ཀན་སུའུ་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་།

- 1 ལོ་རྒྱུས་ཀྱི་འཕེལ་རིམ།
- 2 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།
-
2.1 གཞུང་ལམ་ཟམ་པ་སྡེ་ཁག
2.2 འགྲིམ་འགྲུལ་ཐིག་ལེན་རིས་འབྲི་སྡེ་ཁག
2.3 རླངས་འཁོར་དང་འཕྲུལ་འཁོར་བཟོ་སྐྲུན་སྡེ་ཁག
2.4 དོ་དམ་བཟོ་སྐྲུན་སྡེ་ཁག
2.5 ཆ་འཕྲིན་ལས་གྲྭ་སྡེ་ཁག
2.6 དགེ་རྒན་གྱི་དཔུང་སྡེ།
- 3 སློབ་ཁྲིད་གྲུབ་འབྲས།
- 4 སྤེལ་རེས་དང་མཉམ་ལས།
- 5 རིག་གཞུང་ཐོན་ཁུངས།
སྤྱི་ལོ1956ལོར་ཀན་སུའུ་ཞིང་ཆེན་འགྲིམ་འགྲུལ་སློབ་གྲྭ་བཙུགས།
སྤྱི་ལོ1961ལོར་ཀན་སུའུ་ཞིང་ཆེན་འགྲིམ་འགྲུལ་སློབ་གྲྭ་ཀན་སུའུ་ཞིང་ཆེན་འགྲིམ་འགྲུལ་ཐིང་ལག་རྩལ་བཟོ་པའི་སློབ་གྲྭར་བསྒྱུར།
སྤྱི་ལོ1962ལོར་ཀན་སུའུ་ཞིང་ཆེན་འགྲིམ་འགྲུལ་ཐིང་ལག་རྩལ་བཟོ་པའི་སློབ་གྲྭ་མེད་པ་བཟོས།
སྤྱི་ལོ1973ལོར་ཀན་སུའུ་ཞིང་ཆེན་འགྲིམ་འགྲུལ་ཐིང་ལག་རྩལ་བཟོ་པའི་སློབ་གྲྭ་སླར་གསོ་བྱས་པ་དང་འབྲེལ་ཀན་སུའུ་ཞིང་ཆེན་འགྲིམ་འགྲུལ་སློབ་གྲྭར་མིང་བསྒྱུར།
སྤྱི་ལོ1983ལོར་ཀན་སུའུ་ཞིང་ཆེན་འགྲིམ་འགྲུལ་ལས་བྱེད་པའི་སློབ་གྲྭ་བཙུགས།
སྤྱི་ལོ2003ལོའི་ཟླ4པར་ཀན་སུའུ་ཞིང་ཆེན་འགྲིམ་འགྲུལ་སློབ་གྲྭ་དང་ཀན་སུའུ་ཞིང་ཆེན་འགྲིམ་འགྲུལ་ལས་བྱེད་པའི་སློབ་གྲྭ་ཟླ་སྒྲིལ་བཏང་ནས་ཀན་སུའུ་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་དུ་རིམ་སྤོར་བྱས།
སྤྱི་ལོ2009ལོའི་ཟླ4པར་སློབ་གྲྭ་ཀན་སུའུ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཁོངས་གཏོགས་ནས་ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་ལ་རྩིས་སྤྲད་བྱས།
སྤྱི་ལོ2011ལོར་ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་དང་ཀན་སུའུ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཀན་སུའུ་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་མཉམ་སྐྲུན་གྱི་ཐིང་གཉིས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།
སྤྱི་ལོ2017ལོའི་ཟླ8པར་སློབ་གྲྭ་དེ་སློབ་གསོ་པུའུ་ཡི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པར་བདམས་པ་རེད།
སྤྱི་ལོ2019ལོའི་ཟླ5པར་སློབ་གྲྭ་ཀན་སུའུ་ཞིང་ཆེན་གྱི་སྤུས་ལེགས་མཐོ་རིམ་ལས་རིགས་སློབ་གླིང་དུ་གཏན་འཁེལ་བྱས་པ་དང་། ཟླ10པར་སློབ་གསོ་པུའུ་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པ་ཁག་གཉིས་པའི་ཞིབ་བཤེར་རྩིས་ལེན་བྱས་པ་རེད།
སྤྱི་ལོ2019ལོའི་ཟླ6པ་བར་སློབ་གྲྭར་སྡེ་ཁག5དང་པུའུ2ལྟེ་གནས1བཙུགས་ཡོད་པ་དང་། ཆེད་སྦྱོང་ཆེད་ལས37བཙུགས་ཡོད།
ཟམ་པའི་ལས་གྲྭའི་ལག་རྩལ། གཞུང་ལམ་དང་ཟམ་པའི་ལས་གྲྭའི་ལག་རྩལ། གཞུང་ལམ་བདག་སྐྱོང་དང་དོ་དམ། འཛུགས་སྐྲུན་ལས་གྲྭའི་ལྟ་སྐུལ་དོ་དམ། ལས་གྲྭའི་བཟོ་སྐྲུན། གྲོང་ཁྱེར་གྱི་ལས་གྲྭའི་ལག་རྩལ། ལྕགས་ལམ་ལས་གྲྭའི་ལག་རྩལ་བཅས།
