ཀན་སུའུ་སྲིད་ཁྲིམས་སློབ་ཆེན།

- 1 ལོ་རྒྱུས་འཕེལ་རིམ།
- 2 སློབ་སྒྲུབ་ཆ་རྐྱེན།
-
2.1 དགེ་རྒན་གྱི་དཔུང་སྡེ།
2.2 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།
- 3 སློབ་ཁྲིད་འཛུགས་སྐྲུན།
-
3.1 སྤུས་ཚད་ལས་གྲྭ།
3.2 སློབ་ཁྲིད་གྲུབ་འབྲས།
3.3 རིག་ཚན་འཛུགས་སྐྲུན།
- 4 རིག་གཞུང་ཞིབ་འཇུག
-
4.1 ཚན་རིག་ཞིབ་འཇུག་གི་སྟེགས་བུ།
4.2 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།
- 5 རིག་གཞུང་ཐོན་ཁུངས།
-
5.1 དཔེ་མཛོད་ཁང་གི་ཐོན་ཁུངས།
5.2 རིག་གཞུང་དུས་དེབ།
5.3 མཉམ་ལས་སྤེལ་རེས།
- 6 ད་ལྟའི་འགོ་ཁྲིད།
ཀན་སུའུ་ཞིང་ཆེན་སྲིད་ཁྲིམས་ལས་བྱེད་སློབ་གྲྭ།
སྤྱི་ལོ1956ལོར་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཀན་སུའུ་ཞིང་ཆེན་སྲིད་ཁྲིམས་ལས་བྱེད་པའི་སློབ་གྲྭ་འཛུགས་རྒྱུའི་ཆོག་མཆན་བཀོད།
སྤྱི་ལོ1962ལོར་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཀན་སུའུ་ཞིང་ཆེན་སྲིད་ཁྲིམས་ལས་བྱེད་པའི་སློབ་གྲྭ་མེད་པར་བཟོ་རྒྱུའི་གྲོས་ཐག་བཅད།
སྤྱི་ལོ1969ལོར་ཀན་སུའུ་ཞིང་ཆེན་སྲིད་འཛིན་ལས་བྱེད་པའི་སློབ་གྲྭ་མེད་པར་བཟོས།
སྤྱི་ལོ1979ལོར། ཀན་སུའུ་ཞིང་ཆེན་སྲིད་ཁྲིམས་ལས་བྱེད་པའི་སློབ་གྲྭ་སླར་གསོ་བྱས།
ཀན་སུའུ་སྲིད་ཁྲིམས་སློབ་གླིང་།
སྤྱི་ལོ1985ལོར་ཆེད་སྦྱོང་སྡེ་ཁག་གི་སློབ་གསོ་འཛུགས་གཉེར་བྱས།
སྤྱི་ལོ1989ལོར་དངོས་གཞིའི་སྡེ་ཁག་གི་སློབ་གསོ་བཙུགས།
སྤྱི་ལོ2005ལོར་སློབ་གྲྭར་ཆུ་ཚད་མཐོ་བའི་ལུས་རྩལ་རུ་ཁག་གི་སློབ་བསྡུའི་ཐོབ་ཐང་རག
སྤྱི་ལོ2006ལོར་སློབ་གྲྭར་རབ་འབྱམས་པའི་ཞིབ་འཇུག་སློབ་མ་སྤྲོད་པའི་ལས་ཁུངས་ཀྱི་ཐོབ་ཐང་ཐོབ།
སྤྱི་ལོ2007ལོར་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་གསོ་གཉེར།
སྤྱི་ལོ2012ལོར་རྒྱལ་ཁབ་ཀྱི་ཕུལ་བྱུང་བཅའ་ཁྲིམས་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྐྱོང་རྟེན་གཞིའི་སློབ་གླིང་ཁག་དང་པོར་བདམས།
སྤྱི་ལོ2013ལོར་ཁྲིམས་རིག་པའི་ཆེད་ལས་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ཚན་པ་དང་ཁྲིམས་རིག་ཆེད་ལས་ཀྱི་སློབ་ཆེན་སློབ་མའི་སློབ་ཕྱིའི་ལག་ལེན་སློབ་གསོའི་རྟེན་གཞིའི་འཛུགས་སྐྲུན་སློབ་གླིང་དུ་བདམས།
སྤྱི་ལོ2015ལོར་རྒྱལ་ཡོངས་སྲིད་ཁྲིམས་སློབ་གླིང་གི“དྲ་འཛུགས་མནའ་འབྲེལ”གྱི་ཁོངས་མིར་གྱུར།
