ཀན་སུའུ་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀན་སུའུ་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་།
ཀན་སུའུ་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་ནི་མཐོ་རིམ་སློབ་གསོའི་སློབ་བསྡུའི་ཐོབ་ཐང་ལྡན་པའི་གཞུང་བཙུགས་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་སློབ་དཀྱུས་མ་ཞིག་རེད། ཀན་སུའུ་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་གི་སྔ་མའི་སློབ་གྲྭ་ནི་སྤྱི་ལོ1980ལོའི་ཟླ10པར་བཙུགས་པའི་ཀན་སུའུ་ལན་ཀྲོའུ་རྡོ་སྣུམ་རྫས་འགྱུར་བཟོ་ལས་འཕྲུལ་ཆས་བཟོ་གྲྭའི་ལས་བཟོ་པའི་སློབ་ཆེན་ཡིན། སྤྱི་ལོ1991ལོར་ཀན་སུའུ་འཕྲུལ་ཆས་གློག་རྡུལ་ལས་བཟོའི་སློབ་ཆེན་ཞེས་པར་མིང་བསྒྱུར། སྤྱི་ལོ2009ལོའི་ཟླ5པར། ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཀན་སུའུ་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་འཛུགས་རྒྱུའི་ཆོག་མཆན་སྤྲད་པ་དང་། དེ་སྔའི་ཀན་སུའུ་ཞིང་ཆེན་འཕྲུལ་ཆས་བཟོ་ལས་སློབ་གྲྭ་དང་ཀན་སུའུ་ཞིང་ཆེན་འཕྲུལ་ཆས་ལག་རྩལ་བཟོ་པའི་སློབ་གྲྭ་གཉིས་ཀྱི་སློབ་གཉེར་ཐོན་ཁུངས་བསྡུ་སྒྲིལ་བྱས། སྤྱི་ལོ2011ལོར་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ཀན་སུའུ་ཡི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ལག་རྩལ་པའི་སློབ་གླིང་བཙུགས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
甘肃机电职业技术学院
དབྱིན་ཡིག་གི་མིང་།
GanSU Institute Of Mechanical and Electrical Engine ering
བཙུགས་ལོ།
སྤྱི་ལོ2009ལོ།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སྐོར།
སློབ་གྲྭའི་ཁྱད་ཆོས།
ཞིང་ཆེན་ཁོངས་ཀྱི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གླིང་།
གཙོ་གཉེར་སྡེ་ཁག
ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་།
ལས་ཐོག་འགོ་ཁྲིད།
ཡོན་ཀྲང་། ཅིན་པའོ་ལིན།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
འཕྲུལ་ཆས་བཟོ་སྐྲུན་སྡེ་ཁག་དང་གློག་ཤུགས་བཟོ་སྐྲུན་སྡེ་ཁག་སོགས་སློབ་ཁྲིད་སྡེ་ཁག7ཡོད།
མཐོ་རིམ་ལས་རིགས་ཆེད་ལས།
36ཡོད།
སློབ་གྲྭའི་ཚབ་ཨང་།
14319
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1980ལོའི་ཟླ10པའི་ཚེས10ཉིན། ཀན་སུའུ་ལན་ཀྲོའུ་རྡོ་སྣུམ་རྫས་འགྱུར་བཟོ་ལས་འཕྲུལ་ཆས་བཟོ་གྲྭའི་ལས་བཟོ་པའི་སློབ་ཆེན་བཙུགས།

སྤྱི་ལོ1991ལོར་ཀན་སུའུ་འཕྲུལ་ཆས་གློག་རྡུལ་ལས་བཟོའི་སློབ་ཆེན་ཞེས་པར་མིང་བསྒྱུར།

སྤྱི་ལོ2009ལོའི་ཟླ5པར། ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཀན་སུའུ་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་འཛུགས་རྒྱུའི་ཆོག་མཆན་སྤྲད་པ་དང་། དེ་སྔའི་ཀན་སུའུ་ཞིང་ཆེན་འཕྲུལ་ཆས་བཟོ་ལས་སློབ་གྲྭ་དང་ཀན་སུའུ་ཞིང་ཆེན་འཕྲུལ་ཆས་ལག་རྩལ་བཟོ་པའི་སློབ་གྲྭ་གཉིས་ཀྱི་སློབ་གཉེར་ཐོན་ཁུངས་བསྡུ་སྒྲིལ་བྱས།

སྤྱི་ལོ2010ལོའི་ཟླ4པར་སློབ་གླིང་ལ་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་བྱས་པ་བརྒྱུད་ལོ་དེར་དངོས་སུ་སྒོ་བྱང་བཀལ་ནས་སློབ་གྲྭ་བཙུགས་པ་མ་ཟད་སློབ་མ་བསྡུས་པ་རེད།

