ཏང་གི་རྩ་འཛུགས་འཛུགས་སྐྱོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏང་གི་རྩ་འཛུགས་འཛུགས་སྐྱོང་།
ཏང་གི་རྩ་འཛུགས་འཛུགས་སྐྱོང་ཞེས་པ་ནི་ཏང་གི་རྩ་འཛུགས་ལམ་ལུགས་དང་། ཏང་གི་ཀྲུང་དབྱང་རྩ་འཛུགས། ཏང་གི་ས་གནས་རྩ་འཛུགས། ཏང་གི་གཞི་རིམ་རྩ་འཛུགས་དང་། ཏང་གི་ལས་བྱེད་པ། ཏང་གི་སྒྲིག་ཁྲིམས། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས། ཏང་གི་རྩ་འཛུགས་སོགས་ཀྱི་ནང་དོན་ལ་ཟེར། གཙོ་བོ་དམངས་གཙོ་གཅིག་སྡུད་ལམ་ལུགས་འཛུགས་སྐྱོང་དང་། ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་། ཏང་ཡོན་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་ནང་དོན་ཚུད་ཡོད། ཏང་གི་རྩ་འཛུགས་མ་ལག་ནི་ཏང་གི་རྩ་འཛིན་དང་སྒྲིག་ཡིག་གཞིར་བཟུང་བ་དང་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལྟར། འོག་ནས་གོང་བར་རྩ་འཛུགས་བྱས་པའི་གོང་བུ་གཅིག་གྱུར། ཏང་གིས་ལོ་རྒྱུས་ཀྱི་དུས་སྐབས་ཁག་གི་ཆབ་སྲིད་ཀྱི་ལས་འགན་མངོན་འགྱུར་བྱ་དགོས་ན། ངེས་པར་དུ་ཏང་གི་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་མངོན་གསལ་ལྡན་པའི་གོ་གནས་སུ་འཇོག་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
党的组织建设
རྨང་གཞིའི་བྱ་བ།
གཞི་རིམ་འཛུགས་སྐྱོང་།
གཞི་འཛིན་ས།
ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག
ལས་འགན་གལ་ཆེན།
ཏང་ནང་ཁུལ་གྱི་ཆབ་སྲིད་འཛུགས་སྐྱོང་།
1 ངོ་སྤྲོད།

ཏང་གི་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུ་ནི་ཏང་འཛུགས་སྐྱོང་བྱེད་པའི་ཕྱོགས་གལ་ཆེན་ཞིག་ཡིན།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》ལྟར་ན། ལེའུ་གཉིས་པ་ནས་དགུ་པའི་བར་གཙོ་བོ་ཏང་གི་རྩ་འཛུགས་ལམ་ལུགས་དང་། ཏང་གི་ཀྲུང་དབྱང་རྩ་འཛུགས། ཏང་གི་ས་གནས་རྩ་འཛུགས། ཏང་གི་གཞི་རིམ་རྩ་འཛུགས། ཏང་གི་ལས་བྱེད་པ། ཏང་གི་སྒྲིག་ཁྲིམས། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས། ཏང་གི་རྩ་འཛུགས་སོགས་ཀྱི་ནང་དོན་ཚུད་ཡོད།

