ཀན་སུའུ་ནུས་རྒྱུ་རྫས་འགྱུར་བཟོ་ལས་ལས་རིགས་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀན་སུའུ་ནུས་རྒྱུ་རྫས་འགྱུར་བཟོ་ལས་ལས་རིགས་སློབ་གླིང་།
ཀན་སུའུ་ནུས་རྒྱུ་རྫས་འགྱུར་བཟོ་ལས་ལས་རིགས་སློབ་གླིང་ནི“རྒྱུད་གཅིག་ལམ་གཅིག”གི་མཚམས་ཚིགས་གྲོང་ཁྱེར་ལན་ཀྲོའུ་རུ་གནས་ཡོད། སློབ་གླིང་ནི་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་དང་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་བྱས་པའི་ཉིན་ཧྲིལ་བའི་ལམ་ལུགས་ཀྱི་གཞུང་བཙུགས་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། ཀན་སུའུ་ཞིང་ཆེན་གྱི་ཁག་དང་པོའི་མཐོ་རིམ་ལས་རིགས་གཞི་གཅིག་ཅན་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཡིན། སློབ་གླིང་དེ་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཉེར་བ་དང་། ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་གིས་དོ་དམ་བྱེད་ཀྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
甘肃能源化工职业学院
དབྱིན་ཡིག་གི་མིང་།
GanSu college of Energy&Chemistry vocation
བཙུགས་ལོ། 
སྤྱི་ལོ1958ལོ།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
ཆེད་སྦྱོང་།
སློབ་གྲྭའི་ཁྱད་ཆོས།
ཞིང་ཆེན་ཁོངས་ཀྱི་དངོས་གཞིའི་ཚན་ཁག་གི་མཐོ་རིམ་སློབ་གྲྭ་དཀྱུས་མ།
ལས་ཐོག་འགོ་ཁྲིད།
སློབ་གཙོ། ཝུའུ་ལན་ཀྲོའུ།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
ནུས་ཁུངས་ལས་གྲྭ་སྡེ་ཁག་དང་། རྫས་འགྱུར་ལས་གྲྭ་སྡེ་ཁག
​ གཟི་བརྗིད་མཚན་སྙན། 
རྒྱལ་ཡོངས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་སྔོན་ཐོན་ལས་ཁུངས།
1 ལོ་རྒྱུས་ཀྱི་འཕེལ་རིམ།                                                              
1_1 ཀན་སུའུ་རྡོ་སོལ་བཟོ་ལས་སློབ་གྲྭ།

སྤྱི་ལོ1973ལོར་ཀན་སུའུ་ཞིང་ཆེན་ཅིན་ཡོན་སོལ་གཏེར་སློབ་གྲྭ་བཙུགས།

སྤྱི་ལོ1979ལོར་ཀན་སུའུ་ཞིང་ཆེན་ཅིན་ཡོན་སོལ་གཏེར་སློབ་གྲྭ་དེ་ཅིན་ཡོན་སོལ་གཏེར་སློབ་གྲྭ་ཞེས་པར་མིང་བསྒྱུར།

སྤྱི་ལོ1984ལོར་ཅིན་ཡོན་སོལ་གཏེར་སློབ་གྲྭ་ཀན་སུའུ་རྡོ་སོལ་བཟོ་ལས་སློབ་གྲྭ་ཞེས་པར་མིང་བསྒྱུར།

1_2 ཀན་སུའུ་རྡོ་སྣུམ་རྫས་འགྱུར་བཟོ་ལས་སློབ་གྲྭ།

སྤྱི་ལོ1984ལོར་ཀན་སུའུ་ཞིང་ཆེན་རྫས་འགྱུར་བཟོ་ལས་ལག་རྩལ་བཟོ་པའི་སློབ་གྲྭ་བཙུགས།

སྤྱི་ལོ2003ལོར་ཀན་སུའུ་རྡོ་སྣུམ་རྫས་འགྱུར་བཟོ་ལས་སློབ་གྲྭ་གསར་འཛུགས་བྱས།

སྤྱི་ལོ2009ལོར་ཀན་སུའུ་ཞིང་ཆེན་རྫས་འགྱུར་བཟོ་ལས་ལག་རྩལ་བཟོ་པའི་སློབ་གྲྭར་ཀན་སུའུ་ཞིང་ཆེན་རྫས་འགྱུར་བཟོ་ལས་མཐོ་རིམ་ལག་རྩལ་བཟོ་པའི་སློབ་གྲྭར་མིང་བསྒྱུར།

