མཚོ་སྔོན་དགེ་ཐོན་སློབ་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཚོ་སྔོན་དགེ་ཐོན་སློབ་ཆེན།
མཚོ་སྔོན་དགེ་ཐོན་སློབ་ཆེན་ནི་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་དུ་གནས་ཡོད་ལ། སྤྱི་ལོ1956ལོར་བཙུགས་པ་དང་སློབ་གྲྭའི་ཐོག་མའི་མིང་ལ་དགེ་ཐོན་ཆེད་སྦྱོང་སློབ་གྲྭ་ཞེས་འབོད། སྤྱི་ལོ1958ལོར་མཚོ་སྔོན་དགེ་ཐོན་སློབ་གླིང་དུ་རིམ་འཕར་བྱས་པ་དང་སྤྱི་ལོ1984ལོར་སློབ་གྲྭའི་མིང་ལ་མཚོ་སྔོན་དགེ་ཐོན་སློབ་ཆེན་ཞེས་བསྒྱུར། སྤྱི་ལོ1997ལོའི་རྗེས། མཚོ་སྔོན་སློབ་གསོ་སློབ་གླིང་དང་། མཚོ་སྔོན་མི་རིགས་དགེ་ཐོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭ། མཚོ་སྔོན་ཞིང་ཆེན་དངུལ་ཁང་སློབ་གྲྭ། མཚོ་སྔོན་ཞིང་ཆེན་ཆུ་བེད་སློབ་གྲྭ་བཅས་གཅིག་རྗེས་གཉིས་མཐུད་ངང་ཟླ་སྒྲིལ་བཏང་ནས་མཚོ་སྔོན་དགེ་ཐོན་སློབ་ཆེན་གསར་པ་བཙུགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
青海师范大学
དབྱིན་ཡིག་གི་མིང་།
Qinghai Normal University
བཙུགས་ལོ།
སྤྱི་ལོ1956ལོར་བཙུགས།
སློབ་གྲྭའི་རིགས་དབྱེ།
དགེ་འོས་རིགས།
སློབ་སྒྲུབ་ངོ་བོ།
གཞུང་གཉེར་སློབ་ཆེན།
སློབ་གྲྭའི་ཁྱད་ཆོས།
ཞིང་ཆེན་ཁོངས་གཏོགས་ཀྱི་གཙོ་གནད་སློབ་ཆེན།
གཙོ་གཉེར་ཚན་པ།
མཚོ་སྔོན་ཞིང་ཆེན།
དངོས་གཞིའི་ཆེད་ལས།
60ཡོད།
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་ཚན17ཡོད། རིམ་པ་གཉིས་པའི་རིག་ཚན102ཡོད།
འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་ཚན3ཡོད། རིམ་པ་གཉིས་པའི་རིག་ཚན12ཡོད།
འབུམ་རམས་ཕྱི་ཚར།
ཚན་རིག་ཞིབ་འཇུག་གི་འཁོར་སྐྱོད་ས་ཚིགས2ཡོད།
སློབ་གྲྭའི་ཚབ་ཨང་།
10746
གཞུང་ཕྱོགས་དྲ་གནས།
http://www.qhnu.edu.cn
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
ཚེ་སྲོག་དང་ས་ཁམས་ཚན་རིག་སློབ་གླིང་། རྩིས་འཁོར་སློབ་གླིང་། མི་རིགས་དགེ་འོས་སློབ་གླིང་སོགས་ཡོད།
1 ལོ་རྒྱུས་ཀྱི་འཕེལ་རིམ།
1_1 མཚོ་སྔོན་དགེ་ཐོན་ཆེད་སྦྱོང་སློབ་གྲྭ།

སྤྱི་ལོ1956ལོར་མཚོ་སྔོན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་དགེ་ཐོན་ཆེད་སྦྱོང་སློབ་གྲྭ་འཛུགས་རྒྱུ་གཏན་འབེབས་བྱས།

སྤྱི་ལོ1957ལོར་མཚོ་སྔོན་དགེ་ཐོན་ཆེད་སྦྱོང་སློབ་གྲྭ་དངོས་སུ་བཙུགས་པ་དང་དངོས་ལུགས་དང་། རྫས་འགྱུར། ལོ་རྒྱུས། ས་ཁམས་བཅས་ཆེད་སྦྱོང་སྡེ་ཁག་བཞི་བཙུགས།

སྤྱི་ལོ1958ལོར་དངོས་གཞི་སློབ་མ་བསྡུ་འགོ་ཚུགས་ཤིང་། སློབ་གསོ་དང་སྐྱེ་དངོས། སྲིད་སློབ་བཅས་ཆེད་སྦྱོང་ཆེད་ལས་གསུམ་ཁ་སྣོན་བྱས།

