ཀན་སུའུ་འཕྲོད་བསྟེན་ལས་རིགས་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀན་སུའུ་འཕྲོད་བསྟེན་ལས་རིགས་སློབ་གླིང་།
ཀན་སུའུ་འཕྲོད་བསྟེན་ལས་རིགས་སློབ་གླིང་ནི་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་བཙུགས་པ་དང་སློབ་གསོ་པུའུ་ཡིས་ཐོ་འགོད་བྱས་པའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་གཞུང་བཙུགས་མཐོ་སློབ་དཀྱུས་མ་ཞིག་ཡིན། རྒྱལ་ཡོངས་ཀྱི་ནད་སྐྱོང་ཆེད་ལས་རྩལ་ནུས་ཅན་གྱི་ཤེས་ལྡན་མི་སྣ་དཀོན་པའི་གསོ་སྦྱོང་རྟེན་གཞི་ཁག་དང་པོ་དང་། རྒྱལ་ཡོངས་འཕྲོད་བསྟེན་ལས་རིགས་སློབ་གསོ་སློབ་ཁྲིད་མཛུབ་ཁྲིད་ཨུ་ལྷན་གྱི་ཨུ་ཡོན་དང་དེ་བཞིན་ནད་སྐྱོང་ཡན་ལག་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ཚན་པ། ཀྲུང་ཧྭ་གསོ་རིག་སློབ་ཚོགས་རྒྱལ་ཡོངས་འཕྲོད་བསྟེན་ལས་རིགས་སློབ་གསོ་ཞིབ་འཇུག་ལྷན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ། ཀྲུང་གོ་ལས་རིགས་སློབ་གསོ་སློབ་ཚོགས་ཀྱི་སློབ་ཁྲིད་ལས་དོན་ཨུ་ལྷན་གྱི་རྒྱུན་ལས་ལས་འཛིན་ཚན་པ། རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་ལས་རིགས་ལག་རྩལ་སློབ་གསོའི་སློབ་ཚོགས་ཀྱི་ལས་འཛིན་དཔོན་གཞོན་པའི་ཚན་པ། རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་སྨན་རྫས་ལས་རིགས་སློབ་གསོ་སློབ་ཁྲིད་མཛུབ་ཁྲིད་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ཚན་པ། ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་ལས་རིགས་སློབ་གསོའི་ཚན་རིག་ཞིབ་འཇུག་སུའོ་ཡི་ཀྲུའུ་རེན་ཚན་པ། ཀན་སུའུ་ཞིང་ཆེན་གསོ་རིག་སློབ་གསོ་ཆེད་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚན་པ། ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་ཚོགས་པའི་དྲུང་ཆེ་བཅས་ཡིན་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
甘肃卫生职业学院
དབྱིན་ཡིག་གི་མིང་།
Gansu Health Vocational College
བཙུགས་ལོ།
སྤྱི་ལོ1956ལོ།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
གསོ་རིག
གཙོ་གཉེར་སྡེ་ཁག
ཀན་སུའུ་ཞིང་ཆེན།
ལས་ཐོག་འགོ་ཁྲིད།
སློབ་གཙོ། རེན་ཧུའེ།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
ནད་ཐོག་ནད་གཡོག་སློབ་གླིང་། ཀྲུང་ལུགས་གསོ་རིག་སློབ་གླིང་།
སློབ་གྲྭའི་ཚབ་ཨང་།
14517
མཐོ་རིམ་ལས་རིགས་ཆེད་ལས།
11ཡོད།
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1956ལོར་ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་སློབ་གྲྭ་བཙུགས།

སྤྱི་ལོ1956ལོའི་ཟླ1པོར་དེ་སྔའི“ལན་ཀྲོའུ་གསོ་རིག་སློབ་གླིང་གི་ཞོར་གཏོགས་ནད་གཡོག་སློབ་གྲྭ”དང“ལན་ཀྲོའུ་འཕྲོད་བསྟེན་སློབ་གྲྭའི་ནད་གཡོག་ཆེད་ལས་ཟླ་སྒྲིལ་བཏང་ནས“ཀན་སུའུ་ཞིང་ཆེན་ལན་ཀྲོའུ་ནད་གཡོག་སློབ་གྲྭ”བཙུགས།

