀའ་ཁག་ཡོད་པའི་མི་དམངས་མང་ཚོགས་ལ་རོགས་བྱས་ཏེ“རྒས་ན་གཉོར་མཁན་ཡོད་པ་དང་། ཟས་གོས་རང་འགྲུབ”ཡིན་པར་ཁག་ཐེག་བྱེད་པ་ནི་འཆམ་མཐུན་སྤྱི་ཚོགས་མངོན་འགྱུར་བྱུང་བའི་རྨང་གཞི་ཡིན། ནད་ཡོད་ན་གསོ་བཅོས་བྱེད་མཁན་ཡོད་པར་ཁག་ཐེག་བྱེད་པ་ནི་སྤྱི་ཚོགས་འགན་སྲུང་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཁྱིམ་ཚང་དབུལ་ཕོངས་ཡིན་པའི་ཁྱིམ་ཚང་གི་བྱིས་པའི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་ཞུགས་གནད་དོན་ཐག་བཅད་དེ། འོས་འགན་སློབ་གསོ་དོ་མཉམ་གྱིས་འཕེལ་བར་སྐུལ་འདེད་བྱས་པ། གྲོང་ཁྱེར་དང་ཞིང་གྲོང་གི་བྱིས་པའི་སློབ་གསོའི་ཕྱོགས་ཀྱི“སློབ་པ་ལ་ཁྲིད་མཁན་ཡོད་པ”ར་ཁག་ཐེག་བྱེད་པ་དང་། སློབ་གསོ་ནི་དམངས་ཚིས་ཀྱི་རྨང་གཞི་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་པ་དང་། ཧུར་བརྩོན་ལྷོད་མེད་ཀྱིས་དམངས་ཡོངས་ལ་སློབ་པ་ལ་ཁྲིད་མཁན་ཡོད་པ་དང་། ངལ་བ་ལ་ཐོབ་འབྲས་ཡོད་པ། ནད་པ་ལ་གསོ་བཅས་མཁན་ཡོད་པ། རྒན་པ་ལ་གཉོར་སྐྱོང་ཡོད་པ། འདུག་པ་ལ་སྡོད་གནས་ཡོད་པ་བཅད་ཀྱིས་འཆམ་མཐུན་སྤྱི་ཚོགས་ལ་སྐུལ་སྤེལ་བྱ་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ཁྲོད་དམངས་ཚིས་བདེ་སྐྱིད་མང་དུ་འཕར་བར་བྱེད་པ་ནི་འཕེལ་རྒྱས་ཀྱི་རྩ་བའི་དམིགས་འབེན་དང་། ངེས་པར་དུ་དམངས་ཚིས་ཕྱོགས་ཀྱི་ཁེ་ཕན་མང་དུ་སྒྲུབ་པ་དང་། དམངས་ཚིས་ཕྱོགས་ཀྱི་སེམས་ཁྲལ་མང་དུ་སེལ་བ། འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་དམངས་ཚིས་ཀྱི་ཞན་ཆའི་ཁ་གསབ་པ་བཅས་ཀྱིས་སྤྱི་ཚོགས་དྲང་བདེན་དང་བདེན་ལུགས་ཅན་དུ་འཕེལ་བར་སྐུལ་འདེད་བྱ་དགོས་པ་བསྟན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-11

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།