1_2 མཚོ་སྔོན་དགེ་ཐོན་སློབ་གླིང་།

སྤྱི་ལོ1958ལོའི་ཟླ7པར། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཚོ་སྔོན་དགེ་ཐོན་ཆེད་སྦྱོང་སློབ་གྲྭ་མཚོ་སྔོན་དགེ་ཐོན་སློབ་གླིང་དུ་རྒྱ་བསྐྱེད་པར་གཏན་འཁེལ་བྱས། ཟླ8པའི་ཚེས7ཉིན། མཚོ་སྔོན་དགེ་ཐོན་སློབ་གླིང་དངོས་སུ་བཙུགས།

སྤྱི་ལོ1960ལོར་ཟི་ལིང་དགེ་ཐོན་སློབ་གླིང་དང་མཚོ་སྔོན་ཞིང་ཆེན་སློབ་གསོ་སློབ་གླིང་གཉིས་ཟླ་སྒྲིལ་བཏང་།

སྤྱི་ལོ1961ལོར་མཚོ་སྔོན་ཞིང་ཆེན་སྒྱུ་རྩལ་སློབ་གྲྭ་མཚོ་སྔོན་དགེ་ཐོན་སློབ་གླིང་དུ་ཟླ་སྒྲིལ་བཏང་ནས་མཚོ་སྔོན་དགེ་ཐོན་སློབ་གླིང་གི་སྒྱུ་རྩལ་སྡེ་ཁག་བཙུགས།

སྤྱི་ལོ1962ལོར་མཚོ་སྔོན་དགེ་ཐོན་སློབ་གླིང་མཚོ་སྔོན་མི་རིགས་སློབ་གླིང་དུ་ཟླ་སྒྲིལ་བཏང་ནས་མཚོ་སྔོན་མི་རིགས་སློབ་གླིང་གི་དགེ་ཐོན་པུའུ་རུ་བསྒྱུར།

སྤྱི་ལོ1964ལོར་མཚོ་སྔོན་དགེ་ཐོན་སློབ་གླིང་སླར་གསོ་བྱས།

སྤྱི་ལོ1965ལོར། མཚོ་སྔོན་མི་རིགས་སློབ་གླིང་གི་བོད་སྐད་ཡིག་སྡེ་ཁག་མཚོ་སྔོན་དགེ་ཐོན་སློབ་གླིང་གི་བོད་སྐད་ཡིག་སྡེ་ཁག་ཏུ་ཟླ་སྒྲིལ་བཏང་།

སྤྱི་ལོ1978ལོར་ཞིབ་འཇུག་སློབ་མ་བསྡུ་འགོ་བརྩམས།

1_3 མཚོ་སྔོན་དགེ་ཐོན་སློབ་ཆེན།

སྤྱི་ལོ1984ལོའི་ཟླ3པར་མཚོ་སྔོན་དགེ་ཐོན་སློབ་གླིང་གི་མིང་ལ་མཚོ་སྔོན་དགེ་ཐོན་སློབ་ཆེན་ཞེས་བསྒྱུར།

སྤྱི་ལོ1993ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་བསླབ་གནས་གཞུང་དོན་ཁང་གིས་སློབ་གྲྭའི་རྨང་གཞིའི་རྩིས་རིག་དང་ཀྲུང་གོའི་གནའ་རབས་ལོ་རྒྱུས་རིག་ཚན་ལ་རབ་འབྱམས་པའི་བསླབ་གནས་སྤྲོད་པའི་ཆོག་མཆན་སྤྲད།

སྤྱི་ལོ1997ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་དང་དེ་སྔའི་མཚོ་སྔོན་སློབ་གསོ་སློབ་གླིང་ཟླ་སྒྲིལ་བཏང་ནས་མཚོ་སྔོན་དགེ་ཐོན་སློབ་ཆེན་གསར་པ་བཙུགས།

སྤྱི་ལོ2000ལོར་མཚོ་སྔོན་མི་རིགས་དགེ་ཐོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་བཙུགས་ནས་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་ཟླ་སྒྲིལ་བཏང་།

སྤྱི་ལོ2004ལོར་དེ་སྔའི་མཚོ་སྔོན་དངུལ་ཁང་སློབ་གྲྭ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཁོངས་སུ་གཏོགས་སུ་བསྒྱུར།

སྤྱི་ལོ2006ལོའི་ཟླ11པར་སློབ་གསོ་པུའུ་ཡིས་ཧྲའན་ཞི་དགེ་ཐོན་སློབ་ཆེན་གྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པར་གཏན་འཁེལ་བྱས།

སྤྱི་ལོ2009ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་བསླབ་གནས་ཨུ་ཡོན་ལྷན་ཁང་གི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་སློབ་གྲྭ་སློབ་གསོ་རབ་འབྱམས་པའི་ཆེད་ལས་བསླབ་གནས་གསོ་སྐྱོང་ལས་དོན་གྱི་ཕུལ་བྱུང་སློབ་གཉེར་ཚན་པར་བདམས།

