ཧོ་ནན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧོ་ནན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་།
ཧོ་ནན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནི་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་འགོ་ཁྲིད་ལས་ཁུངས་ཡིན་ཞིང་། ཞིང་ཆེན་ཏང་ཨུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་བྱེད་པ་དང་། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་ཞུ་དང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་དང་ལེན་བྱེད་པའོ༎
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
河南省人民检察院
གནས་ཡུལ།
ཀྲེང་ཀྲོའུ་གྲོང་ཁྱེར་ཀྲེང་པེན་ལམ་གྱི་ཤར་སྣེ།
ཁོངས་གཏོགས་ས་ཁུལ།
ཧོ་ནན་ཀྲེང་ཀྲོའུ།
སྒྲིག་གཞི་འཛུགས་སྐྲུན།
གཞུང་ལས་ཁང་དང་། ཆབ་སྲིད་པུའུ། མི་དོན་ཁྲུའུ། ཆབ་སྲིད་ཕྱོགས་བསྡུས་ཁྲུའུ་སོགས།
ཞིབ་དཔྱོད་འགོ་འཛིན།
ཀུའུ་ཞུའེ་ཧྥེ།
1 ངོ་སྤྲོད།

ཧོ་ནན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནི་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་འགོ་ཁྲིད་ལས་ཁུངས་ཡིན་ཞིང་། ཞིང་ཆེན་ཏང་ཨུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་བྱེད་པ་དང་། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་ཞུ་དང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་དང་ལེན་བྱེད་པའོ༎ 

ཧོ་ནན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་དང་ལེན་བྱས་ཏེ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་དང་ལེན་བྱ་རྒྱུ་མ་ཟད་དེར་འགན་འཁུར་རྒྱུའོ༎ 

སྤྱི་ལོ2013ལོའི་ཟླ11པའི་ཚེས26ཉིན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས《ཧོ་ནན་ཞིང་ཆེན་གྱིས་ཞིང་ཆེན་ཐད་གཏོགས་རྫོང་གི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལག་བསྟར་བསམ་འཆར》པར་འགྲེམས་བྱས་ནས་སྤྱི་ལོ2014ལོའི་ཟླ1པའི་ཚེས་1ཉིན་ནས་བཟུང་ཀུང་དབྱི་གྲོང་ཁྱེར་དང་། ལན་ཁའོ་རྫོང་། རུའུ་ཀྲོའུ་གྲོང་ཁྱེར། ཁྲང་ཡོན་རྫོང་། ཏེང་ཀྲོའུ་གྲོང་ཁྱེར། ཡུང་གྲོང་ཁྱེར། ཀུའུ་ཧྲི་རྫོང་། ལུའུ་དབྱི་རྫོང་སོགས་རྫོང་བཅུ་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱས།

2 འགན་འཁྲི་གཙོ་བོ།

གཅིག ཁྲིམས་ལྟར་ཞིང་ཆེན་གྱི་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་གཞི་བཏོན་པ།

གཉིས། ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནས་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ལས་ཀར་འགོ་ཁྲིད་དང་སྒྲིག་འཛུགས་བྱས་ཏེ་ལག་བསྟར་བྱ་རྒྱུ།

གསུམ། ཞིང་ཆེན་ཡོངས་སུ་ཤུགས་རྐྱེན་ཆེན་པོ་ཡོད་པའི་ལྐོག་ཟ་ལྐོག་རྔན་སྤྲོད་ལེན་གྱི་ཉེས་ཅན་དང་། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་ལས་འཛོལ་ཤོར་བའི་ཉེས་ཅན། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་འགན་དབང་སྤྱད་དེ་ཁྲིམས་འགལ་གྱིས་བཀག་སྐྱིལ། ཁྲིམས་འགལ་གྱིས་སྔོག་བཤེར་བྱེད་པ་སོགས་སྤྱི་དམངས་ཀྱི་མི་ལུས་ཁེ་དབང་དང་དམངས་གཙོའི་ཁེ་དབང་ལ་གནོད་འཚེ་བཏང་བའི་ཉེས་ཅན་བཅས་ལ་ཁྲིམས་ལྟར་མྱུལ་ཞིབ་བྱ་རྒྱུ།

བཞི། ཞིང་ཆེན་ཡོངས་ལ་ཤུགས་རྐྱེན་ཆེན་པོ་ཡོད་པའི་ཉེས་དོན་གྱི་ཉེས་གསོག་གྱོད་གཞི་ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུའི་ཆོག་མཆན་སྤྲོད་པའམ་ཡང་ན་གཞུང་གཏུག་རྒྱག་རྒྱུའི་གཏན་འབེབས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་གྱོད་གཞི་གལ་ཆེ་རིགས་དང་། དོགས་གནད་ཡོད་པ། རྙོག་འཛིང་ཆེ་བ་བཅས་ལ་ཞིབ་བཤེར་འཛིན་བཟུང་དང་ཞིབ་བཤེར་ཞུ་གཏུག་གི་ལས་དོན་ལ་མཛུབ་ཁྲིད་བྱེད་པ།

