ཧྥུའུ་དབྱང་གྲོང་ཁྱེར་སྤྱི་བདེ་ཅུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྥུའུ་དབྱང་གྲོང་ཁྱེར་སྤྱི་བདེ་ཅུའུ།
​ཧྥུའུ་དབྱང་གྲོང་ཁྱེར་སྤྱི་བདེ་ཅུའུ་ནི་ཧྥུའུ་དབྱང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲུབ་ཆའི་སྡེ་ཁག་ཡིན་པ་དང་། གཞུང་སྒྲུབ་གནས་ཡུལ་ནི་ཧྥུའུ་དབྱང་གྲོང་ཁྱེར་སན་ཆིང་ལམ་གྱི་ཨང567པ་ཡིན། ད་ལྟ་ཧྥུའུ་དབྱང་གྲོང་ཨུའི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཧྥུའུ་དབྱང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅི་དང་ཅུའུ་ཀྲང་། ཀྲང་ཅཱ་ཀྲུང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阜阳市公安局
ཕྱི་ཡིག་གི་མིང་།
Fuyang Public Security Bureau
གནས་ཡུལ།
ཧྥུའུ་དབྱང་གྲོང་ཁྱེར་སན་ཆིན་ལམ་ཨང567པ།
ལས་ཐོག་འགོ་ཁྲིད།
ཀྲང་ཅཱ་ཀྲུང་།
1 འགན་ནུས་གཙོ་བོ།

(གཅིག)རྒྱལ་ཁབ་ཀྱི་སྤྱི་བདེ་ལས་དོན་གྱི་བཅའ་ཁྲིམས་དང་། སྲིད་ཇུས། སྤྱི་བདེ་པུའུ། ཞིང་ཆེན་སྤྱི་བདེ་ཐིང་བཅས་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་དོན་གྱི་དམིགས་ཚད་དང་། ལས་འགན། བྱ་ཐབས་བཅས་གཏན་འབེབས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་ལས་དོན་ལ་འགོ་ཁྲིད་དང་བཀོད་འདོམས་བྱེད་དགོས།

(གཉིས) སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་གནོད་པ་དང་། རྒྱལ་ནང་གི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གནས་ཚུལ་ཚོད་འཛིན་བྱེད་ཐུབ་པ་མ་ཟད། གནས་བབ་ལ་དབྱེ་ཞིབ་དང་ཁ་གཏད་འཇལ་ཐབས་གཏན་འབེབས་བྱ་དགོས།

(གསུམ) གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་མྱུལ་ཞིབ་ལས་དོན་ལ་སྒྲིག་འཛུགས་དང་མཛུབ་ཁྲིད་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་གྱོད་གཞི་ལྕི་རིགས་དང་ཆེས་ཆེ་རིགས་ཀྱི་མྱུལ་ཞིབ་ལས་དོན་གྱི་འགན་འཁུར་རྒྱུའི་སྒྲིག་འཛུགས་དང་། བཀོད་འདོམས། མཐུན་སྦྱོར་བཅས་བྱེད་པའམ་ཡང་ན་ཐད་ཀར་འགན་འཁུར་རྒྱུ།

(བཞི)གྲོང་ཁྱེར་ཡོངས་ཀྱི་བདེ་འཇགས་དོ་དམ་ལས་དོན་ལ་སྒྲིག་འཛུགས་དང་མཛུབ་ཁྲིད་བྱས་ཏེ་འགནའཁུར་དགོས། བདེ་སྲུང་དོན་རྐྱེན་དང་ཚོགས་སྤྱིའི་རང་བཞིན་གྱི་དོན་རྐྱེན་ཚབས་ཆེན་སྒྲིག་འཛུགས་དང་། མཛུབ་ཁྲིད། མཐུན་སྦྱོར་བཅས་ཀྱི་སྒོ་ནས་ཐག་གཅོད་བྱ་རྒྱུ། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཚོགས་བདེ་འཇགས་ཀྱི་སྒྲིག་ལམ་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་རྒྱུ་སྒྲིག་འཛུགས་དང་། མཛུབ་ཁྲིད། ལྟ་སྐུལ་བཅས་བྱས་ནས་ཁྲིམས་ལུགས་ལྟར་བདེ་འཇགས་སྲིད་འཛིན་དོ་དམ་ལས་དོན་སྤེལ་དགོས།