སྤྱི་ལོ2010ལོར་སློབ་གསོ་པུའུ་ཡིས“རྒྱལ་ཡོངས་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་དཔེ་མཚོན་ཉམས་མྱོང་མཐོ་སློབ”ལ་བདམས།

སྤྱི་ལོ2013ལོར་རིམ་པ་དང་པོའི་རིག་ཚན་གྱི་འབུམ་རམས་པའི་བསླབ་གནས་སྤྲོད་དབང་ཡོད་པའི་ཚན་པར་བདམས།

སྤྱི་ལོ2013ལོའི་ཟླ5བར་དམངས་སྲིད་པུའུ་ཡི་སྤྱི་ཚོགས་ལས་དོན་གྱི་ཆེད་ལས་འཇོན་མི་གསོ་སྦྱོང་རྟེན་གཞི་ཁག་དང་པོར་གཏན་འཁེལ་བྱས།

སྤྱི་ལོ2014ལོའི་ཟླ12པའི་ཚེས5ཉིན་སློབ་གསོ་པུའུ་ཡི“ཕུལ་བྱུང་དགེ་རྒན་གསོ་སྐྱོང་འཆར་གཞི”ཡི་ནང་བདམས།

སྤྱི་ལོ2017ལོའི་ཟླ4བར་ལན་ཀྲོའུ་སློབ་ཆེན་གྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པར་གཏན་འཁེལ་བྱས་པ་དང་། ཟླ10བའི་ཚེས27ཉིན་མཚོ་སྔོན་དགེ་ཐོན་སློབ་ཆེན་ཞིབ་འཇུག་སློབ་མའི་སློབ་གླིང་སྒོ་བྱང་བཀལ་ནས་བཙུགས། ཟླ11པར་སློབ་གྲྭར་སྐབས་དང་པོའི་རྒྱལ་ཡོངས་ཀྱི་དཔལ་ཡོན་སློབ་གྲྭའི་གཟི་བརྗིད་མཚན་སྙན་ཐོབ།

སྤྱི་ལོ2018ལོའི་ཟླ3པར་སློབ་གསོ་པུའུ་ཡི“བཟོ་རིག་ཚན་ཁག་གསར་པ”ཡི་ཞིབ་འཇུག་དང་ལག་ལེན་ལས་གཞི་ཁག་དང་པོར་བདམས།

2 སློབ་གྲྭའི་འགོ་ཁྲིད།
གོ་གནས། 
རུས་མིང་། 
ཏང་ཨུའི་ཧྲུའུ་ཅི། 
མའོ་ཞུའེ་རུང་།
སློབ་གཙོ། 
ཧྲི་ཕེ་ཅུན།
ཏང་ཨུའི་ཧྲུའུ་ཅི་གཞོན་པ། 
མེ་ཡན།
ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་སློབ་གཙོ་གཞོན་པ། 
མ་ཏེ་མིང་།
སློབ་གཙོ་གཞོན་པ། 
བཀྲ་བྷོ། ཀྲའོ་ཧེ་ཞིན། ཞུའུ་ཚུན་ཉིང་། ཡེ་ཁྲེང་ཧྥུ། ཏུང་ཀྲན་མེང་།
སྒྲིག་ཨུའི་ཧྲུའུ་ཅི། 
ཆིན་ཡན་མིང་།
3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།

སྤྱི་ལོ2018ལོའི་ཟླ6པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་དར་མའི་སློབ་གསོའི་སློབ་གླིང(ལས་རིགས་སློབ་གླིང)དང་མི་རིགས་དགེ་ཐོན་སློབ་གླིང་གི་ཐིང་རིམ་པ་གཞོན་པའི་སྒྲིག་གཞི་ཚང་བའི་རིམ་པ་གཉིས་པའི་སློབ་གླིང2བཅས་ཁྱོན་སློབ་གླིང་18བཙུགས་ཡོད།

3_1_1 སློབ་གླིང་དང་སྡེ་ཁག
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་མར་ཁེ་སི་རིང་ལུགས་སློབ་གླིང་།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཕྱི་རྒྱལ་སྐད་ཡིག་སློབ་གླིང་།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ས་ཁམས་ཚན་རིག་སློབ་གླིང་།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་གསར་འགྱུར་སློབ་གླིང་།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཚེ་སྲོག་ཚན་རིག་སློབ་གླིང་།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་མཛེས་རྩལ་སློབ་གླིང་།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རྒྱུན་མཐུད་སློབ་གསོ་དང་གསོ་སྦྱོང་སློབ་གླིང་།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་མི་རིགས་དགེ་ཐོན་སློབ་གླིང་།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གསོ་སློབ་གླིང་།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཁྲིམས་ལུགས་དང་སྤྱི་ཚོགས་རིག་པ་སློབ་གླིང་།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རྩིས་འཁོར་སློབ་གླིང་།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ལུས་རྩལ་སློབ་གླིང་།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དཔལ་འབྱོར་དོ་དམ་སློབ་གླིང་།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་གྲངས་རིག་དང་སྡོམ་རྩིས་སློབ་གླིང་།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དངོས་ལུགས་དང་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རྫས་འགྱུར་བཟོ་ལས་སློབ་གླིང་།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རོལ་དབྱངས་སློབ་གླིང་།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཡུལ་སྐོར་སློབ་གླིང་།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཚྭ་མཚོ་སློབ་གླིང་།