སྤྱི་ལོ2017ལོར་སློབ་གླིང་ཀན་སུའུ་ཞིང་ཆེན་གྱི་སྤུས་ལེགས་མཐོ་རིམ་ལས་རིགས་སློབ་གྲྭའི་རྣམ་གྲངས་སྐྱེད་སྲིང་གི་ཚན་པར་བདམས་པ་རེད།

2 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2020ལོའི་ཟླ7པའི་སློབ་གླིང་གི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གླིང་དུ་སློབ་ཁྲིད་ཚན་པ7བཙུགས་ཡོད་པ་དང་མཐོ་རིམ་ལས་རིགས་ཆེད་ལས36བཙུགས་ཡོད།

2_1 འཕྲུལ་ཆས་བཟོ་སྐྲུན་སྡེ་ཁག

བཟོ་སྐྲུན་དང་རང་འགུལ་ཅན། དཔེ་དབྱིབས་ཇུས་འགོད་དང་བཟོ་སྐྲུན། འཕྲུལ་ཆས་ཇུས་འགོད་དང་བཟོ་སྐྲུན། ཚ་ལ་རྒྱག་པའི་ལག་རྩལ་དང་རང་འགུལ་ཅན། རྒྱུ་ཆའི་དབྱིབས་གྲུབ་དང་ཚོད་འཛིན་ལག་རྩལ།

2_2 གློག་ཤུགས་བཟོ་སྐྲུན་སྡེ་ཁག

རླངས་སྒུལ་ཅན་དུ་འགྱུར་བའི་ལག་རྩལ། གློག་འདོན་དང་གློག་སྤྱོད་ལག་རྩལ། ཉེར་སྤྱོད་གློག་རྡུལ་ལག་རྩལ། གློག་ཤུགས་མ་ལག་རང་འགུལ་ཅན་དུ་འགྱུར་བའི་ལག་རྩལ། གློག་སྐས་བཟོ་སྐྲུན་ལག་རྩལ།

2_3 རིག་ནུས་ཚོད་འཛིན་མ་ལག

གློག་གཞི་གཅིག་ཅན་གྱི་ལག་རྩལ། བཟོ་ལས་འཕྲུལ་ཆས་མིའི་ལག་རྩལ། འཕྲུལ་གློག་སྒྲིག་ཆས་ཞིག་གསོ་དང་དོ་དམ། གྲངས་འཛིན་སྒྲིག་ཆས་བཀོལ་སྤྱོད་དང་སྲུང་སྐྱོབ། རིག་ནུས་ཚོད་འཛིན་ལག་རྩལ།

2_4 རླངས་འཁོར་བཟོ་སྐྲུན་སྡེ་ཁག

ཤུགས་ཀྱི་གློག་འདོན་ལས་གྲྭའི་ལག་རྩལ།  རླངས་འཁོར་བཟོ་སྐྲུན་དང་སྒྲིག་སྦྱོར་ལག་རྩལ། རླངས་འཁོར་གྱི་ཞབས་ཞུ་དང་ཚོང་གཉེར། རླངས་འཁོར་ཞིབ་དཔྱད་ཚད་ལེན་དང་ཉམས་གསོའི་ལག་རྩལ།

2_5 ཆ་འཕྲིན་བཟོ་སྐྲུན་སྡེ་ཁག

ཉེར་སྤྱོད་ལག་རྩལ། རྩིས་འཁོར་གྱི་བརྡ་འཕྲིན་དོ་དམ། ཟོག་སྦྲེལ་དྲ་བའི་ཉེར་སྤྱོད་ལག་རྩལ། མཚམས་སྦྱོར་བརྡ་ཁྱབ་ཇུས་འགོད་དང་བཟོ་སྐྲུན། པར་སྐྲུན་སྨྱན་སྦྱོར་ལག་རྩལ། ཆ་འཕྲིན་བདེ་འཇགས་དང་དོ་དམ།

2_6 དཔལ་འབྱོར་དོ་དམ་སྡེ་ཁག

གློག་རྡུལ་ཚོང་དོན། མི་ཤུགས་ཐོན་ཁུངས་དོ་དམ། ཟོག་འགྲེམས་དོ་དམ། ཁྲོམ་རའི་ཚོང་གཉེར། སྡེ་ཁུལ་དོ་དམ་དང་ཞབས་ཞུ། ལས་གྲྭའི་བཟོ་སྐྲུན། འཛུགས་སྐྲུན་ལས་གྲྭའི་དོ་དམ།

2_7 ལག་རྩལ་པའི་སློབ་གླིང་གི་ལས་དོན་པུའུ།

ཚོད་འཛིན་ལས་སྣོན། གློག་རྡུལ་ལག་རྩལ་བཀོལ་སྤྱོད། གློག་རླངས་རང་འགུལ་ཅན་གྱི་སྒྲིག་ཆས་སྒྲིག་སྦྱོར་དང་ཉམས་གསོ། རྩིས་འཁོར་བཀོལ་སྤྱོད་དང་ཉམས་གསོ། རླངས་འཁོར་ཉམས་གསོ། ཨར་ལས་བཟོ་སྐྲུན།