སྤྱི་ལོ2016ལོར་རྒྱལ་ཡོངས་ཀྱི་མཐོ་སློབ་ཁག་གཉིས་པའི་ལག་ལེན་མི་སྣ་གསོ་སྐྱོང་གསར་གཏོད་ལས་གཏོད་སློབ་གསོའི་རྟེན་གཞིར་བདམས།
སྤྱི་ལོ2017ལོར། རྒྱལ་སྤྱིའི་སློབ་མའི་སློབ་གསོ་གཉེར་ཏེ་ལོ་དེར་ཀན་སུའུ་ཞིང་ཆེན་གྱི་འབུམ་རམས་པའི་བསླབ་གནས་སྤྲོད་པའི་འཛུགས་སྐྲུན་ཚན་པ་དང་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱི་ཁ་གཏད་རོགས་སྐྱོར་སློབ་གྲྭར་གཏན་འཁེལ་བྱས་པ་དང་། ལོ་དེའི་ཟླ་12པར“ཀྲུང་གོའི་སྤྱི་ཚོགས་ལས་དོན་སློབ་གསོའི་སློབ་གྲྭ་བརྒྱའི་དབར་གྱི་དབུལ་སྐྱོར་འཆར་གཞིར”བདམས།
ཀན་སུའུ་སྲིད་ཁྲིམས་སློབ་ཆེན།
སྤྱི་ལོ2019ལོའི་ཟླ6པའི་ཚེས10ཉིན་སློབ་གསོ་པུའུ་ཡིས་ཀན་སུའུ་སྲིད་ཁྲིམས་སློབ་གླིང་གི་མིང་ཀན་སུའུ་སྲིད་ཁྲིམས་སློབ་ཆེན་དུ་བསྒྱུར་རྒྱུའི་མོས་མཐུན་བྱུང་། ཟླ12པའི་ཚེས20ཉིན་ཀན་སུའུ་སྲིད་ཁྲིམས་སློབ་ཆེན་གྱི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས།
སྤྱི་ལོ2020ལོའི་ཟླ5པའི་ཚེས17ཉིན་ཀན་སུའུ་སྲིད་ཁྲིམས་སློབ་ཆེན་ནས་ཤེས་རྟོགས་བྱུང་གསལ། སྤྱི་ལོ2020ལོ་ནས་བཟུང་སློབ་གྲྭ་དེའི་ཆེད་ལས་བདུན་ཀན་སུའུ་ཞིང་ཆེན་གྱི་དངོས་གཞིའི་སྡེ་ཁག་གི་སློབ་བསྡུའི་ནང་བཅུག ཉེ་ཆར་ཀན་སུའུ་ཞིང་ཆེན་སློབ་གསོ་ཡིག་རྒྱུགས་ཁང་གིས་ཀན་སུའུ་སྲིད་ཁྲིམས་སློབ་ཆེན་གྱི་ཁྲིམས་ལུགས་རིག་པ་དང་། ཤེས་བྱའི་ཐོན་དབང་། མྱུལ་ཞིབ་རིག་པ། ཆབ་སྲིད་རིག་པ་དང་སྲིད་འཛིན་རིག་པ། ཉེས་དོན་ཚན་རྩལ། དྲ་རྒྱའི་བར་མཐོངས་བདེ་འཇགས། སྤྱི་ཚོགས་ལས་དོན་སོགས་ཆེད་ལས་བདུན་སྤྱི་ལོ2020ལོ་ནས་བཟུང་ཀན་སུའུ་ཞིང་ཆེན་གྱི་དངོས་གཞིའི་སྡེ་ཁག་གི་སློབ་མ་ཁག་ཐེངས་དང་པོའི་ནང་བཅུག་པ་དང་། ཟླ9པའི་ཚེས26ཉིན་ཀན་སུའུ་སྲིད་ཁྲིམས་སློབ་ཆེན་དུས་བདེའི་ཀན་སུའུ་འཛུགས་སྐྲུན་ཞིབ་འཇུག་ཁང་གི་སྒོ་བྱང་བཀལ་བ་རེད།
སྤྱི་ལོ2019ལོའི་ཟླ་དང་པོའི་བར་སློབ་གྲྭར་དགེ་རྒན་དང་ལས་བཟོ་པ894ཡོད། དེའི་ནང་ཆེད་བསྐོས་དགེ་རྒན་ཁྱོན633ཡོད་པ་དང་མཐོ་རིམ་གོ་མིང་དགེ་རྒན414 རབ་འབྱམས་པ་ཡན་གྱི་བསླབ་གནས་ཡོད་པའི་དགེ་རྒན513 འབུམ་རམས་པ127 སློབ་གཉེར་བྱེད་བཞིན་ཡོད་པའི་འབུམ་རམས་པ67 གདན་ཞུ་དགེ་རྒན282བཅས་ཡོད། ཆེད་བསྐོས་དགེ་རྒན་ཁྲོད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ཐོབ་པའི་ཆེད་མཁས་པ3དང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན2 སློབ་གསོ་པུའུ་ཡི“དུས་རབས་གསར་པའི་ཕུལ་བྱུང་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འཆར་གཞིའི”ནང་བདམས་ཡོད་པ་མི3 