3_2 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2017ལོའི་ཟླ3པར་སློབ་གྲྭའི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། སློབ་གྲྭར་རིམ་པ་དང་པོའི་རིག་ཚན་གྱི་འབུམ་རམས་པའི་བསླབ་གནས་སྤྲོད་དབང་ཡོད་ཁུལ3དང་རིམ་པ་གཉིས་པའི་རིག་ཚན་གྱི་འབུམ་རམས་པའི་བསླབ་གནས་སྤྲོད་དབང་ཡོད་ཁུལ12 རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་ཁུལ11 རིམ་པ་གཉིས་པའི་རིག་ཚན་གྱི་རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་ཁུལ65 ཆེད་ལས་རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་ཁུལ5 ཞིང་ཆེན་རིམ་པའི་གཙོ་གནད་རིག་ཚན12 ཞིང་ཆེན་རིམ་པའི་གཙོ་གནད་འཛུགས་སྐྲུན་རིག་ཚན1བཅས་ཡོད།

རིམ་པ་དང་པོའི་རིག་ཚན་གྱི་འབུམ་རམས་པའི་བསླབ་གནས་སྤྲོད་དབང་ཡོད་ཁུལ། རྩིས་འཁོར་ཚན་རིག་དང་ལག་རྩལ། ས་ཁམས་རིག་པ། ཀྲུང་གོའི་ལོ་རྒྱུས།

རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་ཁུལ། ཀྲུང་གོའི་སྐད་ཡིག་རྩོམ་རིག་དང་། ཀྲུང་གོའི་ལོ་རྒྱུས། སློབ་གསོ་རིག་པ། རྩིས་འཁོར་ཚན་རིག་དང་ལག་རྩལ། མཉེན་ཆས་ལས་གཞི། རྩིས་རིག བསྡོམས་རྩིས་རིག་པ། རྫས་འགྱུར་རིག་པ་སོགས་ཡོད།

ཞིང་ཆེན་རིམ་པའི་གཙོ་གནད་རིག་ཚན། ལོ་རྒྱུས་རིག་པ། རྒྱ་སྐད་ཀྱི་རྩོམ་རིག དམངས་སྲོལ་རིག་པ། སློབ་གསོ་རིག་པ། སེམས་ཁམས་རིག་པ། སྐྱེ་དངོས་ཚན་རིག ས་ཁམས་ཚན་རིག རྨང་གཞིའི་རྩིས་རིག ཆ་འཕྲིན་དང་རྩིས་འཁོར་ཚན་རིག དངོས་ཁམས་རིག་པ། སྐྱེ་དངོས་ཚན་རིག་སོགས་ཡོད།

3_3 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2017ལོའི་ཟླ3པར་སློབ་གྲྭའི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། སློབ་གྲྭར་ཁྱོན་དགེ་རྒན་དང་ལས་བཟོ་བ1207དང་ཆེད་ལས་ལག་རྩལ་མི་སྣ992ཡོད། དེའི་ནང་དགེ་རྒན་ཆེན་མོ260དང་དགེ་རྒན་ཆེན་མོ་གཞོན་པ351ཡོད། འབུམ་རམས་པའི་མཛུབ་སྟོན་དགེ་རྒན32 རབ་འབྱམས་པའི་མཛུབ་སྟོན་དགེ་རྒན232 རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་ལོངས་སུ་སྤྱོད་པའི་ཆེད་མཁས་པ22 རྒྱལ་ཁབ་ལ་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པའི་ན་གཞོན་རིགས་གཅིག་མཁས་ཅན1 རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོགས་པ་1 སློབ་གསོ་པུའུ་ཡི་གསར་གཏོད་ཚོགས་པ1 ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ9 རིག་གཞུང་ཚན་ཁག་གི་ཚོགས་པ4བཅས་ཡོད། གཞན་མི6ལ་སློབ་གསོ་པུའུ་ཡི་དུས་རབས་གསར་པའི་ཕུལ་བྱུང་འཇོན་མིའི་འཆར་གཞིར་བདམས་པ་དང་། མི7མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་རིགས་གཅིག་མཁས་ཅན་དུ་བདམས། མི7མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་ལས་ལག་རྩལ་འཇོན་མིའི་ནང་ཚུད་པ་དང་མི20མཚོ་སྔོན་ཞིང་ཆེན་གྱི“རིམ་པ་མཐོ་བའི་འཇོན་མི་གསོ་སྐྱོང་ལས་གྲྭ”ཡི་ནང་ཚུད།