(ལྔ) གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཀྲུང་གོའི་སྤྱི་དམངས་རྒྱལ་མཚམས་ནས་འགྲོ་འོང་དང་། ཕྱི་རྒྱལ་བ་རང་རྒྱལ་གྱི་མངའ་ཁོངས་སུ་སྡོད་པ་དང་ཡུལ་སྐོར་སོགས་ཀྱི་འབྲེལ་ཡོད་ལས་དོན་ཁྲིམས་ལྟར་དོ་དམ་བྱེད་པར་སྒྲིག་འཛུགས་དང་ཁྲིད་སྟོན་བྱ་རྒྱུ།

(དྲུག) གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་གྱི་ལས་ཀའི་འགན་འཁུར་དགོས་པ་མ་ཟད་དེ་མཚུངས་ཀྱི་འགན་འཁྲི་འཁུར་དགོས། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དང་།འགྲིམ་འགྲུལ་སྒྲིག་ལམ། འཕྲུལ་སྒུལ་འཁོར་རིགས་དང་ཁ་ལོ་བའི་དོ་དམ་ལས་དོན་བཅས་ལ་སྒྲིག་འཛུགས་དང་། མཛུབ་ཁྲིད། ལྟ་སྐུལ་བཅས་བྱེད་དགོས།

(བདུན)གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། གཙོ་གནད་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་སྲུང་སྐྱོབ་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུ།

(བརྒྱད)གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཁྲིམས་ཆད་ལག་བསྟར་ལས་དོན་སྒྲིག་འཛུགས་དང་།མཛུབ་ཁྲིད།ལྟ་སྐུལ་བཅས་བྱེད་རྒྱུ་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལྟ་སྐུལ་དོ་དམ་བྱ་ཡུལ་གྱི་དོ་དམ་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་རྒྱུ།

(དགུ) གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་དཔུང་ཁག་འཛུགས་སྐྱོང་གི་སྲིད་ཇུས་བྱ་ཐབས་བཟོས་ནས་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་དཔུང་ཁག་ཚད་ལྡན་ཅན་དུ་འཛུགས་སྐྱོང་དང་། བསམ་བློའི་སྤྱོད་ཚུལ་འཛུགས་སྐྱོང་། ལས་ཀའི་སྤྱོད་ཚུལ་འཛུགས་སྐྱོང་བཅས་ལ་སྒྲིག་འཛུགས་དང་། འཆར་འགོད། མཛུབ་ཁྲིད་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་མི་དོན་དོ་དམ་དང་། སློབ་གསོ་སྦྱོང་བརྡར། དྲིལ་བསྒྲགས་སོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས།

(བཅུ) སྤྱི་བདེའི་ཚན་རིག་ལག་རྩལ་གྱི་ལས་ཀ་སྒྲིག་འཛུགས་ལག་བསྟར་བྱ་རྒྱུ་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་བཀོད་འདོམས་མ་ལག་དང་། ཉེས་དོན། ཆ་འཕྲིན་འཕྲིན་གཏོང་སོགས་ཀྱི་ལག་རྩལ་འཛུགས་སྐྲུན་འཆར་འགོད་བྱ་རྒྱུ།

(བཅུ་གཅིག) གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་སྒྲིག་ཆས་དང་། གྱོན་ཆས། འགྲོ་གྲོན་སོགས་ཉེན་རྟོག་འགན་ལེན་བྱེད་ཐབས་བཟོས་ནས་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་འགན་ལེན་ལམ་ལུགས་དོན་འཁྱོལ་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་དགོས།

(བཅུ་གཉིས)གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་དུག་འགོག་ལས་དོན་སྤེལ་རྒྱུ་སྒྲིག་འཛུགས་དང་། མཛུབ་ཁྲིད། མཐུན་སྦྱོར་བཅས་བྱས་ནས་གྲོང་ཁྱེར་དུག་འགོག་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ལས་དོན་སྤེལ་རྒྱུའི་འགན་འཁུར་རྒྱུ།

(བཅུ་གསུམ)གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་འཛིན་ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་སྒྲིག་འཛུགས་དང་། འགོ་ཁྲིད། ལྟ་སྐུལ་བཅས་བྱ་རྒྱུ།