སློབ་གསོ་པུའུ་ཡི་མཐོ་རིམ་སློབ་གྲྭའི་སློབ་ཁྲིད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན4 ཀན་སུའུ་ཞིང་ཆེན་གྱི་སྣེ་ཁྲིད་ཤེས་ལྡན་མི་སྣ5 ཀན་སུའུ་ཞིང་ཆེན་གྱི་ཕུལ་བྱུང་རིགས་གཅིག་མཁས་ཅན2 ཀན་སུའུ་ཞིང་ཆེན་གྱི“555”གསར་གཏོད་ཤེས་ལྡན་པ13 “ཀན་སུའུ་ཞིང་ཆེན་གྱི་སྐྱེད་ཚལ་དགེ་རྒན་གྱི་བྱ་དགའ”9 ལུང་ཡོན་དགེ་རྒན་གྱི་ཀུན་སྤྱོད་སྔོན་ཐོན་མི་སྒེར1 ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ6བཅས་ཡོད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ལོངས་སུ་སྤྱོད་མཁན། མ་ཅིན་དང་། ཝང་སུའུ་ཡོན། ལིའུ་ཅིན་ཅིན་བཅས།
རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན། ལི་ཡུས་ཅི་དང་ཝང་རུའུ་ཧྥ།
སློབ་གསོ་པུའུ་ཡི“དུས་རབས་གསར་པའི་ཤེས་ལྡན་པའི་རྒྱབ་སྐྱོར་འཆར་གཞིའི”ཁྲོད་རིགས་གཅིག་མཁས་ཅན་གྱི་གྲས་སུ་ཚུད་པ་སྟེ། དབྱང་ཕིང་དང་། རེན་ཨར་ཞིན། ཧྲི་ཡུས་ཁྲེང་།
སྣེ་ཁྲིད་ཤེས་ལྡན་མི་སྣ་བདམས་ཐོན་བྱུང་བའི་རིགས་གཅིག་མཁས་ཅན་རེན་ཨར་ཞིན་དང་། ཧྲི་ཡུས་ཁྲེང་། ཧྲ་དབན་ཀྲུང་། ལི་པོ་དབྱང་། ལིའུ་ཅིང་ཅུན་བཅས་ཡོད།
ཀན་སུའུ་ཞིང་ཆེན་གྱི་ཕུལ་བྱུང་རིགས་གཅིག་མཁས་ཅན། ལི་ཀྲུང་དབྱང་དང་ཧྥན་ཀང་།
ཀན་སུའུ་ཞིང་ཆེན་གྱི་སློབ་ཁྲིད་དགེ་རྒན་གྲགས་ཅན་ནི། ཝང་རུའུ་ཧྥ་དང་། མ་ཅིན། དབྱང་ཕིན། ཀྲེང་ཀའོ་ཅན། ཧྲི་ཡུས་ཁྲེང་། ཨན་ཏེ་ཀྲི་བཅས་ཡོད།
སྤྱི་ལོ2019ལོའི་ཟླ་དང་པོའི་བར་སློབ་གྲྭར་རིམ་པ་གཉིས་པའི་སློབ་གླིང12བཙུགས་ཡོད། དངོས་གཞིའི་སྡེ་ཁག་གི་ཆེད་ལས34གཉེར་བའི་ནང་ཁྲིམས་ལུགས་རིག་པ་དང་། དོ་དམ་རིག་པ། བཟོ་རིག རྩོམ་རིག དཔལ་འབྱོར་རིག་པ། སྒྱུ་རྩལ་རིག་པ་སོགས་རིག་ཚན་ཆེ་གྲས་དྲུག་ཚུད་ཡོད།
སྤྱི་ལོ2019ལོའི་ཟླདང་པོའི་བར་སློབ་གྲྭར་རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཆེད་ལས་འཛུགས་སྐྲུན་ས་ཚིགས3དང་། རྒྱལ་ཁབ་རིམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་ཚོད་ལྟ་ཁུལ1 ཞིང་ཆེན་རིམ་པའི་ཁྱད་ལྡན་ཆེད་ལས13 ཞིང་ཆེན་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས4བཅས་ཡོད།
སྤྱི་ལོ2018ལོའི་ཟླ12པའི་བར་སློབ་གྲྭར་ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན17དང་ཞིང་ཆེན་རིམ་པའི་སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་སློབ་ཚན5ཡོད།
