ཀན་སུའུ་ཕྱུགས་ལས་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀན་སུའུ་ཕྱུགས་ལས་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་།
ཀན་སུའུ་ཕྱུགས་ལས་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་ནི་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་དུ་གནས་ཤིང་། སྤྱི་ལོ2004ལོའི་ཟླ6པར་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་དང་། རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་བྱས་ནས་བཙུགས་པའི་གཞུང་བཙུགས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་དཀྱུས་མ་ཞིག་ཡིན། ཀན་སུའུ་ཞིང་ཆེན་ཞིང་འབྲོག་ཐིང་གི་ཁོངས་སུ་གཏོགས། སྔ་མའི་སློབ་གྲྭ་ནི་སྤྱི་ལོ1952ལོའི་ཟླ9པར་བཙུགས་པའི་ཀན་སུའུ་ཞིང་ཆེན་འབྲོག་ལས་སློབ་གྲྭ་དང་སྤྱི་ལོ1958ལོར་བཙུགས་པའི་ཀན་སུའུ་ཞིང་ཆེན་ཞིང་ལས་འཕྲུལ་ཆས་ཅན་གྱི་སློབ་གྲྭ་ཡིན། སྤྱི་ལོ2004ལོའི་ཟླ6པར་སློབ་གྲྭ་གཉིས་ཟླ་སྒྲིལ་བཏང་ནས་ཀན་སུའུ་ཕྱུགས་ལས་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་བཙུགས། སྤྱི་ལོ2009ལོར་ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་ལ་དོ་དམ་བྱ་རྒྱུར་རྩིས་སྤྲོད་བྱས། སྤྱི་ལོ2010ལོའི་ཟླ7པར་ཞིང་ཆེན་སློབ་གསོ་ཐིང་དང་ཞིང་ཆེན་ནོར་སྲིད་ཐིང་གིས“ཀན་སུའུ་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གྲྭར”གཏན་འཁེལ་བྱས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
甘肃畜牧工程职业技术学院
དབྱིན་ཡིག་གི་མིང་།
Gasu Polytechnic College of Animal Husbandry En
བཙུགས་ལོ།
སྤྱི་ལོ2004ལོ།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
​སློབ་གྲྭའི་རིགས་དབྱེ།
ཞིང་ནགས་རིགས།
སློབ་གྲྭའི་ཁྱད་ཆོས།
ཀན་སུའུ་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གྲྭ།
​ གཙོ་གཉེར་སྡེ་ཁག 
ཀན་སུའུ་ཞིང་ཆེན།
ལས་ཐོག་འགོ་ཁྲིད།
སློབ་གཙོ། དབྱང་ཞའོ་ལེ།
སློབ་གྲྭའི་ཚབ་ཨང་།
13955
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
གྲངས་འཛིན་ལག་རྩལ། རླངས་འཁོར་ཞིབ་དཔྱད་ཚད་ལེན་དང་ཉམས་གསོ།
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1952ལོའི་ཟླ9པར། ཀན་སུའུ་ཞིང་ཆེན་ཕྱུགས་ལས་སློབ་གྲྭ་བཙུགས་པ་དང་། དེ་སྔ“ཤིས་ཨན་འབྲོག་ལས་སློབ་གྲྭ”ཡིན་ལ་ནུབ་བྱང་དམག་སྲིད་ཨུ་ཡོན་ལྷན་ཁང་འབྲོག་ལས་པུའུ་ཡིས་དོ་དམ་བྱེད་ཀྱིན་ཡོད།

སྤྱི་ལོ1954ལོར་སློབ་གྲྭ་ཀན་སུའུ་ཞིང་ཆེན་ལ་རྩིས་སྤྲད།

སྤྱི་ལོ1958ལོར།“ཀན་སུའུ་ཞིང་ཆེན་ཕྱུགས་ལས་སློབ་གྲྭ”ཞེས་པར་མིང་བསྒྱུར། ཀན་སུའུ་ཞིང་ཆེན་ཞིང་འབྲོག་ཐིང་གི་ཁོངས་སུ་གཏོགས།

སྤྱི་ལོ1960ལོར་ཀན་སུའུ་ཞིང་ཆེན་ཏང་ཨུའི་ཆོག་མཆན་ཐོབ་རྗེས“ཀན་སུའུ་ཞིང་ཆེན་ཕྱུགས་རིགས་སྨན་པའི་ཆེད་སྦྱོང་སློབ་གྲྭ”བཙུགས།