(བཅུ་བཞི)སྤྱི་བདེའི་དཔུང་ཁག་གི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་འཛིན་བྱེད་སྒོ་དང་། ཉེན་རྟོག་བྱེད་སྒོ། ལྟ་ཞིབ་ལས་དོན་བཅས་ལ་མཛུབ་ཁྲིད་དང་། ཞིབ་བཤེར། ལྟ་སྐུལ་བཅས་བྱས་ནས་གཏན་འབེབས་ཀྱི་དབང་ཚད་ལྟར་ལས་བྱེད་པར་ལྟ་སྐུལ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་དཔུང་ཁག་གི་སྒྲིག་འགལ་གྱོད་གཞི་ཚབས་ཆེན་ཞིབ་བཤེར་ཐག་གཅོད་དང་ལྟ་སྐུལ་བྱེད་དགོས།

(བཅོ་ལྔ)གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ཁོངས་གཏོགས་ཀྱི་མི་དམངས་ཀྱི་ཡིག་བསྐུར་ངོ་བཅར་གྱི་ལས་ཀའི་འགན་འཁུར་རྒྱུ།

(བཅུ་དྲུག)ཧྥུའུ་དབྱང་དམངས་སྤྱོད་མཁའ་འགྲུལ་གནམ་གྲུ་ཐང་གི་སྤྱི་བདེ་སྲུང་སྐྱོབ་ལས་ཀའི་འགན་འཁུར་རྒྱུ།

(བཅུ་བདུན)གོང་རིམ་སྤྱི་བདེ་ལས་ཁུངས་དང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་། གྲོང་ཁྱེར་སྲིད་གཞུང་བཅས་ཀྱིས་སྤྲད་པའི་ལས་ཀ་གཞན་དག་འགན་འཁུར་རྒྱུ།  

2 ནང་ཁུལ་སྒྲིག་གཞི།

(གཅིག) གཞུང་ལས་ཁང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་ལས་ཀའི་གནས་ཚུལ་ཚོད་འཛིན་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་ལས་དོན་གནས་ཚུལ་ལ་བརྟག་ཞིབ་དང་རིགས་པའི་གཞུང་ལུགས་ཞིབ་འཇུག་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུ། ཡིག་ཚགས།སྣེ་ལེན། གསང་སྲུང་བཅས་སྤྱི་བདེ་བསྡོམས་རྩིས་ལས་ཀ་བཅས་ཀྱི་འགན་འཁུར་རྒྱུ། ཅུའུ་ལས་ཁུངས་ཀྱི་མཁོ་སྒྲུབ་སྲིད་འཛིན་ལས་དོན་གྱི་འགན་འཁུར་པ་དང་། དོན་དག་གལ་ཆེན་སྒྲིག་འཛུགས་མཐུན་སྦྱོར་དང་ལྟ་སྐུལ་སྒྲུབ་འགན་འཁུར་དགོས།

(གཉིས)ཉེན་རྟོག་ལས་དོན་འགན་སྲུང་ཁྲུའུ། སྲིད་འཛིན་བྱེད་སྒོའི་གྲོན་དངུལ་དོ་དམ་དང་བེད་སྤྱོད་འགན་འཁུར་རྒྱུ། ལོ་འཁོར་གྱི་གྲོན་དངུལ་སྔོན་རྩིས་བཟོ་རྒྱུ་དང་། དངུལ་སྤྱོད་འཆར་གཞི་བཀོད་སྒྲིག་བྱེད་པ། ལས་ཁུངས་ཀྱི་གཏན་འཇགས་རྒྱུ་ནོར་དོ་དམ་དང་། གཞུང་ལས་སྒྲུབ་པ་དང་འཚོ་བ་འགན་སྲུང་གི་ཞབས་ཞུའི་ལས་ཀ་བྱེད་འགན་འཁུར་པ། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་ཡོ་བྱད་དང་། མཚོན་ཆ། ཉེན་ཟོན་གོ་མཚོན། སྒྲིག་སྦྱོར་བྱས་པའི་འཆར་གཞི་དང་།སྙན་ཞུ། དཔྱད་སྤྲོད། དོ་དམ་སོགས་ཀྱི་ལས་ཀ་བྱེད་འགན་འཁུར་རྒྱུ།