སྤྱི་ལོ2019ལོའི་ཟླ་དང་པོའི་བར། སློབ་གྲྭའི་སྐབས་གཉིས་ཀྱི་སློབ་ཁྲིད་གྲུབ་འབྲས་བྱ་དགའི་དཔྱད་འདེམས་ནང་ཞིང་ཆེན་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་ཁག5ཐོབ་ཡོད་པ་རེད། དེའི་ནང་བྱ་དགའ་ཨང་དང་པོ2ཡོད། སྤྱི་ལོ2014ལོ་ནས་སྤྱི་ལོ2018ལོའི་ཟླ12པའི་བར། སློབ་གྲྭས་སློབ་ཁྲིད་ཞིབ་འཇུག་དང་སློབ་ཁྲིད་སྒྱུར་བཅོས་རྣམ་གྲངས117ནི་ཕུལ་བྱུང་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། གསར་གཏོད་ཤེས་ལྡན་མི་སྣ་གསོ་སྐྱོང་། ཆ་འཕྲིན་ཅན་གྱི་ལག་རྩལ་བཀོལ་སྤྱོད། སློབ་ཁང་སློབ་ཁྲིད་སྒྱུར་བཅོས། སློབ་ཚན་གཉིས་པ་རྒྱ་སྐྱེད། ལག་ལེན་དངོས་སྦྱོང་སློབ་ཁྲིད་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད།
སྤྱི་ལོ2019ལོའི་ཟླ་དང་པོའི་བར་སློབ་གྲྭར་ཞིང་ཆེན་རིམ་པའི་རྩེར་སོན་གྱི་འཛུགས་སྐྲུན་རིག་ཚན3དང་ཞིང་ཆེན་རིམ་པའི་གཙོ་གནད་རིག་ཚན8 རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཁུལ3 རིམ་པ་གཉིས་པའི་རིག་ཚན་གྱི་རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཁུལ17 ཆེད་ལས་རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཁུལ4བཅས་ཡོད།
སྤྱི་ལོ2019ལོའི་ཟླ་དང་པོའི་བར། སློབ་གྲྭར་ཞིང་ཆེན་རིམ་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་གི་གཙོ་གནད་ཞིབ་འཇུག་རྟེན་གཞི9དང་། ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང2 ཞིང་ཆེན་རིམ་པའི་ཚན་ཞིབ་གསར་གཏོད་ཚོགས་པ3 ཞིང་ཆེན་རིམ་པའི་ཇུས་འདོན་ཚོགས་པ1བཅས་ཡོད། ཉེས་གསོག་སེམས་ཁམས་ཚོད་ལྟའི་ལག་རྩལ་ཞིབ་འཇུག་ལྟེ་གནས་དང་། མྱུལ་ཞིབ་རིགས་པའི་གཞུང་ལུགས་དང་ལས་དོན་ཞིབ་འཇུག་ལྟེ་གནས། ཁྲིམས་ལུགས་རིག་པ་ཞིབ་འཇུག་ཁང་སོགས་སློབ་གྲྭ་རིམ་པའི་ཚན་ཞིབ་སྒྲིག་གཞི་བཙུགས་ཡོད།
སྤྱི་ལོ2019ལོའི་ཟླ་དང་པོའི་བར། སློབ་གྲྭར་ཚན་ཞིབ་གྲུབ་འབྲས་ལ་ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་བྱ་དགའ་ཁག29ཐོབ་པའི་ནང་སློབ་གསོ་པུའུ་ཡི་མཐོ་སློབ་ཀྱི་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ་ཁག1དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཕུལ་བྱུང་སྤྱི་ཚོགས་ཚན་རིག་གི་གྲུབ་འབྲས་བྱ་དགའ1 ཀན་སུའུ་ཞིང་ཆེན་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་རིམ་པ་དང་པོ3 བྱ་དགའ་རིམ་པ་གཉིས་པ6ཐོབ་ཡོད། ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་ཚན་ཞིབ་རྣམ་གྲངས118འགན་འཁུར་བའི་ནང་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩ་དང་རང་བྱུང་ཐེབས་རྩའི་རྣམ་གྲངས38ཡོད།