གློག་རྡུལ་ཚོང་དོན། རླངས་འཁོར་གཉེར་ཚོང་། ཟོག་སྦྲེལ་དྲ་བའི་ཉེར་སྤྱོད་ལག་རྩལ།

3 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2020ལོའི་ཟླ7པའི་སློབ་གླིང་གི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གླིང་དུ་དགེ་རྒན་དང་ལས་བཟོ་པ467ཡོད་པའི་ནང་དགེ་རྒན་ཆེན་མོ་དང་དགེ་རྒན་ཆེན་མོ་གཞོན་པ69ཡོད། “ཉིས་འཇོན་རྣམ་པའི”དགེ་རྒན95དང་། འབུམ་རམས་པ་དང་རབ་འབྱམས་པའི་སློབ་གནས་ལྡན་པའི་དགེ་རྒན77ཡོད།

4 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2020ལོའི་ཟླ7པའི་སློབ་གླིང་གི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གླིང་དུ་ཀྲུང་དབྱང་ནོར་སྲིད་ཀྱིས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ཆེད་ལས་དང་རྒྱལ་ཡོངས་འཕྲུལ་ཆས་ལས་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཆེད་ལས2ཡོད་པ་དང་། ཞིང་ཆེན་རིམ་པའི་རྐང་འཛིན་ཆེད་ལས1ཡོད། རྒྱལ་ཡོངས་ཀྱི་ལས་རིགས་སློབ་གླིང་དང་སློབ་གྲྭའི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་རིགས་ཀྱི་དཔེ་སྟོན་ཆེད་ལས་ས་ཚིགས1ཡོད། རྒྱལ་ཁབ་རིམ་པའི་དངོས་སྦྱོང་རྟེན་གཞི3བཙུགས་ཡོད། སློབ་གྲྭའི་ནང་ལག་ལེན་རྟེན་གཞི6དང་། ལུང་ཏུང་ནན་མཉམ་སྤྱོད་རྣམ་པའི་དངོས་སྦྱོང་རྟེན་གཞི1 ཆེད་ལས་དངོས་སྦྱོང་ཚོད་ལྟ་ཁང60ལྷག་ཙམ་ཡོད་པ་རེད།

5 སྤེལ་རེས་དང་མཉམ་ལས།

སྤྱི་ལོ2020ལོའི་ཟླ7པར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་གིས་ཀན་སུའུ་ཞིང་ཆེན་གྱི་ཁེ་ལས་དང་། བྱ་ལས་ཚན་པ། འབྲི་ཆུའི་ཟུར་གསུམ་ཁུལ། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ། པེ་ཅིང་དང་། ཐེན་ཅིན། ཧོ་པེ། ཁྲེང་ཡུས།  ཐེན་ཧྲུའེ་བར་དང་དེ་བཞིན་ཤིན་ཅང་སོགས་ཀྱི་མི་སྤྱོད་ཚན་པ300ལྷག་ཙམ་དང་གནས་གཏན་འཁེལ་གྱི་ལས་ཞུགས་གྲོས་མཐུན་བཞག་ཡོད་པ་དང་། སློབ་གླིང་གིས་ལན་ཀྲོའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་དང་ལན་ཀྲོའུ་འགྲིམ་འགྲུལ་སློབ་ཆེན་སོགས་མཐོ་སློབ་དང་མཉམ་ལས་བྱས་ནས་རང་ཚུགས་དངོས་གཞིའི་དངོས་འཕར་ཆེད་ལས་བཙུགས་ཡོད།

6 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2018ལོར། སློབ་གླིང་དུ་ཞིང་ཆེན་དང་། གྲོང་ཁྱེར། ཆུས་བཅས་ཀྱི་གཞུང་ཕྱོགས་ཀྱི་ཚན་རྩལ་རྣམ་གྲངས26ཡོད། ཚན་ཞིབ་རྣམ་གྲངས12ལ་རེ་ཞུ་བྱས་ཡོད། དེའི་ནང་ཀན་སུའུ་ཞིང་ཆེན་རང་བྱུང་ཚན་རིག་ཐེབས་རྩའི་རྣམ་གྲངས1ཡོད། ཀན་སུའུ་ཞིང་ཆེན་མཐོ་རིམ་སློབ་གྲྭའི་ཚན་ཞིབ་རྣམ་གྲངས6དང་ཐེན་ཧྲུའེ་གྲོང་ཁྱེར་གྱི་ཚན་རྩལ་འཆར་གཞིའི་རྣམ་གྲངས3 དཔྱད་རྩོམ་ཁྱོན་བསྡོམས122སྤེལ་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-12-17

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།