(གསུམ)རྩིས་བཤེར་ཁོའོ། ནང་ཁུལ་གྱི་རྩིས་བཤེར་ལས་དོན་སྒྲུབ་འགན་འཁུར་རྒྱུ་དང་། གོང་རིམ་ལས་ཁུངས་དང་འགོ་ཁྲིད་ཀྱིས་ཆོག་མཆན་བཀོད་པའི་རྩིས་བཤེར་ལས་དོན་སྒྲུབ་འགན་འཁུར་པ། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རྩིས་བཤེར་ལས་དོན་སྤེལ་བར་མཛུབ་ཁྲིད་བྱེད་དགོས།

(བཞི)ལས་བྲལ་དང་ལས་འཁྱུར་ངལ་གསོའི་ཁོའོ། གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་ལས་བྲལ་ལས་འཁྱུར་ངལ་གསོ་མི་སྣའི་ཞབས་ཞུ་དོ་དམ་ལས་ཀའི་འགན་འཁུར་རྒྱུ།

(ལྔ)ཡིག་སྐུར་ངོ་གཏུག་ཁོའོ། མི་དམངས་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་སྣེ་ལེན་དང་ཐག་གཅོད་བྱེད་འགན་འཁུར་པ་དང་ ། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཡིག་སྐུར་ངོ་གཏུག་གི་བྱ་བར་མཛུབ་སྟོན་བྱེད་དགོས།

(དྲུག)ཞོར་འདེགས་ཉེན་རྟོག་དོ་དམ་ཁོའོ། གཞོགས་འདེགས་ཉེན་རྟོག་པའི་དོ་དམ་ཐད་ཀྱི་ལམ་ལུགས་གཏན་འབེབས་དང་དོན་འཁྱོལ་བྱེད་པར་ལྟ་སྐུལ་དང་། གཞོགས་འདེགས་ཉེན་རྟོག་པ་བསྡུ་ལེན་དང་། མངག་གཏོང་། གསོ་སྐྱོང་སྦྱོང་བརྡར། དཔྱད་ཞིབ་བཅས་ཀྱི་ལས་ཀ་སྒྲིག་འཛུགས་དང་མཐུན་སྦྱོར་བྱ་རྒྱུ། གཞོགས་འདེགས་ཉེན་རྟོག་པའི་ཆ་འཕྲིན་དང་གླ་ཕོགས་དོ་དམ་གྱི་ལས་ཀ་བྱེད་འགན་འཁུར་པ། གཞོགས་འདེགས་ཉེན་རྟོག་པའི་བྱ་དགའ་ཆད་གཅོད་ཀྱི་དོན་ཚན་ལ་ཞིབ་བཤེར་ཞིབ་བསྡུར་བྱ་རྒྱུ། 

(བདུན)ཆབ་སྲིད་པུའ། མི་དོན་ཁོའོ། དྲིལ་བསྒྲགས་ཁོའོ(གསར་འགྱུར་ལྟེ་གནས)ཆབ་སྲིད་པུའུ་ནི་གྲོང་ཁྱེར་སྤྱི་བདེ་ཅུའུ་ཏང་ཨུ་ཡིས་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ཆབ་སྲིད་ལས་དོན་ལ་གཙོ་གཉེར་བྱེད་པའི་དོན་གཅོད་ལས་ཁུངས་ཡིན་ལ། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་དཔུང་ཁག་འཛུགས་སྐྱོང་གི་མཛུབ་ཁྲིད་བྱེད་པའི་སྲིད་འཛིན་འགན་ནུས་སྡེ་ཚན་ཡང་ཡིན།

མི་དོན་ཁོའོ་ཡིས་ཁོའོ་རིམ་པ་དང་ཁོའོ་རིམ་པ་མན་གྱི་ལས་བྱེད་པའི་དོ་དམ་ལས་དོན་གྱི་འགན་འཁུར་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་མི་དོན་དོ་དམ་ལས་དོན་ལ་མཛུབ་ཁྲིད་བྱེད་པ། རྫོང་དང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་འགོ་ཁྲིད་ཚན་པར་དོ་དམ་བྱེད་རོགས་བྱ་རྒྱུ། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་པའི་གོ་རྟགས་དོ་དམ་དང་མི་དམངས་ཉེན་རྟོག་པ་བསྡུ་སྤྱོད་དང་། གཟེངས་བསྟོད་བྱ་དགའ། གཟིགས་སྐྱོང་བཅས་ཀྱི་འབྲེལ་ཡོད་ལས་དོན་སྒྲུབ་འགན་འཁུར་རྒྱུ། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་དཔུང་ཁག་ཚད་ལྡན་ཅན་དུ་འཛུགས་སྐྱོང་བྱེད་པར་སྒྲིག་འཛུགས་དང་།མཛུབ་ཁྲིད།ལྟ་སྐུལ་བཅས་བྱེད་དགོས།