སྤྱི་ལོ2013ལོར་སློབ་གྲྭའི་དགེ་རྒན་ཆེན་མོ་བ་དབྱང་ཕིང་གིས་གཙོ་སྐྱོང་གནང་ནས་ལེགས་སྒྲུབ་བྱས་པའི《ནུབ་བྱང་མི་རིགས་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཆབ་སྲིད་ནང་ཞུགས་པའི་ཞིབ་འཇུག》(ཞིབ་འཇུག་སྙན་ཞུ)ལ་སློབ་གསོ་པུའུ་ཡི་མཐོ་རིམ་སློབ་གྲྭའི་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ(སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས)ཨང་གསུམ་པ་ཐོབ་པ་རེད།
སྤྱི་ལོ2017ལོའི་ཟླ3པར། སློབ་གྲྭའི་དགེ་རྒན་ཝང་རུའེ་ཕིང་དང་། མ་ཅིན། ཀུའོ་ལི་རུང་། ཞུའེ་ཞའོ་ཧྭ། ལིའུ་ཅན་ཉིང་བཅས་ཀྱིས་ཡིག་ཐོག་སྙན་ཞུ་ཕུལ་བའི《གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་སློབ་གསོ་ནར་འགྱངས་ཡུད་ཙམ་གཏོང་མི་རུང་བ་སྟེ། ཀན་སུའུ་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ཁོང་དུ་ཆུད་ཚུལ་ལ་བརྟག་ཞིབ་བྱས་པའི་སྙན་ཞུ》ལ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་ཚན་ཞིབ་གྲུབ་འབྲས(བརྟག་ཞིབ་སྙན་ཞུ)ཀྱི་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་རེད།
སྤྱི་ལོ2017ལོའི་ཟླ12པའི་བར་སློབ་གྲྭའི་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཤོག་རིགས་དཔེ་དེབ་ཁྲི126.31དང་གློག་རྡུལ་དཔེ་དེབ་ཁྲི80.80ཡོད། “ཀན་སུའུ་སྲིད་ཁྲིམས་སློབ་གླིང་གི་སློབ་གནས་དཔྱད་རྩོམ་མཛོད”དང“སྲིད་ཁྲིམས་རིག་མཛོད”“ལུང་རིགས་ཀྱི་ཁྲིམས་རིག་མཁས་ཅན་གྱི་དཔྱད་ཡིག་ཁང”བཅས་ཁྱད་ལྡན་ཚད་ལྡན་ཡིག་ཆའི་མཛོད3ཡོད། ཝུན་ཅིན་ཀོའི《མཛོད་བཞི་ཀུན་བཏུས》དང་།《མི་སེར་རྒྱལ་ཁབ་ཀྱི་དཔེ་ཚོགས》《ཀྲུང་གོའི་ནུབ་བྱང་ཆོས་ལུགས་ཀྱི་ཚད་ལྡན་ཡིག་ཚགས》《མི་སེར་རྒྱལ་ཁབ་དུས་སྐབས་ཀྱི་ནང་སྲིད་སྤྱི་བསྒྲགས》《ཀྲུང་གོའི་ཏུན་ཧོང་རིག་པའི་ལོ་བརྒྱའི་ཡིག་མཛོད》སོགས་ཉོས་ཡོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡི་གེའི་གཞི་གྲངས་མཛོད33ཡོད་པ་དེའི་ནང་བཅའ་ཁྲིམས་རིག་པའི་རིགས5དང་། སློབ་ཁྲིད་ཀྱི་རིགས9 ཕྱིའི་ཡིག་མཛོད3 ཕྱོགས་བསྡུས་རིགས3བཅས་ཡོད།