2 ཏང་ནང་ཁུལ་གྱི་དམངས་གཙོ་འཛུགས་སྐྱོང་།

ཏང་གི་རྩ་འཛུགས་ལེགས་སྐྱོང་བྱེད་པའི་རྨང་གཞིའི་རང་བཞིན་ལྡན་པའི་ལས་ཀ་ཞིག་ཡིན། དེའི་ནང་དོན་གཙོ་བོར་གནས་བབ་གསར་བ་དང་ལས་འགན་གསར་བའི་བླང་བྱ་དང་བསྟུན། ཏང་གི་ལས་དོན་གྱི་ཁྱབ་རྒྱ་ཇེ་ཆེ་རུ་གཏོང་བ་དང་། ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱེད་པར་ཟམ་མི་ཆད་པར་ཤུགས་སྣོན་དང་ལེགས་བཅོས་བྱ་དགོས། གཞི་རིམ་རྩ་འཛུགས་དེ་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་ལག་ལེན་མཐར་ཕྱིན་བསྟར་བའི་སྒྲིག་འཛུགས་བྱེད་མཁན་དང་། སྐུལ་འདེད་གཏོང་མཁན། ལག་ལེན་བྱེད་མཁན་བཅས་སུ་གྱུར་བར་བྱ་དགོས། གཞུང་དབང་ཁེ་ལས་བསྒྱུར་བཅོས་དང་གོང་དུ་སྤེལ་བར་རྩེ་གཅིག་ཏུ་དམིགས་ནས་ཁེ་ལས་ཀྱི་ཏང་གི་རྩ་འཛུགས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་དེང་རབས་ཀྱི་ཁེ་ལས་ལམ་ལུགས་འཛུགས་རྒྱུ་གཅིག་གྱུར་གྱིས་དམ་འཛིན་བྱ་དགོས། གྲོང་ཚོའི་ཏང་རྩ་འཛུགས་སྲོག་ཤིང་དུ་གྱུར་བའི་གྲོང་ཚོ་རིམ་པའི་རྩ་འཛུགས་ཆ་འགྲིག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་པ་མང་ཚོགས་ཁྲོད་ཀྱི་ཏང་གི་གོང་བུར་འགྲིལ་ཤུགས་ཆེ་རུ་གཏོང་དགོས། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་ཀར་ཤུགས་སྣོན་བརྒྱབ་སྟེ་ཆ་རྐྱེན་འཛོམས་པའི་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་རྩ་འཛུགས་ཡིན་ཕྱིན། ཚང་མས་ཏང་གི་རྩ་འཛུགས་འཛུགས་དགོས་པ་དང་། ཚང་མས་ཁེ་ལས་ཀྱི་ལས་བཟོ་བའི་ཁྲོད་དུ་ཆབ་སྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་བྱ་དགོས། སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་གཙོ་གནད་དུ་བཟུང་ནས་གྲོང་ཁྱེར་སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས། སྤྱི་ཚོགས་ཀྱི་ཚོགས་པ་དང་སྤྱི་ཚོགས་ཀྱི་མཚམས་སྦྱོར་རྩ་འཛུགས་ཁྲོད་དུ་ཏང་རྩ་འཛུགས་འཛུགས་པའི་ལས་ཀ་བྱེད་ཤུགས་ཆེ་རུ་གཏོང་དགོས། ལས་ཁུངས་ཀྱི་ཏང་སྐྱོང་ལས་ཀ་དང་། སློབ་གྲྭ། ཚན་རིག་ཞིབ་འཇུག་ཁང་། རིག་གནས་ཚོགས་པ་སོགས་བྱ་ལས་སྡེ་ཚན་གྱི་ཏང་སྐྱོང་ལས་ཀ་ཁྱོན་ཡོངས་ནས་ལེགས་པར་བསྒྲུབ་དགོས།

ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་གི་ལས་དོན་ཡོངས་རྫོགས་དང་འཐབ་འཛིང་ནུས་ཤུགས་ཀྱི་རྨང་གཞི་ཡིན། ང་ཚོའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཐོབ་པའི་གྲུབ་འབྲས་མཐའ་དག་ནི་རྒྱ་ཆེའི་གཞི་རིམ་ཏང་རྩ་འཛུགས་དང་གུང་ཁྲན་ཏང་ཡོན་གྱིས་འབད་བརྩོན་ལྷོད་མེད་བྱས་པ་དང་འབྲེལ་བ་དམ་ཟབ་ཡོད། དུས་གང་འདྲ་ཞིག་དང་གནས་ཚུལ་གང་འདྲ་ཞིག་གི་འོག ང་ཚོས་གཞི་རིམ་དམ་འཛིན་དང་རྨང་གཞི་འདིང་བའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ཚན་རིག་ཅན་དུ་འགྱུར་བའི་ཆུ་ཚད་ཟམ་མི་ཆད་པར་ཇེ་མཐོ་རུ་གཏོང་དགོས།

