ཁང་ལུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁང་ལུ།
ཁོང་ནི་སྤྱི་ལོ1959ལོའི་ཟླ4བར་ནང་སོག་ཧུའུ་ཧོ་ཧའོ་ཐེ་རུ་སྐྱེས་ཤིང་། ད་ལྟ་ཀྲུང་གོ་ཚན་རིག་ཁང་གི་དམིགས་བསལ་གདན་ཞུས་ཞིབ་འཇུག་པ་དང་། སྲོག་ཆགས་ཞིབ་འཇུག་ཁང་གི་རིམ་པ་དང་པོའི་ཞིབ་འཇུག་པ། ཀྲུང་གོ་ཚན་རིག་ཁང་གི་པེ་ཅིང་ཚེ་སྲོག་ཚན་རིག་ཞིབ་འཇུག་ཁང་གི་ཡོན་ཀྲང་། ཀྲུང་གོ་ཚན་རིག་ཁང་གི་སྐྱེ་དངོས་ཕན་ཚུན་ཕུལ་བྱུང་གསར་གཏོད་ལྟེ་གནས་ཀྱི་ཀྲུའུ་རེན། ཧོ་པེ་སློབ་ཆེན་གྱི་སློབ་གཙོ། རྒྱལ་སྤྱིའི་སྐྱེ་དངོས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུང་གོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་གོ་ཚན་རིག་མཐུན་ཚོགས་ཀྱི་ཚེ་སྲོག་ཚན་རིག་སློབ་ཚོགས་ཀྱི་མཉམ་འབྲེལ་སྒྲིག་གཞིའི་རེས་སྐོར་ཀྲུའུ་ཞི། ཀྲུང་གོ་འབུ་སྲིན་སློབ་ཚོགས་ཀྱི་ལས་འཛིན་སྤྱི་དཔོན་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
康乐
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ནང་སོག་ཧུའུ་ཧོ་ཧའོ་ཐེ།
སྐྱེས་ལོ།
སྤྱི་ལོ1959ལོའི་ཟླ4བ།
ལས་རིགས།
སློབ་ཁྲིད་ཚན་ཞིབ་ལས་དོན་པ།
མཐར་ཕྱིན་སློབ་གྲྭ།
ཀྲུང་གོ་ཚན་རིག་གླིང་གི་སྲོག་ཆགས་ཞིབ་འཇུག་ཁང་།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1959ལོའི་ཟླ4བར་ནང་སོག་ཧུའུ་ཧོ་ཧའོ་ཐེ་རུ་སྐྱེས་ཤིང་། ད་ལྟ་ཀྲུང་གོ་ཚན་རིག་ཁང་གི་དམིགས་བསལ་གདན་ཞུས་ཞིབ་འཇུག་པ་དང་། སྲོག་ཆགས་ཞིབ་འཇུག་ཁང་གི་རིམ་པ་དང་པོའི་ཞིབ་འཇུག་པ། ཀྲུང་གོ་ཚན་རིག་ཁང་གི་པེ་ཅིང་ཚེ་སྲོག་ཚན་རིག་ཞིབ་འཇུག་ཁང་གི་ཡོན་ཀྲང་། ཀྲུང་གོ་ཚན་རིག་ཁང་གི་སྐྱེ་དངོས་ཕན་ཚུན་ཕུལ་བྱུང་གསར་གཏོད་ལྟེ་གནས་ཀྱི་ཀྲུའུ་རེན། ཧོ་པེ་སློབ་ཆེན་གྱི་སློབ་གཙོ། རྒྱལ་སྤྱིའི་སྐྱེ་དངོས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུང་གོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་གོ་ཚན་རིག་མཐུན་ཚོགས་ཀྱི་ཚེ་སྲོག་ཚན་རིག་སློབ་ཚོགས་ཀྱི་མཉམ་འབྲེལ་སྒྲིག་གཞིའི་རེས་སྐོར་ཀྲུའུ་ཞི། ཀྲུང་གོ་འབུ་སྲིན་སློབ་ཚོགས་ཀྱི་ལས་འཛིན་སྤྱི་དཔོན་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།

སྔ་རྗེས་སུ་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་། ཡོ་རོབ་ཚན་རིག་ཁང་གི་ཡོན་ཧྲི། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚན་རིག་ཁང་གི་ཡོན་ཧྲི། རྒྱལ་སྤྱིའི་ཡོ་རོབ་དང་ཨེ་ཤེ་ཡའི་ཚན་རིག་ཁང་གི་ཡོན་ཧྲི། ཨ་རིའི་ནེ་པུའུ་ལ་སི་ཅ་སློབ་ཆེན་གྱི་མཚན་འཛིན་ཚན་རིག་འབུམ་རམས་པ་བཅས་ཀྱི་འགན་བཞེས་མྱོང་།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1990ལོར་ཀྲུང་གོ་ཚན་རིག་གླིང་གི་ཞིབ་འཇུག་སློབ་མའི་སློབ་གླིང་དང་། ཀྲུང་གོ་ཚན་རིག་ཁང་གི་སྲོག་ཆགས་ཞིབ་འཇུག་སུའོ་ཡི་འབུམ་རམས་པའི་བསླབ་གནས་ཐོབ།