ལྔ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་གཏུག་བཤེར་དང་། དམངས་དོན་འདྲི་གཅོད། སྲིད་འཛིན་གཏུག་བཤེར་བཅས་ལ་བཅའ་ཁྲིམས་ལྟར་ལྟ་སྐུལ་བྱེད་པའི་རྩ་འཛུགས་དང་འགོ་ཁྲིད་བྱ་རྒྱུ།

དྲུག ལས་ཁུངས་དང་མི་སྒེར་གྱི་གྱོད་དོན་སྙན་ཞུ་དང་གཏུག་བཤེར། རྒྱུ་མཚན་ཞུ་འབུལ། ཐེར་འདོན་གོང་ཞུ་དང་དོགས་ཡོད་ཉེས་ཅན་གྱི་རང་ཉེས་རང་ཞུ་བདག་སྤྲོད་བྱེད་པ།

བདུན། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ལས་ཐོག་ཉེས་གསོག་སྔོན་འགོག་ལས་དོན་སྤེལ་བར་སྒྲིག་འཛུགས་དང་མཛུབ་སྟོན་བྱས་ཏེ། སྔོན་འགོག་གི་ཐབས་ཇུས་འདོན་པ་དང་། བརྟག་དཔྱད་ཞིབ་འཇུག་དང་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་པ།

བརྒྱད། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ལག་རྩལ་གྱི་དངོས་དཔང་ཞིབ་བཤེར་དང་། གསལ་འབྱེད། བསྐྱར་ཞིབ་བཅས་ཀྱི་ལས་དོན་དང་ཆ་འཕྲིན་ཅན་འཛུགས་སྐྱོང་། བེད་སྤྱོད། གསོ་སྦྱོང་། ཆ་འཕྲིན་བདེ་འཇགས་བཅས་ཀྱི་ལས་དོན་ལ་ཞིབ་དཔྱོད་མཛུབ་ཁྲིད་བྱེད་རྒྱུ།

དགུ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་བྱ་བའི་ཁྲོད་བཅའ་ཁྲིམས་གནད་དོན་དངོས་སུ་ཉེར་སྤྱོད་བྱེད་པར་བཅའ་ཁྲིམས་དང་སྲིད་ཇུས་ཞིབ་འཇུག་བྱས་ཡོད།

བཅུ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་དཔུང་སྡེ་འཛུགས་སྐྱོང་དང་བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀ་སྒྲིག་འཛུགས་དང་མཛུབ་སྟོན་བྱ་རྒྱུ། གཙོ་སྐྱོང་སྡེ་ཁག་དང་མཉམ་དུ་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་སྒྲིག་གཞི་འཛུགས་སྟངས་དང་མི་སྣའི་སྒྲིག་ཁོངས་དོ་དམ་བྱེད་པ། ཁྲིམས་ལྟར་ཞིབ་དཔྱོད་དཔོན་དང་ཞིབ་དཔྱོད་མི་སྣ་གཞན་དག་ལ་དོ་དམ་བྱེད་པ། ས་གནས་ཀྱི་ཏང་ཨུ་དང་མཉམ་དུ་ཞིང་ཆེན་གྱི་ཐད་སྐྱོང་གྲོང་ཁྱེར་དང་གྲོང་ཁྱེར་རིམ་པའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་ཚན་པ་འཛུགས་སྐྱོང་ཡག་པོ་བྱ་རྒྱུ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་བྱེད་པའི་སློབ་གསོ་སྦྱོང་བརྡར་བྱ་བར་རྩ་འཛུགས་དང་མཛུབ་སྟོན་བྱེད་རྒྱུ།

བཅུ་གཅིག ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ནོར་དོན་སྒྲིག་ཆས་ཀྱི་བྱ་བར་འཆར་འགོད་དང་མཛུབ་སྟོན་བྱེད་རྒྱུ།

བཅུ་གཉིས། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཕྱི་ཕྱོགས་དང་བརྗེ་རེས་བྱེད་པར་རྩ་འཛུགས་དང་མཛུབ་སྟོན་བྱས་ཏེ། བཅའ་ཁྲིམས་དང་ཁྲིམས་སྲོལ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་གཏན་འབེབས་ལྟར་འབྲེལ་ཡོད་རྒྱལ་སྤྱིའི་ཁྲིམས་འཛིན་རོགས་སྐྱོར་དང་ཕྱི་འབྲེལ་གྱོད་དོན་གྱི་རོགས་འདེགས་བྱ་བ་སྤེལ་དགོས། 