དྲིལ་བསྒྲགས་ཁོའོ(གསར་འགྱུར་ལྟེ་གནས)ཡིས་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་གསར་འགྱུར་དྲིལ་བསྒྲགས་ལས་དོན་ལ་སྒྲིག་འཛུགས་དང་མཛུབ་ཁྲིད་བྱེད་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་དཔུང་ཁག་གི་བསམ་བློ་ཆབ་སྲིད་སློབ་གསོ་དང་།ཉེན་རྟོག་པའི་སྤྱི་པའི་འབྲེལ་བ་འཛུགས་སྐྱོང་། སྤྱི་བདེའི་རིག་གནས་འཛུགས་སྐྱོང་ལས་དོན་བཅས་ལ་སྒྲིག་འཛུགས་དང་མཛུབ་ཁྲིད་བྱ་རྒྱུ། 

(བརྒྱད)བཀོད་འདོམས་ལྟེ་གནས། ལས་རོགས་ཅུའུ་ཡི་འགོ་ཁྲིད་ཀྱིས་གཅིག་གྱུར་བཀོད་འདོམས་བྱས་ཏེ་ཉེན་རྟོག་རིགས་ཁག་མཐུན་སྦྱོར་དམག་འཐབ་བྱས་ནས་ཛ་དྲག་གི་དོན་རྐྱེན་དང་། ཐོལ་བྱུང་དོན་རྐྱེན། ཟིང་སློང་དོན་རྐྱེན་བཅས་མཐུན་སྦྱོར་ཐག་གཅོད་བྱེད་པ། གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཀྱི་གནས་ཚུལ་ཚོད་འཛིན་དབྱེ་ཞིབ་ཞིབ་འཇུག་བྱེད་པ། རྫོང་དང་གྲོང་ཁྱེར་སྤྱི་བདེ་ཅུའུ་བཀོད་འདོམས་ལྟེ་གནས་ཀྱི་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་བྱེད་རྒྱུ།

(དགུ)གསང་འཕྲིན་ལྟེ་གནས།(གསང་འཕྲིན་ཡན་ལག་རུ་ཁག་)གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་གསང་འཕྲིན་ཆ་འཕྲིན་དང་ སྤྱི་ཚོགས་ཀྱི་གནས་ཚུལ་བསྡུ་རུབ་དང་། བསྡུ་སྒྲིལ། ཞིབ་འཇུག་བརྡར་གཅོད་བཅས་ཀྱི་འགན་འཁུར་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་གསང་འཕྲིན་ཆ་འཕྲིན་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས།

(བཅུ)ཆ་འཕྲིན་འཕྲིན་གཏོང་ལྟེ་གནས།(ཚན་རྩལ་ཚན་ཁག)གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ཆ་འཕྲིན་འཕྲིན་གཏོང་དྲ་རྒྱ་འཛུགས་སྐྲུན་དང་། སྲུང་སྐྱོང་། འཁོར་སྐྱོད་བཅས་ལ་འགན་འཁུར་དང་། སྤྱི་བདེའི་ཚན་རྩལ་འཆར་འགོད་དང་། ཁྱབ་གདལ། བེད་སྤྱོད། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་ཆ་འཕྲིན་འཕྲིན་གཏོང་དྲ་རྒྱའི་བདེ་འཇགས་ལག་རྩལ་གྱི་དོགས་ཟོན་ལས་དོན་ལ་ལྟ་སྐུལ་དང་མཛུབ་ཁྲིད་བྱེད་དགོས།