སྤྱི་ལོ2009ལོར་ཀན་སུའུ་རྡོ་སྣུམ་རྫས་འགྱུར་ལག་རྩལ་པའི་སློབ་གླིང་གསར་འཛུགས་བྱས།

1_3 ཀན་སུའུ་ཞིང་ཆེན་ཨར་ལས་རྒྱུ་ཆའི་བཟོ་ལས་སློབ་གྲྭ།

སྤྱི་ལོ1958ལོར་རྒྱལ་ཁབ་ལྕི་བའི་བཟོ་ལས་པུའུ་ཡུང་ཏེང་ཨར་ལས་རྒྱུ་ཆའི་སློབ་གྲྭ་བཙུགས།

སྤྱི་ལོ1979ལོར་རྒྱལ་ཁབ་ལྕི་བའི་བཟོ་ལས་པུའུ་ཡུང་ཏེང་ཨར་ལས་རྒྱུ་ཆའི་སློབ་གྲྭ་ཀན་སུའུ་ཞིང་ཆེན་ཨར་ལས་རྒྱུ་ཆའི་བཟོ་ལས་སློབ་གྲྭར་མིང་བསྒྱུར།

སྤྱི་ལོ1999ལོར་ཀན་སུའུ་ཞིང་ཆེན་ཨར་ལས་རྒྱུ་ཆའི་ལག་རྩལ་བཟོ་པའི་སློབ་གྲྭ་གསར་འཛུགས་བྱས།

1_4 ལན་ཀྲོའུ་གློག་རྡུལ་བཟོ་ལས་སློབ་གྲྭ།

སྤྱི་ལོ1985ལོར་ལན་ཀྲོའུ་གློག་རྡུལ་བཟོ་ལས་སློབ་གྲྭ་བཙུགས།

སྤྱི་ལོ2016ལོར་ཀན་སུའུ་རྡོ་སོལ་བཟོ་ལས་སློབ་གྲྭ་དང་། ཀན་སུའུ་ཞིང་ཆེན་ཨར་ལས་རྒྱུ་ཆའི་བཟོ་ལས་སློབ་གྲྭ། ཀན་སུའུ་རྡོ་སྣུམ་རྫས་འགྱུར་བཟོ་ལས་སློབ་གྲྭ། ལན་ཀྲོའུ་གློག་རྡུལ་བཟོ་ལས་སློབ་གྲྭ་བཅས་ཟླ་སྒྲིལ་བཏང་ནས་ཀན་སུའུ་ནུས་རྒྱུ་རྫས་འགྱུར་བཟོ་ལས་ལས་རིགས་སློབ་གླིང་བཙུགས་པ་རེད།

སྤྱི་ལོ2016ལོའི་ཟླ2པར་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད་ཀན་སུའུ་ནུས་རྒྱུ་རྫས་འགྱུར་བཟོ་ལས་ལས་རིགས་སློབ་གླིང་དངོས་སུ་བཙུགས་པ་རེད།

2 དགེ་རྒན་གྱི་དཔུང་སྡེ།

སློབ་གླིང་ལ་ད་ལྟ་དགེ་རྒན་དང་ལས་བཟོ་པ570ཡོད། དེའི་ནང་དགེ་རྒན་ཆེན་མོ་དང་དགེ་རྒན་ཆེན་མོ་གཞོན་པ་རིམ་པའི་ཆེད་ལས་ལག་རྩལ་མི་སྣ125དང་། “ཉིས་འཇོན་རྣམ་པའི” དགེ་རྒན278  ལས་རིགས་དང་ཁེ་ལས་ཀྱི་གཅིག་ལྕོགས་དགེ་རྒན173གདན་འདྲེན་ཞུས་ཡོད། ད་ལྟ་ཞིང་ཆེན་རིམ་པའི་ཆེད་ལས་སྣེ་ཁྲིད་པ་དང་དེ་བཞིན་ཞིང་ཆེན་རིམ་པའི་རྐང་འཛིན་དགེ་རྒན93ཡོད་པ་དང་། དགེ་རྒན་གྱིས་ལས་རིགས་སློབ་གསོའི་སློབ་གཞི192རྩོམ་སྒྲིག་དཔེ་སྐྲུན་བྱས་ཡོད།