སྤྱི་ལོ1961ལོར་ཀན་སུའུ་ཞིང་ཆེན་ཕྱུགས་ལས་སྨན་པའི་ཆེད་སྦྱོང་སློབ་གྲྭ་མེད་པར་བཟོས།

སྤྱི་ལོ1970ལོར་སློབ་གྲྭ་དེ་སྔའི་ཝུའུ་ཝུའེ་ས་ཁུལ་ལ་སྤྲད་པ་དང“ཀན་སུའུ་ཞིང་ཆེན་ཝུའུ་ཝུའེ་ས་ཁུལ་གྱི་འབྲོག་ལས་སློབ་གྲྭ”ཞེས་མིང་བསྒྱུར།

སྤྱི་ལོ1980ལོ་དང་། སྤྱི་ལོ1994ལོ། སྤྱི་ལོ2000ལོར་ཐེངས་གསུམ་ལ་རྒྱལ་ཁབ་རིམ་པའི་གཙོ་གནད་འབྲིང་རིམ་ཆེད་ལས་སློབ་གྲྭ་རུ་བདམས།

སྤྱི་ལོ1958ལོར་ཀན་སུའུ་ཞིང་ཆེན་ཞིང་ལས་འཕྲུལ་ཆས་ཅན་གྱི་སློབ་གྲྭ་བཙུགས།

སྤྱི་ལོ2001ལོར་རྒྱལ་ཁབ་རིམ་པའི་གཙོ་གནད་འབྲིང་རིམ་ཆེད་སྦྱོང་སློབ་གྲྭ་རུ་བདམས་པ་རེད།

སྤྱི་ལོ2010ལོའི་ཟླ7པར་ཞིང་ཆེན་སློབ་གསོ་ཐིང་དང་ཞིང་ཆེན་ནོར་སྲིད་ཐིང་གིས“ཀན་སུའུ་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གྲྭར”གཏན་འཁེལ་བྱས་པ་རེད།

2 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།

སྤྱི་ལོ2018ལོའི་ཟླ6པར། སློབ་གླིང་གི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ཐོག་ནས་མངོན་པར་གཞིགས་ན། སློབ་གླིང་དུ་ཕྱུགས་ལས་སྡེ་ཁག་དང་། ཕྱུགས་རིགས་སྨན་པའི་སྡེ་ཁག འཁོར་ལོའི་ལས་གྲྭའི་སྡེ་ཁག འཕྲུལ་ཆས་ལས་གྲྭའི་སྡེ་ཁག གློག་རྡུལ་ཆ་འཕྲིན་ལས་གྲྭའི་སྡེ་ཁག བཟའ་བཅའི་ཚན་རིག་སྡེ་ཁག དཔལ་འབྱོར་ཚོང་དོན་དང་མི་ཆོས་ཚན་རིག་སྡེ་ཁག བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཚན་སློབ་ཁྲིད་པུའུ། ལུས་རྩལ་དང་སྒྱུ་རྩལ་སློབ་ཁྲིད་པུའུ་སོགས་སྡེ་ཁག9དང་མཐོ་རིམ་ལས་རིགས་ཆེད་ལས44བཙུགས་ཡོད།

3 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2016ལོའི་ཟླ4པར་སློབ་གླིང་གི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། སློབ་གླིང་དུ་སློབ་གསོ་པུའུ་དང་། ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ་སོགས་རྒྱལ་ཁབ་ཀྱི་པུའུ་ཨུ་བདུན་གྱིས་གཏན་འཁེལ་བྱས་པའི་རྒྱལ་ཁབ་ཀྱི་རྩལ་ནུས་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཆེད་ལས་དཀོན་པོ4ཡོད་པ་དང་། རྒྱལ་ཁབ་རིམ་པའི་རྐང་འཛིན་ཆེད་ལས1དང་། ཞིང་ཆེན་རིམ་པའི་རྐང་འཛིན་ཆེད་ལས1 “ཀན་སུའུ་ཞིང་ཆེན་གྱི་ཁྱད་ལྡན་ཆེད་ལས་འཛུགས་སྐྲུན་ས་ཚིགས1” “ཀན་སུའུ་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་ཁྱད་ལྡན་ཆེད་ལས་འཛུགས་སྐྲུན་ས་ཚིགས1བཅས་ཡོད། སློབ་གླིང་རིམ་པའི་གཙོ་གནད་འཛུགས་སྐྲུན་གྱི་ཆེད་ལས6 ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན9ཡོད།  སློབ་གླིང་རིམ་པའི་སྤུས་ལེགས་སློབ་ཚན15ཡོད། ཀྲུང་དབྱང་ནོར་སྲིད་ཀྱིས་དངོས་སྦྱོང་རྟེན་གཞི1དང་། ཀན་སུའུ་ཞིང་ཆེན་ནོར་སྲིད་ཀྱིས་དངོས་སྦྱོང་རྟེན་གཞི7ཡོད།