3_4 སློབ་ཁྲིད་འཛུགས་སྐྲུན།
3_4_1 སློབ་ཁྲིད་གྲུབ་འབྲས།

སྤྱི་ལོ2017ལོའི་ཟླ3པར་སློབ་གྲྭའི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། སློབ་གྲྭར་དངོས་གཞིའི་ཆེད་ལས62ཡོད་པའི་ནང་རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཆེད་ལས4ཡོད། ཞིང་ཆེན་རིམ་པའི་ཁྱད་ལྡན་ཆེད་ལས3དང་རྒྱལ་ཁབ་རིམ་པའི་སྤུས་ལེགས་སློབ་ཚན1 ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན23 རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས1 ཞིང་ཆེན་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས3བཙུགས་ཡོད།

སློབ་གྲྭའི་ཆུ་ཚད་མཐོ་བའི་བུད་མེད་ལག་རྩལ་སྤོ་ལོའི་རུ་ཁག་ལCUBA(རྒྱལ་ཡོངས་སློབ་ཆེན་སློབ་མའི་ལག་རྩལ་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར)ཡི་ནུབ་བྱང་འགྲན་ཁུལ་གྱི་ཨང་དང་པོ་ཐེངས13ལ་ཐོབ་པ་དང་། CUBAཡི་ཨང་གཉིས་པ་ཐེངས་གསུམ་ལ་བླངས། རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་ཨང་གཉིས་པ་ཐེངས་གཉིས་ལ་ཐོབ་པ་མ་ཟད། སྤྱི་ལོ2010ལོའི་འཛམ་གླིང་སློབ་ཆེན་སློབ་མའི་ལག་རྩལ་སྤོ་ལོའི་ལུས་རྩལ་འགྲན་ཚོགས་ཁྲོད་ཨང་དང་པོའི་གྲུབ་འབྲས་ཀྱང་བླངས་ཡོད།

ཆུ་ཚད་མཐོ་བའི་མཆོང་རྒྱུག་འཕེན་གསུམ་རུ་ཁག་གི་ཅི་ལི་ཁྲུན་ཞིའུ་ཡིས་སྤྱི་ལོ1992ལོར་པ་སའེ་ལུའོ་ན་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་སྤྱི་ལེ10ཡི་མ་ལ་སུང་འགྲན་བསྡུར་ཁྲོད་ཟངས་ཀྱི་རྟགས་མ་བླངས། གཞན་ལུས་རྩལ་སློབ་གསོའི་ཆེད་ལས་སློབ་མ་ཆོས་དབྱིངས་སྐྱིད་དང་དབྱི་ཧྲུན་ཅིན་ལ་སོ་སོར་སྤྱི་ལོ2012ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཁྲོད་བུད་མེད་ཀྱི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་བསྡུར་གྱི་དངུལ་གྱི་རྟགས་མ་དང་སྤྱི་ལོ2013ལོའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་ཐོབ།

རྒྱལ་ཡོངས་མཐོ་སློབ་ཀྱི་ཁྱད་ལྡན་ཆེད་ལས་འཛུགས་སྐྲུན། ས་ཁམས་ཚན་རིག རྩིས་འཁོར་ཚན་རིག་དང་ལག་རྩལ། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྩོམ་རིག(བོད་སྐད་ཡིག་རྩོམ་རིག)རྩིས་རིག་དང་ཉེར་སྤྱོད་རྩིས་རིག

རྒྱལ་ཁབ་རིམ་པའི་སྤུས་ལེགས་སློབ་ཚན། བོད་ཀྱི་གནའ་རབས་རྩོམ་རིག་ལོ་རྒྱུས།

རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོགས་པ། རྨང་གཞིའི་རྩིས་རིག་སློབ་ཁྲིད་ཚོགས་པ།

རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས། དངོས་ལུགས་དངོས་བཤེར་སློབ་ཁྲིད་ལྟེ་གནས།

ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན། ས་ཁམས་ཆ་འཕྲིན་མ་ལག གྲངས་རིག་དབྱེ་ཞིབ།(བོད་རྒྱ་སྐད་གཉིས) ཀྲུང་གོའི་གནའ་རབས་ལོ་རྒྱུས། དེང་རབས་ཀྱི་རྒྱ་ཡིག སློབ་གསོ་ལག་རྩལ་རིག་པ། སེམས་ཁམས་རིག་པ། ཇུས་འགོད་རིག་པ་སོགས་ཡོད།