3 འཕེལ་རྒྱས་དང་འཛུགས་སྐྲུན།

སློབ་གླིང་གི་ཆེད་ལས་བཀོད་སྒྲིག་ཆ་ཚང་བ་དང་ཁྱབ་ཚུལ་ལུགས་མཐུན་ཡིན་ལ། ནུས་རྒྱུའི་ལས་གྲྭའི་སྡེ་ཁག་དང་། རྫས་འགྱུར་ལས་གྲྭའི་སྡེ་ཁག རྒྱུ་ཆ་དང་ས་ཤིང་ལས་གྲྭའི་སྡེ་ཁག རིག་ནུས་བཟོ་སྐྲུན་ལས་གྲྭའི་སྡེ་ཁག གློག་རླངས་ལས་གྲྭའི་སྡེ་ཁག ཐོན་ཁུངས་ཁོར་ཡུག་ལས་གྲྭའི་སྡེ་ཁག གློག་རྡུལ་དང་ཆ་འཕྲིན་ལས་གྲྭའི་སྡེ་ཁག དཔལ་འབྱོར་དང་དོ་དམ་ལས་གྲྭའི་སྡེ་ཁག ལུས་རྩལ་པུའུ། འབྲིང་རིམ་ལས་རིགས་པུའུ། ཀན་སུའུ་རྡོ་སྣུམ་རྫས་འགྱུར་ལག་རྩལ་པའི་སློབ་གླིང་སོགས་བཙུགས་ཡོད། སློབ་གླིང་གིས་ཀན་སུའུ་ཞིང་ཆེན་གྱི་ཐོན་ལས་གྲུབ་ཆ་དང་བསྟུན་ནས་རྫས་འགྱུར་བཟོ་ལས་ལག་རྩལ་རིགས་དང་། ནུས་རྒྱུའི་སྒུལ་ཤུགས་རིགས། ཐོན་ཁུངས་གསར་སྤེལ་རིགས། རྡོ་སྣུམ་དང་རང་བྱུང་སོལ་རླངས་རིགས། རྒྱུ་ཆ་ཚན་རིག་རིགས། ས་ཤིང་བཟོ་སྐྲུན་རིགས། སྒྲིག་ཆས་བཟོ་སྐྲུན་རིགས། གློག་རྡུལ་ཆ་འཕྲིན་རིགས། དཔལ་འབྱོར་དོ་དམ་རིགས་སོགས་ཆེད་ལས་ཆེ་གྲས10དང་ཆེད་ལས34བཙུགས་ཡོད།

4 མི་སྣ་གསོ་སྐྱོང་།

སློབ་གླིང་གིས་རྩལ་ནུས་གསོ་སྦྱོང་དང་རྒྱུན་མཐུད་སློབ་གསོའི་གྲུབ་འབྲས་མངོན་གསལ་དོད་པོ་བླངས་ཡོད། ཀན་སུའུ་ཞིང་ཆེན་གྱི་རྒྱལ་ཁབ་ཀྱི་ལས་རིགས་རྩལ་ནུས་གསལ་འབྱེད་ཁང་དང་། རྫས་འགྱུར་བཟོ་ལས་ཁོ་ནར་ཡོད་པའི་ལས་རིགས་རྩལ་ནུས་གསལ་འབྱེད་ས་ཚིགས། རྒྱལ་ཁབ་ཀྱི་ཨར་ལས་རྒྱུ་ཆའི་ལས་རིགས་རྩལ་ནུས་གསལ་འབྱེད་ས་ཚིགས་ཨང019པ་བཅས་བཙུགས་ཡོད། སློབ་གླིང་ནི་རྒྱལ་ཁབ་རིམ་པའི་ཕྱོགས་བསྡུས་ལས་རིགས་གསོ་སྦྱོང་རྟེན་གཞི་དང་རྒྱལ་ཁབ་རིམ་པ་གཉིས་པའི་སོལ་གཏེར་བདེ་འཇགས་ལག་རྩལ་གསོ་སྦྱོང་ལྟེ་གནས་ཡིན། ཁེ་ལས་དང་སྤྱི་ཚོགས་ལ་འབྲིང་རིམ་དང་མཐོ་རིམ་ཆེད་ལས་ལག་རྩལ་མི་སྣ་གསོ་སྦྱོང་བྱེད་པ་དང་། སློབ་གླིང་གིས་ལན་ཀྲོའུ་སློབ་ཆེན་དང་། ནུབ་བྱང་བཟོ་ལས་སློབ་ཆེན། པེ་ཅིན་རྫས་འགྱུར་བཟོ་ལས་སློབ་ཆེན། ཞི་ཨན་ཚན་རྩལ་སློབ་ཆེན། ཞི་ཨན་ཨར་ལས་ཚན་རྩལ་སློབ་ཆེན། ལན་ཀྲོའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭ་དཀྱུས་མ་མང་པོ་དང་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཡོད།  འཕྲིན་བརྒྱུད་སློབ་གསོ་དང་། རྒྱང་རིང་དྲ་རྒྱའི་སློབ་གསོ། སྒོ་འབྱེད་སློབ་གསོ་བཅས་སྤེལ་བ་དང་། དངོས་གཞིའི་ཚན་ཁག་གི་ཆེད་ལས12བཙུགས་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-12-17

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།