4 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2015ལོར་སློབ་གླིང་གིས་སློབ་གྲྭའི་ཕྱི་ནང་གི་ཚན་ཞིབ་རྣམ་གྲངས12ཀྱི་འགན་ཁུར་ཡོད།  ཀན་སུའུ་ཞིང་ཆེན་མཐོ་རིམ་སློབ་གྲྭའི་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་ཨང་གཉིས་པ1ཐོབ་པ་དང་། ཀན་སུའུ་ཞིང་ཆེན་ཞིང་འབྲོག་ཉ་ལས་ཀྱི་ལོ་ལེགས་བྱ་དགའི་ཨང་གཉིས་པ2དང་། ཨང་གསུམ་པའི་བྱ་དགའ1ཡོད། དཔྱད་རྩོམ་ཁྱོན149སྤེལ་བ་དེའི་ནང་། རྒྱལ་ཁབ་རིམ་པའི་རྩོམ་ཡིག76དང་ཞིང་ཆེན་རིམ་པའི་རྩོམ་ཡིག73ཡོད་པ་རེད།

5 རིག་གཞུང་དུས་དེབ།

ཀན་སུའུ་ཕྱུགས་ལས་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་གིས་སློབ་གླིང་གི་དུས་དེབ《ཕྱུགས་ལས་བཟོ་སྐྲུན་ལས་རིགས་སློབ་གསོ》ཞེས་པ་གཙོ་གཉེར་བྱེད་བཞིན་ཡོད། ཞིང་ཆེན་སློབ་གསོ་ཐིང་གིས་གཙོ་གཉེར་དང་ཀན་སུའུ་འབྲོག་ལས་ལས་གྲྭའི་ལས་རིགས་ལག་རྩལ་སློབ་གླིང་གིས་གཙོ་སྒྲུབ་བྱས་པའི་རྒྱལ་ཡོངས་ཀྱི་འབྲེལ་ཡོད་མཐོ་སློབ་དང་ཞིང་ཆེན་ནང་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་དུ་སྤེལ་རེས་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་ཞིང་ཆེན་རིམ་པའི་རིག་གཞུང་དུས་དེབ་ཅིག་རེད། ལེ་ཚན་གཙོ་བོར། ཚོང་རར་དབྱེ་ཞིབ་དང་། གསོ་ཚགས་དོ་དམ། རིམས་ནད་འགོག་བཅོས། གཟན་ཆག་དང་འཚོ་བཅུད། རྒྱུད་འཛིན་སོན་གསོ་དང་སྐྱེ་འཕེལ། ཕྱུགས་རྩྭ་གསར་སྤེལ། ཁོར་ཡུག་སྲུང་སྐྱོང་། ཁོར་ཡུག་ཚོད་འཛིན། ཕྱུགས་སྨན།  ཉམས་མྱོང་སྤེལ་རེས། རིན་གོང་འགྱུར་བ་སོགས་ཡོད།    

6 རིག་གཞུང་ཐོན་ཁུངས།

སྤྱི་ལོ2016ལོའི་ཟླ4པར། སློབ་གླིང་གི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། ཀན་སུའུ་ཕྱུགས་ལས་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་གི་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཤོག་རིགས་ཚད་ལྡན་ཡིག་ཆ་ཁྲི31.1ལྷག་ཙམ་དང་། གློག་རྡུལ་དཔེ་དེབ་ཁྲི50ཡོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡིག་རིགས་དུས་དེབ300ལྷག་ཙམ་ཡོད་པ་དང་དཔྱད་གཞིའི་ནང་དོན་ཆབ་སྲིད་དང་། དཔལ་འབྱོར། བཅའ་ཁྲིམས། སློབ་གསོ། རིག་གནས། ཕྱུགས་ལས། ཟས་རིགས་ཚན་རིག འཕྲུལ་ཆས། འཁོར་རིགས། གློག་རྡུལ་སོགས་ཁྱབ་ཁོངས་དང་འབྲེལ་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-12-15

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།