ཞིང་ཆེན་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས། རྩིས་འཁོར་དྲ་རྒྱའི་ཚོད་ལྟའི་ལྟེ་གནས་དང་། རྫས་འགྱུར་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས། དངོས་ཁམས་ཚོད་ལྟའི་སློབ་ཁྲིད་ལྟེ་གནས་སོགས་ཡོད།

ཞིང་ཆེན་རིམ་པའི་ཕུལ་བྱུང་སློབ་ཁྲིད་ཚོགས་པ། རྩིས་འཁོར་ཚན་རིག་དང་ལག་རྩལ་སློབ་ཁྲིད་ཚོགས་པ་སོགས་ཡོད།

4 གཟི་བརྗིད་མཚན་སྙན།

སློབ་གྲྭར་སྔ་རྗེས་སུ་རྒྱལ་ཡོངས་ཀྱི“ཆ་འཕྲིན་ཐོན་ལས་ཚན་རྩལ་གསར་གཏོད་ཀྱི་སྔོན་ཐོན་མཉམ་སྡེབ”དང་། “རྒྱལ་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ”“རྒྱལ་ཡོངས་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་དཔེ་མཚོན་ཉམས་མྱོང་མཐོ་སློང”“རྒྱལ་ཡོངས་མཐོ་སློབ་ཀྱི་དམག་སྦྱོང་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ”“རྒྱལ་ཡོངས་ཀྱི་སྤྱི་ཚོགས་ལག་ལེན་གྱི་ཕུལ་བྱུང་མཉམ་སྡེབ”“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མཉམ་སྡེབ”“རྒྱལ་ཁབ་ཀྱི་ལུས་རྩལ་སྦྱོང་བརྡར་ཚད་ལོན་གྱི་སྔོན་ཐོན་མཉམ་སྡེབ”“རྒྱལ་ཡོངས་ཀྱི་མང་ཚོགས་ལུས་རྩལ་གྱི་སྔོན་ཐོན་མཉམ་སྡེབ”“རྒྱལ་ཡོངས་ཀྱི་ལྗངས་བསྒྱུར་དཔེ་ལེགས་ཚན་པ”“ཞིང་ཆེན་རིམ་པའི་བསམ་པའི་དཔལ་ཡོན་ཚན་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་བླངས་ཡོད།

སྤྱི་ལོ2017ལོའི་ཟླ11པར་སློབ་གྲྭར“རྒྱལ་ཡོངས་ཀྱི་དཔལ་ཡོན་སློབ་གྲྭ”ཡི་གཟི་བརྗིད་མཚན་སྙན་ཐོབ།

སྤྱི་ལོ2018ལོའི་ཟླ12པར་ཁག་དྲུག་པའི“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ(ཚན་པ)”ལ་བདམས།

5 རིག་གཞུང་ཞིབ་འཇུག
5_1 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

“ལོ་ལྔའི་འཆར་འགོད་བཅུ་གཉིས་པ”ཡི་རིང་སློབ་གྲྭའི་ལོ་རེའི་ཆ་སྙོམས་ཚན་ཞིབ་འགྲོ་གྲོན་བསྡོམས་འབོར་སྒོར་ཁྲི1013.93བརྒལ་ཡོད། རྒྱལ་ཁབ་ཀྱི་རིམ་པ་ཁག་དང་རིགས་སོ་སོའི་ཚན་ཞིབ་ལས་གཞི404ལ་ཆོག་མཆན་ཐོབ། རོགས་དངུལ་སྒོར་ཁྲི7097.51བཏང་བའི་ནང་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་ཀྱི་ལས་གཞི202ལ་ཆོག་མཆན་ཐོབ། རོགས་དངུལ་སྒོར་ཁྲི1741.1བཏང་། རང་བྱུང་ཚན་རིག་ཁྱབ་ཁོངས་ཀྱི་ཚན་ཞིབ་ལས་གཞི202ལ་ཆོག་མཆན་ཐོབ་པ་དང་། ཚན་ཞིབ་འགྲོ་གྲོན་སྒོར་ཁྲི5356.41བཏང་། སློབ་གསོ་པུའུ་ཡི་གསར་གཏོད་ཚོགས་པའི་འཛུགས་སྐྲུན་ལས་གཞི་དང་། རྒྱལ་ཁབ་ཀྱི་རྨང་གཞིའི་ཞིབ་འཇུག་གི་ཆེད་དོན་ལས་གཞི། རྒྱལ་ཁབ་ཀྱི་ཚན་རྩལ་འདེགས་སྐྱོར་འཆར་གཞི་བཅས་ཁྱོན་ཁག4ཐོབ་ཡོད། ཚན་རིག་ཞིབ་འཇུག་གི་གྲོན་དངུལ་སྒོར་ཁྲི1020ལྷག་ཐོབ་ཡོད།