3 སྒྲིག་གཞི་འཛུགས་སྐྲུན།

གཞུང་ལས་ཁང་། ཆབ་སྲིད་པུའུ། མི་དོན་ཁྲུའུ། ཆབ་སྲིད་ཕྱོགས་བསྡུས་ཁྲུའུ། མྱུལ་ཞིབ་ལྟ་སྐུལ་ཁྲུའུ། གཞུང་ཕྱོགས་ཞུ་སྦྱོར་ཁྲུའུ་དང་པོ། གཞུང་ཕྱོགས་ཞུ་སྦྱོར་ཁྲུའུ་གཉིས་པ། གཞུང་ཕྱོགས་ཞུ་སྦྱོར་ཁྲུའུ་གསུམ་པ། ལྐོག་ཟ་ལྐོག་རྔན་ཅུའུ། ཕྱོགས་བསྡུས་སློབ་སྟོན་ཁྲུའུ། ལྐོག་ཟ་ལྐོག་རྔན་ཅུའུ་ཡི་མྱུལ་ཞིབ་ཁྲུའུ་དང་པོ། ལྐོག་ཟ་ལྐོག་རྔན་ཅུའུ་ཡི་མྱུལ་ཞིབ་ཁྲུའུ་གཉིས་པ། ལས་ཐོག་ཉེས་གསོག་སྔོན་འགོག་ཁྲུའུ། ཞིབ་དཔྱོད་ལག་རྩལ་ཁྲུའུ། བཅའ་ཁྲིམས་སྲིད་ཇུས་ཞིབ་འཇུག་ཁང་། དྲིལ་བསྒྲགས་ཁྲུའུ། ནོར་དོན་སྒྲིག་ཆས་ཁྲུའུ། ལྟ་ཞིབ་ཅུའུ། 

4 གཟི་བརྗིད་མཚན་སྙན།

སྤྱི་ལོ2017ལོའི་ཟླ11པར་ཧོ་ནན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ལ་ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་སྐངས་ལྔ་པའི་དཔལ་ཡོན་ཚན་པའི་གཟི་བརྗིད་མཚན་སྙན་གནང་།

སྤྱི་ལོ2018ལོའི་ཟླ12པའི་ཚེས26ཉིན། སྤྱི་ལོ2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཞིབ་དཔྱོད་སྨྱན་སྦྱོར་གསར་པའི་གཡུལ་ས་འཛུགས་སྐྲུན་གྱི་བྱ་དགའ་ཐོབ།  

སྤྱི་ལོ2019ལོའི་ཟླ7པའི་ཚེས23ཉིན་ཧོ་ནན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ལ་རྒྱལ་ཡོངས་ཞིབ་དཔྱོད་ཁོངས་གཏོགས་ཀྱིས“ཤུགས་རྐྱེན་ཆེ་ཤོས་ལྡན་པའི་སྨྱན་སྦྱོར་གསར་པའི་བྱ་དགའ”ཐོབ།  

5 ལས་ཐོག་འགོ་ཁྲིད།

ཧོ་ནན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཞིབ་དཔྱོད་འགོ་འཛིན། ཀུའུ་ཞུའེ་ཧྥེ།

6 ལས་འགན།

1 ཞིབ་དཔྱོད་ཁང་ཡོངས་ཀྱི་ལས་ཀར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་དགོས་ཤིང་། དེའི་ནང་ཞིབ་དཔྱོད་ཁང་ཡོངས་ཀྱི་ཞིབ་དཔྱོད་ལས་སྒོ་དང་། ཞིབ་དཔྱོད་སྲིད་འཛིན་ལས་དོན།ཞིབ་དཔྱོད་དཔུང་ཁག་འཛུགས་སྐྱོང་བཅས་ལ་འགོ་ཁྲིད་བྱེད་པ།

2 ཞིབ་དཔྱོད་ཁང་ཡོངས་ཀྱི་ལས་བྱེད་པ་དང་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཀྲུང་དབྱང་དང་། ཞིང་ཆེན། གྲོང་ཁྱེར། ཆུས་ཨུ། མི་དམངས་འཐུས་ཚོགས། གོང་རིམ་ཞིབ་དཔྱོད་ཁང་བཅས་ཀྱི་མཛུབ་སྟོན་གལ་ཆེན་ལ་སློབ་སྦྱོང་བྱེད་པ་དང་། འགོ་ཁྲིད་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་བཀའ་ཁྲིམས་བཅས་སློབ་སྦྱོང་བྱེད་པ་མ་ཟད། ཞིབ་འཇུག་དང་། ལག་བསྟར་བཅས་བྱེད་པར་གཙོ་སྐྱོང་བྱ་དགོས།

3 ཞིབ་དཔྱོད་འགོ་འཛིན་གཞོན་པ་སྒྲིག་འཛུགས་བྱས་ནས་འགན་འཁྲི་བགོས་ཚུལ་ལྟར་ལས་དོན་བསྒྲུབ་དགོས། རྗེས་གྲབས་ལས་བྱེད་པ་གསོ་སྐྱོང་དང་འདེམས་གཏོང་བྱས་ནས་ཚན་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།

4 ཏང་ཙུའུ་དང་།ཞིབ་དཔྱོད་འགོ་འཛིན་གྱི་གཞུང་ལས་གྲོས་ཚོགས། ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་དང་ཞིབ་དཔྱོད་ཁང་གི་ལས་དོན་གྲོས་ཚོགས་བཅས་ལ་འགོ་ཁྲིད་དང་གཙོ་སྐྱོང་བྱས་ཏེ་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལྟར་གྱོད་གཞི་གལ་ཆེན་དང་གནད་དོན་གལ་ཆེན་གཞན་དག་གྲོས་བསྡུར་དང་ཐག་གཅོད་བྱ་རྒྱུ།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-14

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།