སྤྱི་ལོ1962ལོའི་ཟླ6པར“ལན་ཀྲོའུ་གྲོང་ཁྱེར་འཕྲོད་བསྟེན་སློབ་གྲྭ”དང་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་ནད་གཡོག་སློབ་གྲྭ་ཟླ་སྒྲིལ་བཏང་ནས“ཀན་སུའུ་ཞིང་ཆེན་ལན་ཀྲོའུ་འཕྲོད་བསྟེན་སློབ་གྲྭ”ཞེས་མིང་བསྒྱུར།

སྤྱི་ལོ1976ལོའི་ཟླ10བར། སློབ་གྲྭས་ཏང་གི་སྤྱི་ཁྱབ་ཀྲི་པུའུ་དང་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས། ཐད་གཏོགས་ཞིང་ཆེན་འཕྲོད་བསྟེན་ཅུས་ཀྱི་འགོ་ཁྲིད་དང་། སློབ་གྲྭ་དང་ཞིང་ཆེན་མི་དམངས་སྨན་ཁང་སོ་སོར་དབྱེ།

སྤྱི་ལོ1980ལོའི་ཟླ3པར་དེ་སྔའི“ཀན་སུའུ་ཞིང་ཆེན་ལན་ཀྲོའུ་འཕྲོད་བསྟེན་སློབ་གྲྭ”ཡི་སྒྲིག་གཞི་སླར་གསོ་བྱས།

སྤྱི་ལོ1984ལོའི་ཟླ6པར“ཀན་སུའུ་ཞིང་ཆེན་ལན་ཀྲོའུ་འཕྲོད་བསྟེན་སློབ་གྲྭ”ཞེས་པ་དེ“ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་སློབ་གྲྭ”ཞེས་པར་མིང་བསྒྱུར།

སྤྱི་ལོ1993ལོའི་ཟླ4པར། ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་ལས་བྱེད་པའི་སློབ་གྲྭ”ཞིང་ཆེན་འཕྲོད་བསྟེན་སློབ་གྲྭར་ཟླ་སྒྲིལ་བཏང་།

སྤྱི་ལོ1993ལོའི་ཟླ12པར་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་དང་པུའུ་རིམ་པའི་གཙོ་གནད་འབྲིང་རིམ་ཆེད་ལས་སློབ་གྲྭ་དཀྱུས་མར་ཆོག་མཆན་གནང་།

སྤྱི་ལོ2000ལོའི་ཟླ5པར་རྒྱལ་ཁབ་སློབ་གསོ་པུའུ་ཡིས་རྒྱལ་ཁབ་རིམ་པའི་གཙོ་གནད་འབྲིང་རིམ་ཆེད་ལས་སློབ་གྲྭ་ཁག་དང་པོར་ཆོག་མཆན་སྤྲད་པ་རེད།

སྤྱི་ལོ2012ལོའི་ཟླ་དང་པོར་ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་གི་ཆོག་མཆན་ཐོབ་པ་བརྒྱུད་ཀན་སུའུ་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་གྲབས་འཛུགས་བྱས།

སྤྱི་ལོ2013ལོའི་ཟླ5པར་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ཀན་སུའུ་འཕྲོད་བསྟེན་ལས་རིགས་སློབ་གླིང་བཙུགས།

སྤྱི་ལོ2014ལོའི་ཟླ4པར་སློབ་གླིང་གིས་སློབ་གསོ་པུའུ་ཡི་ཐོ་འགོད་སྙན་སེང་བརྒྱུད་ཀན་སུའུ་འཕྲོད་བསྟེན་ལས་རིགས་སློབ་གླིང་དངོས་སུ་བཙུགས་པ་རེད།

2 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།

སྤྱི་ལོ2019ལོའི་ཟླ4པའི་བར་སློབ་གླིང་དུ་སློབ་ཁྲིད་ཚན་པ6བཙུགས་ཡོད་པ་དང་མཐོ་རིམ་ལས་རིགས་ཆེད་ལས11བཙུགས་ཡོད།