《ཀན་སུའུ་སྲིད་ཁྲིམས་སློབ་གླིང་གི་རིག་གཞུང་ཚགས་པར》ནི་ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པ་དང་ཀན་སུའུ་སྲིད་ཁྲིམས་སློབ་ཆེན་གྱིས་གཙོ་སྒྲུབ་བྱས་པའི་ཁྲིམས་ལུགས་རིག་པའི་དུས་དེབ་ཅིག་རེད། སྤྱི་ལོ2004ལོ་དང་སྤྱི་ལོ2006ལོར་བསྟུད་མར“CSSCIའབྱུང་ཁུངས་དུས་དེབ”ཏུ་བདམས་པ་དང་། སྤྱི་ལོ2008ལོ་དང་། སྤྱི་ལོ2010ལོ། སྤྱི་ལོ2012ལོར་བསྟུད་མར“CSSCIའབྱུང་ཁུངས་དུས་དེབ་རྒྱ་སྐྱེད་པར་གཞི”(ནན་ཅིན་སློབ་ཆེན) སྤྱི་ལོ2009ལོར“RCCSEཀྲུང་གོའི་ལྟེ་བའི་རིག་གཞུང་དུས་དེབ”(ཝུའུ་ཧན་སློབ་ཆེན) སྤྱི་ལོ2012ལོར་རྒྱ་ཡིག་གི་ལྟེ་བའི་དུས་དེབ(པེ་ཅིང་སློབ་ཆེན)བཅས་སུ་བདམས།
《ནུབ་རྒྱུད་ཁྲིམས་ལུགས་རིག་པའི་དཔྱད་གཏམ》ནི་ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་གི་གཙོ་གཉེར་དང་ཀན་སུའུ་སྲིད་ཁྲིམས་སློབ་ཆེན་གྱིས་གཙོ་སྒྲུབ་བྱས་པའི་ཁྲིམས་རིག་ཆེད་ལས་ཀྱི་རིག་གཞུང་དུས་དེབ་ཅིག་རེད། ཀྲུང་གོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་གི་འདྲེན་ཡིག་གྲངས་མཛོད། ཀྲུང་གོའི་དུས་དེབ་དྲ་བ། ཀྲུང་གོའི་རིག་གཞུང་དུས་དེབ་ཀྱི་ཕྱོགས་བསྡུས་གདེང་འཇོག་གྲངས་མཛོད་སོགས་སྔ་རྗེས་སུ་འབྱུང་ཁུངས་དུས་དེབ་ནང་བཅུག ཆེད་དོན་ཇུས་འགོད་དང་། བཅའ་ཁྲིམས་ཀྱི་ལོ་རྒྱུས། བཅའ་ཁྲིམས་ཀྱི་རིག་གནས། མི་རིགས་ཀྱི་ཁྲིམས་ལུགས། ཁྲིམས་ལུགས་རིག་པའི་ཆེད་བརྗོད། བཅའ་ཁྲིམས་ཀྱི་དོན་གཉེར། ནུབ་རྒྱུད་ཁྲིམས་སྐྱོང་། ས་ཁོངས་ཕྱི་རོལ་གྱི་བཅའ་ཁྲིམས་རིག་པ། སྤྱི་བདེ་ཞིབ་འཇུག ཁྲིམས་ལུགས་རིག་པའི་སློབ་གསོ། སྤྱི་ཚོགས་ཚན་རིག་འཕྲེད་གཞུང་སོགས་ཀྱི་ལེ་ཚན་བཟོས་ཡོད།
སྤྱི་ལོ2019ལོའི་ཟླ1པོའི་བར་སློབ་གྲྭ་དང་ཨ་རིའི་ཨུ་ཁེ་ལ་ཧོ་མཱ་ཀྲོའུ་ལི་སློབ་ཆེན། དབྱིན་ཇིའི་ཧུའུ་ཕུའུ་ཧན་ཏུན་སློབ་ཆེན། ཁེར་གྷི་སི་ཐན་ཨའོ་ཧྲེ་རྒྱལ་བཙུགས་སློབ་ཆེན། ཨུ་རུ་སུའི་ཧྲེང་པི་ཏེ་པའོ་སློབ་ཆེན། ཧ་སག་སི་ཐན་བཅའ་ཁྲིམས་སློབ་ཆེན་སོགས་ཀྲུང་གོ་ཕུད་པའི་མཐོ་སློབ་བར་ཕན་ཚུན་མངགས་གཏོང་བྱས་པའི་ཕྱི་འགྲིམས་སློབ་མ་དང་། འཚམས་འདྲིའི་མཁས་དབང་། མཉམ་འབྲེལ་གསོ་སྐྱོང་སོགས་སློབ་གྲྭའི་བར་རིག་གཞུང་སྤེལ་རེས་དང་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཡོད།
ཏང་ཨུའི་ཧྲུའུ་ཅི། མ་ཅན་ཏུང་།
ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སློབ་གཙོ། ལི་ཡུས་ཅི།
ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཝང་ཅེ།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2020-12-16
གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།