སྤྱི་ལོ1990ལོར་ཀྲུང་གོ་ཚན་རིག་གླིང་གི་སྲོག་ཆགས་ཞིབ་འཇུག་ཁང་གི་ཞིབ་འཇུག་རམ་འདེགས་པའི་འགན་བཞེས།    

སྤྱི་ལོ1991ལོར་ཀྲུང་གོ་ཚན་རིག་གླིང་གི་སྲོག་ཆགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པའི་འགན་བཞེས།    

སྤྱི་ལོ1995ལོར་ཀྲུང་གོ་ཚན་རིག་གླིང་གི་སྲོག་ཆགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པའི་འགན་བཞེས།    

སྤྱི་ལོ2001ལོར་ཀྲུང་གོ་ཚན་རིག་གླིང་གི་ཚེ་སྲོག་ཚན་རིག་དང་སྐྱེ་དངོས་ལག་རྩལ་ཅུའུ་ཡི་ཅུའུ་ཀྲང་གི་འགན་བཞེས།    

སྤྱི་ལོ2008ལོར་ཀྲུང་གོ་ཚན་རིག་གླིང་གི་པེ་ཅིང་ཚེ་སྲོག་ཚན་རིག་ཞིབ་འཇུག་ཁང་གི་ཡོན་ཀྲང་གི་འགན་བཞེས།    

སྤྱི་ལོ2009ལོར་ཨ་རིའི་ནེ་པུའུ་ལ་སི་ཅ་སློབ་ཆེན་གྱི་མཚན་འཛིན་ཚན་རིག་འབུམ་རམས་པ་ཡིན།    

སྤྱི་ལོ2011ལོའི་ཟླ12པར་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲིར་བདམས།    

སྤྱི་ལོ2012ལོར་ཀྲུང་གོ་ཚན་རིག་གླིང་གི་སྲོག་ཆགས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གི་འགན་བཞེས།    

སྤྱི་ལོ2015ལོར་ཀྲུང་གོ་ཚན་རིག་གླིང་གི་ཆེད་བསྐོས་གདན་ཞུས་ཞིབ་འཇུག་པ་དང་དགེ་རྒན་ཆེན་མོ་བཅས་ཀྱི་འགན་བཞེས།    

སྤྱི་ལོ2017ལོར་ཧོ་པེ་སློབ་ཆེན་གྱི་སློབ་གཙོའི་འགན་བཞེས།    

3 གཟི་བརྗིད་མཚན་སྙན།

སྤྱི་ལོ2020ལོའི་ཟླ3པར་ཁང་ལི་ཡིས་འགན་འཁུར་བའི་ཁོར་ཡུག་འཕྲོད་མཐུན་དང་སྣོད་བཅུད་གཞི་རྒྱུའི་གྲུབ་ཆ་རིག་པའི་ཞིབ་འཇུག་ཚོགས་པར“ཧོ་པེ་ཞིང་ཆེན་གྱི་ཚན་རྩལ་གསར་གཏོད་ཚོགས་པའི”མཚན་སྙན་ཐོབ།

4 ​སྤྱི་ཚོགས་ལས་འགན།

སྤྱི་ལོ2014ལོར་པེ་ཅིང་ཚན་རྩལ་ཁྱབ་གདལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་འཛིན་འགོ་གཙོའི་འགན་བཞེས།    

སྤྱི་ལོ2014ལོར་ཀྲུང་གོ་ཚན་རིག་གླིང་གི་སློབ་ཆེན་བསླབ་གནས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས།    

སྤྱི་ལོ2016ལོར་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཨུ་ལྷན་གྱི་ཨུ་ཡོན་ཡིན།

སྤྱི་ལོ2018ལོར་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་ཚེ་སྲོག་ཚན་རིག་སློབ་ཚོགས་མཉམ་འབྲེལ་སྒྲིག་གཞིའི་ཀྲུའུ་ཞིའི་འགན་བཞེས།

སྤྱི་ལོ2019ལོར་རྒྱལ་སྤྱིའི་སྐྱེ་དངོས་ཚན་རིག་མཉམ་འབྲེལ་ལྷན་ཚོགས(IUBS)ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས།    

སྤྱི་ལོ2019ལོར་རྒྱལ་སྤྱིའི་སྐྱེ་དངོས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུང་གོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་བཞེས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-12-21

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།