གཞི་རིམ་ཏང་རྩ་འཛུགས་ནི་ཏང་གིས་མང་ཚོགས་ལ་མཐུན་སྒྲིལ་དང་། མང་ཚོགས་སྒྲིག་འཛུགས། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་བྱེད་པའི་མཁོ་མཁན་སྣེ་ཡིན་པ། ཏང་གིས་དམངས་ཀྱི་འདོད་བློར་བརྟག་དཔྱད་དང་། དམངས་ཀྱི་བློ་ཁ་འགུགས་པ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ་བཅས་ཀྱི་ཟམ་པ་དང་འབྲེལ་ཐག་ཀྱང་ཡིན། དེར་བརྟེན་ངེས་པར་དུ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་མཛུབ་ཁྲིད་དུ་བྱས་ཏེ་ཀྲི་པུའུ་འཛུགས་རྒྱུ་དང་། ཚན་པ་འཛུགས་སྐྱོང་། ལམ་ལུགས་འཛུགས་སྐྱོང་། སློབ་གསོ་དོ་དམ་སོགས་ཀྱི་ཐད་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས།

གཞི་རིམ་ཏང་རྩ་འཛུགས་ནི་ཏང་གིས་ཏང་ཡོན་ལས་བྱེད་པར་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་བྱེད་པ་དང་། ཏང་གི་ལས་འགན་ཁག་ལེགས་འགྲུབ་བྱེད་པའི་སྒྲིག་འཛུགས་བྱེད་མཁན་དང་ལག་བསྟར་བྱེད་མཁན་ཡིན། གཞི་རིམ་ཏང་ཀྲི་པུའུ་ཡི་ལས་ཀའི་ལས་ཆོད་དང་ཕན་འབྲས་ཇི་འདྲ་ཡིན་པ་དེ་ཚད་ངེས་ཅན་ཞིག་གི་ཐོག་ནས་བཤད་ན་ཀྲི་པུའུ་ཚན་པའི་སྤྱི་ཡོངས་ཀྱི་བྱང་ཚད་ལ་རག་ལས་ཡོད། དེར་བརྟེན་གཞི་རིམ་ཏང་ཀྲི་པུའི་ཚན་ཁག་འཛུགས་སྐྱོང་ཡག་པོ་བྱ་རྒྱུ་ནི་ཏང་རྩ་འཛུགས་ཀྱིས་ལྟེ་བར་ཕྱོགས་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གཞི་རིམ་ལ་ཞབས་འདེགས་ཧུར་ཐག་ཞུ་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རྨང་གཞི་གལ་ཆེན་ཞིག་རེད། ང་ཚོས་གཞི་རིམ་ཏང་ཡོན་ལས་བྱེད་པའི་ཁྱབ་ཚུལ་ལ་གཞིགས་ནས་ཏང་ཀྲི་པུའུ་ལུགས་དང་མཐུན་པར་འཛུགས་པ་དང་། གཞི་རིམ་ཏང་ཀྲི་པུའུ་ཡི་འགོ་ཁྲིད་ཚན་པ་འཛུགས་སྐྱོང་དམ་འཛིན་ལེགས་པོ་བྱ་དགོས།

གཅིག་ནས《ཀྲུང་གོ་གུང་ཁྲན་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གཞི་རིམ་རྩ་འཛུགས་ཀྱི་ལས་སྒྲུབ་སྲོལ་ཡིག》གི་དགོངས་དོན་དང་ཏང་ཀྲི་པུའུ་ཡི་སྐབས་བརྗེའི་འདེམས་བསྐོའི་གཏན་འབེབས་གཞིར་བཟུང་། ཏང་གཤིས་བཟང་བ། སྤྱོད་ཚུལ་བཟང་བ། བསམ་བློ་དང་སྲིད་ཇུས་ཀྱི་ཆུ་ཚད་མཐོ་བ། རྩ་འཛུགས་ཀྱི་ནུས་པ་ལྡན་པ་བཅས་ཀྱི་ཏང་ཡོན་ལས་བྱེད་པ་འདེམས་སྒྲུག་དང་བསྐོ་གཞག་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས།

གཉིས་ནས་གཏན་འབེབས་ལྟར་གཞི་རིམ་ཀྲི་པུའུ་ཡི་གཞི་ཁྱོན་དང་ཏང་ཡོན་གྱི་གྲངས་འབོར་དང་འཚམ་པའི་ཀྲི་པུའུ་ཡི་ཁོངས་མིའི་གྲངས་འབོར་བཀོད་སྒྲིག་ནན་པོ་བྱེད་དགོས། དུས་མཚུངས་སུ་གོ་རིམ་ལྟར་ལས་གནས་སྤོ་སྒྱུར་སོགས་ཀྱི་རྐྱེན་གྱིས་ཀྲི་པུའུ་ཁོངས་མི་སྟོང་བར་ལུས་པ་དུས་ཐོག་ཏུ་ཁ་གསབ་བྱ་དགོས།