སྤྱི་ལོ2009ལོ་ནས་སྤྱི་ལོ2015ལོའི་བར་སློབ་གྲྭས་ཚན་ཞིབ་ཀྱི་ཁེ་དབང13རེ་ཞུ་བྱས་པ་དེ་དག་བཟོ་ལས་ཐོན་རྫས་ལས་སྣོན་དང་། རྒྱུ་ཆ་སྒྲིག་བཟོ། དྲ་རྒྱའི་བདེ་འཇགས། སྐྱེ་དངོས་ཐོན་ཁུངས་གསར་སྤེལ་སོགས་ཐོན་སྐྱེད་དང་འཚོ་བའི་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་མ་ཟད། ཀྲུང་ལུགས་དང་བོད་ལུགས་སྨན་རྒྱུ་འདེབས་འཛུགས་ལག་རྩལ་ཁྱབ་གདལ་དང་། སྐྱེ་དངོས་སྨན་བཟོ། ཁྱད་ལྡན་ཐོན་རྫས་གསར་སྤེལ་བཅས་ཀྱི་ཐད་འགན་འཁུར་བའི་སྲིད་གཞུང་གི་ཚན་ཞིབ་འཆར་གཞིའི་ལས་གཞི16ཡོད་པ་དང་། ཚན་རིག་ཞིབ་འཇུག་གི་གྲོན་དངུལ་སྒོར་ཁྲི་799བཏང་ནས་གསར་གཏོད་ཀྱི་ཁེ་བེད་གྲུབ་འབྲས11ཡོད།

སློབ་གྲྭའི་དགེ་རྒན་གྱིས་རིག་གཞུང་དཔྱད་རྩོམ1400ལྷག་སྤེལ་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་དང་པོ་དང་ཨང་གཉིས་པ་ཐོབ། བྱ་དགའ་ཨང་གསུམ་པའི་ལས་གཞི་གཉིས་ལ་བྱ་དགའ་སྒོར་ཁྲི17ཐོབ། མཚོ་སྔོན་ཞིང་ཆེན་རང་བྱུང་ཚན་རིག་གི་ཕུལ་བྱུང་དཔྱད་རྩོམ་ལ་བྱ་དགའ19ཐོབ་པ་དང་བྱ་དགའ་ཐོབ་པའི་དངུལ་འབོར་སྒོར་ཁྲི7.6བརྒལ། མཚོ་སྔོན་ཞིང་ཆེན་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ22ཐོབ་པ་དང་བྱ་དགའ་ཐོབ་པའི་དངུལ་འབོར་སྒོར་ཁྲི13.37བརྒལ།

སློབ་གྲྭའི《བོད་ཡིག་རྩིས་འཁོར་གྱི་མཐེབ་གཞོང་དང་ནང་འཇུག་ཨང་སྒྲིག་བྱེད་ཐབས་ཞིབ་འཇུག》དང《གཙང་གསུམ་འགོ་ཁུངས་ཀྱི་རྩྭ་སའི་སྣོད་བཅུད་སླར་གསོ་དང་དེ་བཞིན་རྒྱུན་མཐུད་དོ་དམ་ལག་རྩལ་གསར་གཏོད་དང་བེད་སྤྱོད》ལ་སྤྱི་ལོ2004ལོ་དང་སྤྱི་ལོ2016ལོར་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའི་ཨང་གཉིས་པ་སོ་སོར་ཐོབ། “མདོ་ལ་རིང་མོའི་འདམ་རའི་སྣོད་བཅུད་མ་ལག་ཉམས་གསོ་སྲུང་སྐྱོང་ལག་རྩལ་འདུས་གྲུབ་དང་དཔེ་སྟོན”ལས་གཞི་ལ་རྒྱལ་ཁབ་ཚན་རྩལ་པུའུ་ཡིས་ཚན་རྩལ་འདེགས་སྐྱོར་འཆར་གཞིའི་ནང་ཚུད།

5_2 ཚན་རིག་ཞིབ་འཇུག་ལས་ཁུངས།

སྤྱི་ལོ2017ལོའི་ཟླ3པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་མཚོ་སྔོན་ཞིང་ཆེན་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་ཞིབ་འཇུག་ཁང་དང་། ཚྭ་མཚེའུ་སློབ་གླིང་། པཎ་ཆེན་ཞིབ་འཇུག་ཁང་། མཚོ་བོད་ས་མཐོའི་རིག་གནས་ཞིབ་འཇུག་སུའོ། མཚོ་བོད་ས་མཐོའི་ཐོན་ཁུངས་དང་ཁོར་ཡུག་ཞིབ་འཇུག་སུའོ། དགེ་རྒན་གྱི་སློབ་གསོའི་རིགས་པའི་གཞུང་ལུགས་དང་ལག་ལེན་ཞིབ་འཇུག་སུའོ། བོད་ཡིག་ཆ་འཕྲིན་ཞིབ་འཇུག་ལྟེ་གནས་སོགས་ཞིབ་འཇུག་སྒྲིག་གཞི24བཙུགས་ཡོད།