(བཅུ་གཅིག)བདེ་སྲུང་དོ་དམ་རུ་ཁག གྲོང་ཁྱེར་ཡོངས་ཀྱི་བདེ་འཇགས་དོ་དམ་ལས་དོན་ལ་སྒྲིག་འཛུགས་དང་མཛུབ་ཁྲིད་བྱེད་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཚོགས་བདེ་འཇགས་སྒྲིག་ལམ་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་དང་ཚོགས་སྤྱིའི་རང་བཞིན་གྱི་དོན་རྐྱེན་ཐག་གཅོད་བྱེད་པའི་ལས་དོན་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱ་རྒྱུར་མཛུབ་ཁྲིད་བྱེད་པ། ཐེམ་ཐོ་དང་། མི་འབོར། གླ་གཏོང་བའི་ཁང་པ། དམིགས་བསལ་ལས་རིགས། རོལ་རྩེད་ཞབས་ཞུ་བཅས་ཀྱི་བདེ་སྲུང་དོ་དམ་དང་ཉེན་ཆེའི་དངོས་རྫས་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལས་དོན་ཁྲིམས་ལྟར་བསྒྲུབ་རྒྱུ།(བཅུ་གཉིས།)དཔལ་འབྱོར་ཉེས་གསོག་མྱུལ་ཞིབ་ཡན་ལག་རུ་ཁག་བཅས་ཡིན།གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་ཉེས་གསོག་གི་གནས་ཚུལ་ཁོང་དུ་ཆུད་པ་དང་དཔལ་འབྱོར་ཉེས་གསོག་གི་དུས་བབ་དང་ཆོས་ཉིད་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཏེ་སྔོན་འགོག་དང་རྡུང་རྡེག་གཏོང་བའི་ཐབས་ཇུས་གཏན་འབེབས་བྱས་པ།གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་ཐད་ཀྱི་ཉེས་གསོག་གྱོད་གཞིར་མྱུལ་ཞིབ་བྱེད་པའི་ལས་དོན་སྒྲིག་འཛུགས་དང་།མཛུབ་ཁྲིད།མཐུན་སྦྱོར།ལྟ་སྐུལ་བཅས་བྱེད་དགོས།

(བཅུ་གསུམ)ཉེས་དོན་ཉེན་རྟོག་རུ་ཁག གྲོང་ཁྱེར་ཡོངས་ཀྱི་ཉེས་དོན་མྱུལ་ཞིབ་ལས་དོན་ལ་མཛུབ་ཁྲིད་དང་འགན་འཁུར་པ་དང་། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་ལས་བརྒལ་བའི་ཉེས་དོན་གྱོད་གཞི་ཚབས་ཆེན་དང་ཚབས་ཆེན་མྱུལ་ཞིབ་ ཐག་གཅོད་བྱ་རྒྱུའི་སྒྲིག་འཛུགས་དང་། བཀོད་འདོམས། མཐུན་སྦྱོར་བཅས་བྱས་ནས་དེའི་ནང་གི་གྱོད་གཞི་ཧ་ཅང་གལ་ཆེན་མྱུལ་ཞིབ་བྱ་རྒྱུ། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ལ་ཉེས་དོན་གསང་འཕྲིན་དང་། ལག་རྩལ་རོགས་སྐྱོར། ཉེས་དོན་སྲིད་ཇུས་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ། ཞིང་ཆེན་སྤྱི་བདེ་ཐིང་ཉེས་དོན་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་སྤྲད་པའི་ལས་འགན་འགན་འཁུར་རྒྱུ།

(བཅུ་བཞི)དམིགས་བསལ་ཉེན་རྟོག་རུ་ཁག གྲོང་ཁྱེར་ཡོངས་ཀྱི་སྐོར་གཡེང་གཏུམ་སྤྱོད་སྔོན་འགོག་གི་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ལས་སྒོའི་སྒྲིག་འཛུགས་དང་། མཛུབ་ཁྲིད། ལྟ་སྐུལ། མཐུན་སྦྱོར་བཅས་ཀྱི་ལས་དོན་ལ་འགན་འཁུར་པ་དང་། འཇིགས་སྐུལ་ལ་ངོ་རྒོལ་དང་། གཏུམ་སྤྱོད་སྔོན་འགོག གློ་བུར་དུ་བྱུང་བའི་དོན་རྐྱེན་ཐག་གཅོད། གྲོང་ཁྱེར་གྱི་བདེ་འཇགས་སྐོར་གཡེང་བཅས་ཀྱི་ལས་འགན་འཁུར་དགོས།