གསུམ་ནས་སྡེ་ཚན་གྱི་དོན་དངོས་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཏང་ཀྲི་པུའི་ཧྲུའུ་ཅི་དང་། ཏང་ཀྲི་པུའི་ཁོངས་མི། ཏང་ཡོན་ཡོངས་བཅས་ཀྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་ནུས་ལྡན་བྱ་རྒྱུ་ནས་འགོ་བཙུགས་ཏེ་འགན་འཁྲི་ཁ་གསལ་དང་ལས་བགོས་ལུགས་མཐུན་བྱེད་དགོས།

བཞི་ནས་ཀྲི་པུའུ་ཁོངས་མིའི་གསོ་སྦྱོང་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས། ལས་ཀའི་ཚོགས་འདུ་དང་། ཉམས་མྱོང་སྤེལ་རེས་ཚོགས་འདུ། ཏང་འཛུགས་སྐྱོང་ཞིབ་འཇུག་ཚོགས་འདུ། ལས་ཀའི་འབྲེལ་གཏུག་བྱེད་སྒོ་སོགས་ཀྱི་རྣམ་པ་བརྒྱུད་དེ་གཞི་རིམ་ཀྲི་པུའུ་ཁོངས་མིའི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་ཀྲི་པུའུ་ཁོངས་མིས་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་དང་། དཔལ་འབྱོར་ལས་དོན་གྱིས་ཏང་ཡོན་དཔུང་ཁག་སྣེ་ཁྲིད་ཡག་པོ་དང་ཏང་འཛུགས་སྐྱོང་ལས་དོན་དམ་འཛིན་ཡག་པོ་བྱ་རྒྱུར་དམིགས་ནས་གཞི་རིམ་ཏང་ཀྲི་པུའུ་ཡི་དོ་དམ་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས།

ཏང་ཡོན་གྱི་རྩ་འཛུགས་འཚོ་བ་དང་། ཏང་ཡོན་གྱི་དམངས་གཙོའི་དཔྱད་མོལ། ཏང་ནང་ཁུལ་གྱི་ལྟ་སྐུལ། ཏང་ནང་ཞུགས་མཁན་ཧུར་བརྩོན་ཅན་གྱི་སློབ་གསོ་གསོ་སྐྱོང་། ཏང་ཡོན་ཏང་ནང་ཁུལ་གྱི་བྱེད་སྒོར་ཞུགས་རྒྱུའི་ཐོ་འགོད། ཏང་ནང་ཁུལ་གྱི་དཔྱད་ཞིབ་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་བར་བརྟེན། གཞི་རིམ་ཏང་རྩ་འཛུགས་ཀྱི་ལས་འགན་གཙོ་བོ་དང་འགན་འཁྲི་སྔར་བས་ཚད་ལྡན་དུ་གཏོང་དགོས། དཔལ་འབྱོར་གྱི་གནས་བབ་འཕེལ་རྒྱས་འགྲོ་བ་དང་ཆབ་སྲིད་ཀྱི་ལས་འགན་མི་འདྲ་བའི་བླང་བྱར་གཞིགས་ནས་རྩ་འཛུགས་ཀྱི་ལམ་ལུགས་ཟམ་མི་ཆད་པར་ལེགས་བཅོས་བྱས་ཏར། འགོ་ཁྲིད་བྱེད་སྟངས་དང་བྱེད་ཐབས་གསར་བ་འཚོལ་ཞིབ་བྱ་དགོས།