2_1 ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་གླིང་།

ཀྲུང་ལུགས་གསོ་རིག་དང་། འཕུར་མཉེད། ཀྲུང་ལུགས་སྨན་རྫས་རིག་པ། སྨན་རྫས་རིག་པ།

2_2 ནད་ཐོག་ནད་སྐྱོང་སློབ་གླིང་།

ནད་ཐོག་གསོ་རིག་དང་། ནད་སྐྱོང་།

2_3 གསོ་རིག་ལག་རྩལ་སློབ་གླིང་།

ཁ་ནད་གསོ་རིག ཁ་ནད་གསོ་རིག་ལག་རྩལ། གསོ་རིག་བརྟག་བཤེར་ལག་རྩལ། གསོ་རིག་བརྙན་པར་ལག་རྩལ།

3 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2019ལོའི་ཟླ4པའི་བར་སློབ་གླིང་དུ་དགེ་རྒན་དང་ལས་བཟོ་པ483ཡོད་པའི་ནང་། ཆེད་བསྐོས་དགེ་རྒན270ཡོད་པ་དང་། དགེ་རྒན་ཆེན་མོ་གཞོན་པ་ཡན་གྱི་གོ་མིང་ཡོད་མཁན106དང་། འཆད་ཁྲིད་དགེ་རྒན121 རབ་འབྱམས་པ89དང་འབུམ་རམས་པ2ཡོད།

4 སློབ་ཁྲིད་འཛུགས་སྐྲུན།
4_1 སྤུས་ཚད་ལས་གྲྭ།

སྤྱི་ལོ2019ལོའི་ཟླ4པའི་བར་སློབ་གླིང་དུ་ཞིང་ཆེན་རིམ་པའི་དཔེ་སྟོན་ཆེད་ལས5དང་ཞིང་ཆེན་རིམ་པའི་རྐང་འཛིན་ཆེད་ལས2ཡོད་པ་རེད།

ཞིང་ཆེན་རིམ་པའི་དཔེ་སྟོན་ཆེད་ལས་ནི། བདག་སྐྱོང་དང་། སྐྱེས་རོགས། གསོ་རིག་བརྙན་པར་ལག་རྩལ། ཁ་ནད་གསོ་རིག་ལག་རྩལ་སོགས།

ཞིང་ཆེན་རིམ་པའི་རྐང་འཛིན་ཆེད་ལས། གསོ་རིག་ཞིབ་བཤེར་ལག་རྩལ་དང་སྨན་རྫས་རིག་པ།

4_2 སློབ་ཁྲིད་གྲུབ་འབྲས།

སྤྱི་ལོ2019ལོའི་ཟླ4པའི་བར། སློབ་གླིང་ལ་ཀན་སུའུ་ཞིང་ཆེན་གྱི་ལས་རིགས་སློབ་གསོའི་སློབ་ཁྲིད་ཀྱི་གྲུབ་འབྲས་བྱ་དགའ་ཨང་དང་པོ2དང་བྱ་དགའ་ཨང་གཉིས་པ1ཐོབ་ཡོད།

4_3 སྤེལ་རེས་དང་མཉམ་ལས།

སྤྱི་ལོ2019ལོའི་ཟླ4པའི་བར། སློབ་གླིང་གིས་པེ་ཅིང་སློབ་ཆེན་དང་། ལན་ཀྲོའུ་སློབ་ཆེན། ཀན་སུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་བཅས་དང་མཉམ་ལས་སློབ་གཉེར་བྱས་ནས་ནད་གཡོག་དང་། གསོ་རིག་བརྙན་པར། གསོ་རིག་ཞིབ་བཤེར། ཁ་ནད་གསོ་རིག་སོགས་ཆེད་ལས་ཀྱི་དངོས་གཞིའི་ཚན་ཁག་རིམ་པའི་དར་མའི་སློབ་གསོ་བཙུགས་ཡོད།

4_4 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2018ལོར། སློབ་གླིང་གི་དགེ་རྒན་གྱིས་ཞིང་ཆེན་དང་ཐིང་རིམ་པའི་ཞིབ་འཇུག་ལས་གཞི27རེ་ཞུ་བྱས་པ་དང་རྒྱལ་ཁབ་རིམ་པའི་དཔྱད་རྩོམ37སྤེལ་ཡོད།

4_5 རིག་གཞུང་ཐོན་ཁུངས།

སྤྱི་ལོ2019ལོའི་ཟླ4པ་བར་སློབ་གླིང་གི་དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི20(གློག་རྡུལ་དཔེ་དེབ་ཁྲི6ཚུད་པ)ཉར་ཚགས་བྱས་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-12-17

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།