(བཅོ་ལྔ)དུག་འགོག་རུ་ཁག དུག་རྫས་ཐད་ཀྱི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོར་འགུལ་རྣམ་དབྱེ་ཞིབ་དང་སྔོན་འགོག དུག་རྫས་ཉེས་གསོག་གྱོད་གཞིར་མྱུལ་ཞིབ་བྱེད་པའི་ལས་དོན་སྒྲིག་འཛུགས་དང་།མཛུབ་ཁྲིད།ལྟ་སྐུལ་བཅས་བྱེད་རྒྱུ།

(བཅུ་དྲུག)འགྲིམ་འགྲུལ་ཉེན་རྟོག་རུ་ཁག གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་དོ་དམ་དང་འགྲིམ་འགྲུལ་ཁྲིམས་སྲོལ་དྲིལ་བསྒྲགས་སློབ་གསོར་མཛུབ་ཁྲིད་དང་འགན་འཁུར་རྒྱུ། འགྲིམ་འགྲུལ་སྒྲིག་ལམ་ལ་སྲུང་སྐྱོང་དང་། བགྲོད་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད། འགྲིམ་འགྲུལ་དོན་རྐྱེན་ཐག་གཅོད་བཅས་བྱེད་པ། 

(བཅུ་བདུན)བདེ་སྲུང་དོ་དམ་ཡན་ལག་རུ་ཁག གྲོང་ཁྱེར་ཡོངས་ཀྱི་བདེ་སྲུང་ཞབས་ཞུའི་ལས་དོན་ལ་འགན་འཁུར་དང་མཛུབ་ཁྲིད་བྱེད་དགོས།

(བཅོ་བརྒྱད)ཉེན་རྟོག་ལས་དོན་ལྟ་ཞིབ་ཉིང་ལག་རུ་ཁག གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་ལས་དོན་ལ་སྒྲིག་འཛུགས་དང་མཛུབ་ཁྲིད་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་དང་དེའི་མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་སྒྲིག་ཁྲིམས་བརྩི་སྲུང་བྱས་ཚུལ་ལ་ལྟ་སྐུལ་བྱེད་པ། མི་དམངས་ཉེན་རྟོག་པའི་ཁྲིམས་འཛིན་ཁེ་དབང་སྲུང་སྐྱོང་བྱེད་པ། འབྲེལ་ཡོད་ལས་ཁུངས་ཀྱི་ཁྲིམས་འགལ་སྒྲིག་འགལ་གནས་ཚུལ་ཞུ་སྦྱོར་བདག་སྤྲོད་བྱེད་པར་གཞོགས་འདེགས་བྱེད་དགོས།

(བཅུ་དགུ)བཙོན་ཁང་དོ་དམ་ཉིང་ལག་རུ་ཁག གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ལྟ་སྐུལ་དོ་དམ་བྱ་ཡུལ་གྱི་བདེ་སྲུང་དོགས་ཟོན་དང་ལྟ་སྐུལ་དོ་དམ་དོ་དམ་དང་། སློབ་གསོ། འཚོ་བ་འགན་སྲུང་བཅས་ཀྱི་ལས་དོན་ལ་ལྟ་སྐུལ་བྱེད་པ། 

(ཉི་ཤུ)རྒྱལ་མཚམས་ནས་འགྲོ་འོང་དོ་དམ་ཉིང་ལག་རུ་ཁག གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་སྤྱིར་བཏང་གི་ལམ་ཡིག་ཡོད་པའི་ཕྱི་རྒྱལ་བ་དང་ཀྲུང་གོའི་སྤྱི་དམངས་རྒྱལ་མཚམས་ནས་འགྲོ་འོང་བྱེད་པར་དོ་དམ་བྱེད་པར་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ཏེ། རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་དོ་དམ་དང་འགལ་བའི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་དགོས། 

(ཉེར་གཅིག)ཁྲིམས་ལུགས་ཡན་ལག་རུ་ཁག གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ཁྲིམས་ལུགས་དང་ཁྲིམས་འཛིན་ཚད་ལྡན་ཅན་འཛུགས་སྐྱོང་བྱ་རྒྱུར་སྒྲིག་འཛུགས་དང་། མཛུབ་ཁྲིད། ལྟ་སྐུལ་བཅས་བྱེད་པ། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཁབ་སྐྱིན་གསབ་གྱོད་གཞི་དང་། སྲིད་འཛིན་བསྐྱར་གྲོས། སྲིད་འཛིན་གཏུག་བཤེར། དཔང་ཉན་ལས་དོན་བཅས་སྒྲུབ་པར་མཛུབ་ཁྲིད་བྱེད་རྒྱུ།