ཚད་ལེན་ལག་རྩལ།
གློག་རྡུལ་ལག་རྩལ། རླངས་འཁོར་ཚོང་གཉེར་དང་ཞབས་ཞུ། རླངས་འཁོར་ཞིབ་དཔྱད་ཚད་ལེན་དང་ཉམས་གསོའི་ལག་རྩལ། ལས་གྲྭའི་འཕྲུལ་ཆས་བཀོལ་སྤྱོད་ལག་རྩལ། ནུས་ཁུངས་གསར་པའི་རླངས་འཁོར་ལག་རྩལ། རླངས་འཁོར་ཉམས་གསོ་ལག་རྩལ། རླངས་འཁོར་ཞིབ་དཔྱད་ཚད་ལེན་དང་ཉམས་གསོའི་ལག་རྩལ། རླངས་འཁོར་བཟོ་སྐྲུན་དང་སྒྲིག་སྦྱོར་ལག་རྩལ། གློག་སྐས་ལས་གྲྭའི་ལག་རྩལ། གཞུང་ལམ་འཕྲུལ་ཆས་ཅན་གྱི་ཨར་ལས་ལག་རྩལ།
ཟོག་འགྲེམས་དོ་དམ། འབྲེལ་མཐུད་གཉེར་སྐྱོང་དོ་དམ། ཡུལ་སྐོར་དོ་དམ། དངུལ་རྩ་དང་འགན་བཅོལ། མཁའ་འགྲུལ་ཞབས་ཞུ། ཟོག་སྦྲེལ་དྲ་རྒྱའི་པའེ་ཏུའུ་གློག་རྡུལ་ཚོང་དོན།
དྲ་རྒྱའི་ལག་རྩལ། འཕྲིན་གཏོང་ལག་རྩལ། རིག་ནུས་འགྲིམ་འགྲུལ་ལག་རྩལ་དང་བཀོལ་སྤྱོད། ཟོག་འབྲེལ་དྲ་རྒྱའི་ཉེར་སྤྱོད་ལག་རྩལ། རྩིས་འཁོར་ཉེར་སྤྱོད་ལག་རྩལ། འགུལ་རིས་བཟོ་སྐྲུན་ལག་རྩལ། སྤྲིན་རྩིས་ལག་རྩལ་དང་ཉེར་སྤྱོད་ལག་རྩལ།
སྤྱི་ལོ2019ལོའི་ཟླ6པའི་བར། སློབ་གྲྭར་དགེ་རྒན་དང་ལས་བཟོ་པ500ཙམ་ཡོད། ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ7དང་། ཞིང་ཆེན་དང་པུའུ་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན་དང་སློབ་ཁྲིད་མཁས་པ7ཡོད། ཞིང་ཆེན་རིམ་པའི་ལས་རིགས་སློབ་གསོའི་དགེ་རྒན་གྲགས་ཅན3བཅས་ཡོད་པ་རེད།
སྤྱི་ལོ2020ལོའི་ཟླ5པར་སློབ་གྲྭའི་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས1དང་ཀན་སུའུ་ཡི་ཞིང་ཆེན་རིམ་པའི་སློབ་ཁྲིད་གྲུབ་འབྲས19ཡོད་པ་རེད།
སྤྱི་ལོ2019ལོའི་ཟླ6པའི་བར། ཀན་སུའུ་ཞིང་ཆེན་ཕྱི་ནང་གི་གཞུང་ལམ་དང་། ལྕགས་ལམ། རྒྱལ་ཁོངས་ས་ཁུངས། རླངས་འཁོར། འཕྲུལ་ཆས། ཨར་ལས་རྒྱུ་ཆ། འགྲིམ་འགྲུལ་ཟོག་འགྲེམས། འགྲིམ་འགྲུལ་ཆ་འཕྲིན། མཁའ་འགྲུལ་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་ཁེ་ལས100ལྷག་ཙམ་དང་ཡུན་རིང་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཡོད་ནས་སློབ་གྲྭའི་ཕྱི་རོལ་གྱི་དངོས་སྦྱོང་རྟེན་གཞི་མཉམ་དུ་བསྐྲུན་ཡོད།
སྤྱི་ལོ2019ལོའི་ཟླ3པ་བར་དཔེ་མཛོད་ཁང་གིས་ཉར་ཚགས་བྱས་པའི་ཚད་ལྡན་ཡིག་ཆ་ཁྲི94ལྷག་ཙམ་ཡོད་པ་རེད། དེའི་ནང་ཤོག་བུའི་ཚད་ལྡན་ཡིག་ཆ་ཁྲི44ལྷག་ཙམ་དང་། གློག་རྡུལ་ཚད་ལྡན་ཡིག་ཆ་ཁྲི50ལྷག་ཙམ་ཡོད་པ་རེད། དུས་དེབ375དང་ཚགས་པར55ཡོད། མཁོ་འདོན་བྱས་པའི་གཞི་གྲངས་ཐོན་ཁུངས་ལ་གཙོ་བོ་རང་གིས་བསྐྲུན་པའི་ དཔེ་དེབ་ཉར་ཚགས་ཀྱི་གཞི་གྲངས་མཛོད་དང་། CNKIདུས་དེབ་ཀྱི་གཞི་གྲངས་མཛོད། ཧྥང་ཀྲེངApabiགློག་རྡུལ་དཔེ་དེབ་ཀྱི་གཞི་གྲངས་མཛོད་དང་། ཁྲོ་ཞིན་གློག་རྡུལ་དཔེ་དེབ་སོགས་ཡོད་པ་དང་། དཔེ་ཀློག་ཁང3དང་ཀློག་པ་པོའི་རང་སྦྱོང་ཁང2ཡོད། ཀློག་པ་པོའི་འདུག་སྟེགས300མཁོ་འདོན་བྱས་ཡོད།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2020-12-15
གསར་སྤེལ་མཁན། :འབྲོང་༡༠༠