དེ་དང་ཆབས་ཅིག་གཞི་རིམ་ཏང་ཀྲི་པུའུ་འཛུགས་སྐྱོང་བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས། འཛུགས་སྐྲུན་གྱི་ནང་དོན་དེ་བསམ་བློ་དང་། རྩ་འཛུགས། སྤྱོད་ཚུལ། ལམ་ལུགས་བཅས་འཛུགས་སྐྲུན་གྱི་ཕྱོགས་བཞི་རུ་དབྱེ་ཡོད། གཞི་རིམ་ཀྲི་པུའུ་ཡི་ཁྲོད་དུ་ཏང་ཀྲི་པུའུ་འཛུགས་སྐྱོང་གི་དམིགས་འབེན་དོ་དམ་གྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་ཁྱབ་སྤེལ་གཏོང་དགོས། བསམ་བློའི་ངོས་ནས་ངོས་འཛིན་དམ་འཛིན། རྩ་འཛུགས་ཀྱི་ཐད་ནས་དོན་འཁྱོལ་དམ་འཛིན། བྱེད་ཐབས་ཀྱི་ངོས་ནས་གཙོ་གནད་དམ་འཛིན། བྱེད་ཐབས་ཐད་ནས་ཟུང་འབྲེལ་དམ་འཛིན། ཚད་གཞིའི་ཐད་དུ་ཕན་འབྲས་གལ་ཆེན་ཐོན་པ་བཅས་བྱེད་པར་བརྟེན། གཞི་རིམ་ཏང་ཀྲི་པུའུ་ཡི་དམིགས་ཚད་དོ་དམ་ལས་དོན་སྔར་བས་ཚད་ལྡན་ཅན་དུ་འགྱུར་བར་བྱེད་དགོས། དུས་བབ་གསར་བའི་འོག་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཇེ་ལེགས་སུ་གཏོང་བའི་ལམ་བུ་གསར་བ་འཚོལ་ཞིབ་ཧུར་ཐག་བྱས་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དེ་རིམ་པ་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ལས་བསྟན་དོན། ཏང་ཡོངས་ཀྱིས་ངེས་པར་དུ་བློ་ལ་བརྟན་པོར་ངེས་དགོས། མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་ན་ད་གཟོད་ཏང་ཉིད་ཐོག་མཐའ་བར་གསུམ་དུ་ཕམ་པར་འགྱུར་མི་ཐུབ་པ་དང་། བདེ་སྡོད་ཉེན་བསམ་དང་ཡར་རྒྱས་བརྩོན་ལེན་བྱེད་ཕོད་ན། ཏང་ཉིད་གཞི་ནས་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་ཐུབ། གནས་བབ་གསར་བའི་འོག ཏང་གི་མདུན་དུ་ལྷགས་པའི་སྲིད་སྐྱོང་གི་ཉམས་སད་དང་། བསྒྱུར་བཅོས་སྒོ་འབྱེད་ཀྱི་ཉམས་སད། ཚོང་རའི་དཔལ་འབྱོར་གྱི་ཉམས་སད། ཕྱི་རོལ་ཁོར་ཡུག་གི་ཉམས་སད་བཅས་ནི་དུས་ཡུན་རིང་བ་དང་། རྙོག་འཛིང་ཆེ་བ། ཛ་དྲག་ཆེ་བ་བཅས་ཡིན་པ་དང་། བསམ་བློ་ལྷོད་གཡེང་གི་ཉེན་ཁ་དང་། འཇོན་ནུས་མི་འདང་བའི་ཉེན་ཁ། མང་ཚོགས་དང་ཁ་བྲལ་བའི་ཉེན་ཁ། སྒྱིད་ལུག་རུལ་སུངས་ཀྱི་ཉེན་ཁ་བཅས་སྔར་ལས་རྣོ་ངར་ཆེ་བའི་སྒོ་ནས་ཏང་ཡོངས་ཀྱི་མདུན་དུ་ལྷགས་ཡོད། ཏང་གི་འགོ་ཁྲིད་ཆུ་ཚད་དང་སྲིད་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོ་རུ་གཏོང་བ་དང་། རུལ་རྒོལ་འགྱུར་འགོག་དང་ཉེན་ཁ་འགོག་ནུས་པ་ཟམ་མི་ཆད་པར་ཇེ་ཆེ་རུ་གཏོང་དགོས། ཏང་གི་སྲིད་སྐྱོང་གོ་གནས་སྲ་བརྟན་དུ་གཏོང་བ་དང་། སྲིད་སྐྱོང་ལས་འགན་མངོན་འགྱུར་བྱེད་པར་ངེས་པར་དུ་ཐག་གཅོད་ལེགས་པོ་བྱ་དགོས་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཡིན།