(ཉེར་གཉིས)སློབ་གསོ་སྦྱོང་བརྡར་ཁྲུའུ། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ལས་སྒོའི་གསོ་སྦྱོང་གི་ལས་དོན་སྒྲིག་འཛུགས་དང་མཛུབ་ཁྲིད་འགན་འཁུར་རྒྱུ། མི་དམངས་ཉེན་རྟོག་པའི་ཐོག་མའི་གསོ་སྦྱོང་དང་། ཉེན་རྟོག་པའི་གོ་རྟགས་སྤར་བའི་གསོ་སྦྱོང་། གོ་གནས་སྤར་བའི་གསོ་སྦྱོང་སོགས་ཀྱི་གསོ་སྦྱོང་ལས་ཀ་སྒྲིག་འཛུགས་དང་ལག་བསྟར་བྱ་དགོས།

(ཉེར་གསུམ)ཧྥུའུ་དབྱང་གྲོང་ཁྱེར་དུག་འགོག་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་།

(ཉེར་བཞི) ཧྥུའུ་དབྱང་གྲོང་ཁྱེར་བཀག་ཉར་ཁང་། གྲོང་ཁྱེར་ཅུའུ་དང་ཡན་ལག་ཅུའུ་ཡིས་བཅའ་ཁྲིམས་ལྟར་བཀག་སྐྱིལ་བྱེད་པའི་མི་སྣ་བཙོན་འཇུག་བྱ་རྒྱུ།

(ཉེར་ལྔ) ཧྥུའུ་དབྱང་གྲོང་ཁྱེར་ལྟ་སྲུང་ཁང་།གཙོ་བོར་གྲོང་ཁྱེར་ཅུའུ་དང་ཡན་ལག་ཅུའུ་ཡིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་དང་འཛིན་བཟུང་གི་ཉེས་གསོག་དོགས་ཅན་དང་སྲོག་ཆད་བཅད་པའི་ཉེས་ཅན་པ་བཙོན་འཇུག་བྱེད་པ། 

(ཉེར་དྲུག)ནགས་ཚལ་ཉེན་རྟོག་རུ་ཁག ནགས་ཤིང་དང་རྩྭ་ཐང་གི་མེ་ཟོན་ལས་དོན་གྱི་འགན་འཁུར་ནས་མེ་སྐྱོན་ཤོར་སར་ཉེན་ཟོན་དང་། བདེ་འཇགས་སྲུང་སྐྱོང་། མེ་སྐྱོན་གྱོད་གཞི་རྩད་གཅོད་སོགས་ལ་འགན་འཁུར་རྒྱུའོ༎ 

3 མངག་གཏོང་ལས་ཁུངས།

ཡེ་ཀྲོའུ་ཡན་ལག་ཅུའུ། ཡེ་ཆོན་ཡན་ལག་ཅུའུ། དབྱིན་ཏུང་ཡན་ལག་ཅུའུ། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཡན་ལག་ཅུའུ། དེང་རབས་ཐོན་ལས་གླིང་ཁུལ་གྱི་ཡན་ལག་ཅུའུ། མྱུར་བགྲོད་ལྕགས་ལམ་གནམ་གྲུ་ཐང་ཡན་ལག་ཅུའུ།  

4 ལས་ཐོག་འགོ་ཁྲིད།

ཧྥུའུ་དབྱང་གྲོང་ཨུའི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཧྥུའུ་དབྱང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅི་དང་ཅུའུ་ཀྲང་། ཀྲང་ཅཱ་ཀྲུང་།  

5 གཞུང་སྒྲུབ་གནས་ཡུལ།

ཧྥུའུ་དབྱང་གྲོང་ཁྱེར་སན་ཆིན་ལམ་གྱི་ཨང567པ།  

6 གཞུང་སྒྲུབ་དུས་ཚོད།

ལས་ཞག(སྔ་དྲོའི་ཆུ་ཚོད8:00—12:00དང་། ཕྱི་དྲོའི་ཆུ་ཚོད14:30—17:30བར)

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-14

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།