སློབ་གྲྭར་རྨང་གཞིའི་ཚོད་ལྟ་ཁང11དང་དགེ་མཚན་དང་ཁྱད་ཆོས་ལྡན་པའི་ཚོད་ལྟ་ཁང10བཙུགས་ཡོད་དེ། དེའི་ནང་སློབ་གསོ་པུའུ་ཡི་གཙོ་གནད་ཚོད་ལྟ་ཁང1དང་སློབ་གསོ་པུའུ་ཡི་གཙོ་གནད་ཚོད་ལྟ་ཁང་འཛུགས་སྐྲུན་ཚན་པ1 ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང་10 ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང1 ཞིང་ཆེན་རིམ་པའི་མི་ཚུལ་སྤྱི་ཚོགས་ཚན་རིག་གི་གཙོ་གནད་ཞིབ་འཇུག་རྟེན་གཞི3བཅས་བཙུགས་ཡོད།

ཞིང་ཆེན་དང་པུའུ་ཡིས(སློབ་གསོ་པུའུ)མཉམ་སྐྲུན་མཐུན་སྦྱོར་གསར་གཏོད་ལྟེ་གནས། ཞིང་ཆེན་དང་པུའུ་ཡིས་མཉམ་སྐྲུན་མཐུན་སྦྱོར་གསར་གཏོད་ལྟེ་གནས་བོད་རིགས་ས་ཁུལ་གྱི་ལོ་རྒྱུས་དང་མི་རིགས་མང་པོ་དར་རྒྱས་གོང་འཕེལ་ཞིབ་འཇུག་ལྟེ་གནས།

སློབ་གསོ་པུའུ་ཡི་གཙོ་གནད་ཚོད་ལྟ་ཁང་། མཚོ་བོད་ས་མཐོའི་ཁོར་ཡུག་དང་ཐོན་ཁུངས་སློབ་གསོ་པུའུ་ཡི་གཙོ་གནད་ཚོད་ལྟ་ཁང་།

ཞིང་ཆེན་དང་པུའུ་ཡིས་མཉམ་དུ་བསྐྲུན་པའི་སློབ་གསོ་པུའུ་ཡི་གཙོ་གནད་ཚོད་ལྟ་ཁང་། བོད་ཡིག་ཆ་འཕྲིན་ཐག་གཅོད་ཚོད་ལྟ་ཁང་།

ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང་། སེམས་ཁམས་རིག་པའི་ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང་དང་། རྩིས་རྒྱག་ཚོད་ལྟའི་ལྟེ་གནས། ཟོག་སྦྲེལ་དྲ་རྒྱའི་ལག་རྩལ་ཚོད་ལྟ་ཁང་། དྲ་རྒྱའི་ལག་རྩལ་ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང་། དངོས་ལུགས་དང་རྫས་འགྱུར་རིག་པའི་ལྟེ་གནས། དངོས་ཁམས་ཚོད་ལྟ་ཁང་ལྟེ་གནས།

5_3 རིག་གཞུང་ཐོན་ཁུངས།

སྤྱི་ལོ2015ལོའི་ལོ་མཇུག་བར་སློབ་གྲྭའི་དཔེ་མཛོད་ཁང་དུ་དཔེ་དེབ་བསྡོམས་འབོར་དེབ972804ཉར་ཚགས་བྱས་ཡོད་པ་དང་། གནའ་དཔེ་དེབ་ཁྲི3.4དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡི་གེའི་དུས་དེབ་ཁྲི8.2ལྷག་ཡོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡི་གེའི་ཚགས་པར་དང་དུས་དེབ་རིགས989མངགས་ཉོ་བྱས་ཡོད་པ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡི་གེའི་གློག་རྡུལ་དཔེ་དེབ་ཁྲི60.1ལྷག་ཡོད།

5_4 རིག་གཞུང་དུས་དེབ།

《མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རིག་གཞུང་ཚགས་པར》ནི་སྤྱི་ལོ1960ལོར་གསར་འདོན་བྱས་ཤིང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་གཙོ་གཉེར་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གཞུང་དུས་དེབ་ཅིག་ཡིན་ལ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་པར་གཞི(ཟླ་གཉིས་རེར་ཐེངས་རེ་འགྲེམས་སྤེལ་བྱེད་བཞིན་ཡོད)དང་རང་བྱུང་ཚན་རིག་གི་པར་གཞི(དུས་ཚིགས་གཅིག་རེར་ཐེངས་རེར་འགྲེམས་སྤེལ་བྱེད་བཞིན་ཡོད) གཉིས་སུ་ཕྱེ་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-12-16

གསར་སྤེལ་མཁན། :ལྷ་དབང་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།