3 ལས་བྱེད་པའི་དཔུང་སྡེ།

ལས་བྱེད་པའི་དཔུང་སྡེ་ཡིས་ཏང་གི་རྩ་འཛུགས་འཛུགས་སྐྱོང་ཁྲོད་སྲོག་ཤིང་གི་གོ་གནས་བཟུང་ཡོད། དེའི་ནང་དོན་གཙོ་བོ་ནི་སྤྱོད་ཚུལ་བཟང་པོས་མི་འདེམས་རྒྱུ་རྒྱུན་འཁྱོངས་དང་། སྤྱོད་ཚུལ་བཟང་པོས་མི་འདེམས་རྒྱུ། བསྒྱུར་བཅོས་དང་འཛུགས་སྐྲུན་བྱེད་པའི་ལག་ལེན་དངོས་ཀྱི་ནང་ལས་བྱེད་པར་རྟོག་ཞིབ་དང་དབྱེ་འབྱེད་ངོས་འཛིན་བྱ་རྒྱུར་དོ་སྣང་བྱས་ཏེ་སྤྱོད་ཡོན་གཉིས་ལྡན་དང་། བྱས་རྗེས་འབུར་ཐོན། མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ཁས་ལེན་པ་བཅས་ཀྱི་མི་དེ་དག་དུས་ཐོག་ཏུ་འགོ་ཁྲིད་ཀྱི་ལས་གནས་ཐོག་འདེམས་བསྐོ་བྱ་དགོས། དེ་མིན་ན་གཞོན་ལས་བྱེད་པ་གསོ་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས།

4 ཏང་ཡོན་གྱི་དཔུང་སྡེ།

ཏང་ཡོན་གྱི་དཔུང་སྡེ་ནི་ཏང་གི་རྩ་འཛུགས་ལེགས་སྐྱོང་བྱེད་པའི་ནང་དོན་གལ་ཆེན་གཞན་ཞིག་ཡིན། དེའི་ནང་དོན་གཙོ་བོ་ནི་བསྒྱུར་བཅོས་སྒོ་འབྱེད་དང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་པའི་གནས་བབ་གསར་པའི་འོག ཏང་ཡོན་གྱི་ཚད་གཞི་རྒྱུན་འཁྱོངས་བྱས་ནས་ཏང་ཡོན་ལ་སློབ་གསོ་དང་དོ་དམ་བྱེད་པའི་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱ་དགོས། ཏང་ཡོན་གྱི་བྱང་ཚད་མཐོ་རུ་གཏོང་བ་དང་ཏང་ཡོན་གྱི་ཏང་གཤིས་ཤུགས་ཇེ་ཆེ་རུ་གཏོང་དགོས། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱས་ནས་ཏང་གི་འཐབ་ནུས་དང་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་བ། ཏང་ཡོན་རེ་རེའི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། ཏང་ཡོན་ལ་དོ་དམ་དང་སློབ་གསོ་ནན་པོ་གཏོང་བ་དང་། དམངས་གཙོས་ཏང་ཡོན་ལ་དཔྱད་གླེང་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས། རུལ་སུངས་དུས་ཐོག་ཏུ་གཙང་སེལ། ཚད་མ་ལོན་པའི་ཏང་ཡོན་ཐག་གཅོད་འོས་འཚམ་བཅས་བྱ་དགོས། དུས་མཚུངས་སུ་ཐོན་སྐྱེད་འཐབ་ཕྱོགས་དང་པོའི་བཟོ་པ་དང་། ཞིང་པ། ཤེས་ཡོན་ཅན་བཅས་ཁྲོད་ཀྱི་ཕུལ་བྱུང་མི་སྣ་གསོ་སྐྱོང་དང་བསྡུ་ལེན་བྱ་རྒྱུར་མཐོང་ཆེན་བྱ་དགོས། ལྷག་པར་དུ་ཐོན་ལས་བཟོ་པའི་ཁྲོད་ནས་ཏང་ཡོན་འཕེལ་རྒྱས་གཏོང་རྒྱུའི་ལས་ཀར་ཤུགས་སྣོན་རྒྱག་དགོས།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-12-28

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།