ཏང་ཡོན་སློབ་གསོའི་གྲོན་དངུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏང་ཡོན་སློབ་གསོའི་གྲོན་དངུལ།
ཏང་ཡོན་སློབ་གསོའི་གྲོན་དངུལ་ནི་ཏང་ཡོན་གྱི་སློབ་གསོ་སྤེལ་བར་སྤྱོད་དགོས་པའི་གྲོན་དངུལ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
党员教育经费
དམིགས་ཡུལ།
ཏང་ཡོན་གྱི་སློབ་གསོའི་བྱ་བ་སྤེལ་བར་རམ་འདེགས་བྱ་བ།
1 ​ངོ་སྤྲོད།

ཏང་ཡོན་སློབ་གསོའི་གྲོན་དངུལ་ནི་ཏང་ཡོན་གྱི་སློབ་གསོ་སྤེལ་བར་སྤྱོད་དགོས་པའི་གྲོན་དངུལ་ལ་ཟེར། སྤྱི་ལོ1923ལོའི་ཟླ10པར་ཀྲུང་དབྱང་ནས་ཆུས་དང་། ས་གནས། ཚན་ཆུང་སོ་སོར་བརྡ་བཏང་ཞིང་།  《སློབ་གསོ་དྲིལ་སྒྲོག་ཨུ་ཡོན་ཚོགས་པའི་རྩ་འཛུགས་བཅའ་ཁྲིམས》དཔར་འགྲེམ་བྱས་ཤིང་ཏང་ཡོན་གྱི་སློབ་གསོའི་གྲོན་དངུལ་ཐད་ཐག་གཅོད་མཛད་ཡོད། སྤྱི་ལོ1949ལོའི་ཟླ9པར་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ནས《ཀྲུང་དབྱང་གི་ཏང་དངུལ་སྐོར་གྱི་གཏན་འབེབས》ཞེས་པ་དངོས་སུ་དཔར་འགྲེམ་བྱས་ཤིང་། ཏང་དངུལ་ཏང་ཡོན་གྱི་སློབ་གསོའི་གྲོན་དངུལ་བྱ་དགོས་པར་གསལ་བོར་བསྟན་འདུག སྤྱི་ལོ1989ལོའི་ཟླ1པོར། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས《ཏང་ཡོན་གྱི་གྲོན་དངུལ་དོ་དམ་དང་བཀོལ་སྤྱོད་བྱ་ཐབས་སྐོར་གྱི་བརྡ་སྦྱོར》བཏང་ཞིང་། ཏང་དངུལ་གཙོ་བོ་ཏང་ཡོན་གྱི་སློབ་གསོའི་ལས་དོན་ཐད་སྤྱོད་དགོས་པ་དང་། ཏང་ཡོན་སློབ་གསོའི་གྲོན་དངུལ་གྱི་ཁ་གསབ་གཏོང་སྒོའི་དོད་དུ་སྤྱོད་དགོས་པའི་བླང་བྱ་བཏོན་འདུག སྤྱི་ལོ2006ལོར་ཀྲུང་དབྱང་གཞུང་ལས་ཐིང་གིས《ཏང་ཡོན་གྱི་དུས་རྒྱུན་སློབ་གསོར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》བཏོན་ཞིང་། བྱ་ཐབས་སྣ་ཚོགས་བརྒྱུད་དེ་ཏང་ཡོན་གྱི་སློབ་གསོའི་གྲོན་དངུལ་སྐོར་གྱི་གནད་དོན་འོས་ཤིང་འཚམ་པར་ཐག་གཅོད་དགོས་པ་བསྟན་ཡོད་དེ། ཏང་ཡོན་གྱི་སློབ་གསོའི་གྲོན་དངུལ་དེ་རིམ་པ་སོ་སོའི་ནོར་སྲིད་སྔོན་རྩིས་ཁྲོད་འཇོག་དགོས་པ་དང་། རིམ་པ་སོ་སོའི་ཏང་ཨུས་གསོག་ཉར་བྱས་ཡོད་པའི་ཏང་དངུལ་དག་ཏང་ཡོན་གྱི་སློབ་གསོའི་ཕྱོགས་སུ་སྤྱོད་དགོས་པ། ཏང་ཡོན་གྱི་སློབ་གསོའི་གྲོན་དངུལ་ཞིང་གྲོང་དང་། སྲང་ལམ་སྡོད་ཁུལ། དེ་མིན་དཀའ་ཁག་ཡོད་པའི་གཞི་རིམ་རྩ་འཛུགས་ཀྱི་ཕྱོགས་སུ་མང་ཙམ་སྤྱོད་དགོས་པ། རྒྱལ་ཁོངས་ཁེ་ལས་དང་། ལས་དོན་ལས་ཁུངས་བཅས་ཀྱི་ཏང་ཡོན་སློབ་གསོའི་གྲོན་དངུལ་དག་དོ་དམ་གྲོན་དངུལ་གྱི་གྲས་སུ་འཇོག་པ། གྲོན་ཆུང་བསྲི་ཚགས་དང་སྒོར་མོ་ཉུང་ཙམ་སྤྱད་དེ་དོན་དག་མང་བོ་སྒྲུབ་དགོས་པ་བཅས་གསལ་བོར་བསྟན་ཡོད། 

སྤྱི་ལོ2008ལོའི་ཟླ2པར་ཀྲུང་དབྱང་རྩ་འཛུགས་པུའུ་ནས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་དངུལ་བསྡུ་སྤྲོད་དང་། བཀོལ་སྤྱོད། དོ་དམ་སྐོར་གྱི་ཐག་གཅོད》དཔར་འགྲེམ་གནང་ཞིང་། ཏང་དངུལ་དག་ཏང་གི་བྱ་འགུལ་གྱི་ཕྱོགས་སུ་སྤྱད་དེ། ཏང་ཡོན་སློབ་གསོའི་གྲོན་དངུལ་གྱི་ཁ་གསབ་བྱ་དགོས་པའི་བླང་བྱ་བཏོན་འདུག སྤྱི་ལོ2014ལོར་ཀྲུང་དབྱང་གཞུང་ལས་ཐིང་གིས 《2014ལོ་ནས2018ལོའི་རྒྱལ་ཡོངས་ཏང་ཡོན་སློབ་གསོའི་གསོ་སྦྱོང་བྱ་བའི་འཆར་གཞི》དཔར་འགྲེམ་གནང་ཞིང་། རིམ་པ་སོ་སོའི་ཏང་ཨུ་ཡིས་གསོག་ཉར་བྱས་ཡོད་པའི་ཏང་དངུལ་དེ་ཏང་ཡོན་སློབ་གསོའི་གསོ་སྦྱོང་གི་ཕྱོགས་སུ་སྤྱོད་དགོས་པ་དང་། ཏང་ཡོན་སློབ་གསོའི་གསོ་སྦྱོང་གྲོན་དངུལ་དག་རིམ་པ་སོ་སོའི་ནོར་སྲིད་སྔོན་རྩིས་ཀྱི་གྲས་སུ་འཇོག་དགོས་པ། ལས་ཁུངས་དང་། ལས་དོན་ལས་ཁུངས་ཀྱི་ཏང་ཡོན་སློབ་གསོའི་གསོ་སྦྱོང་གི་གྲོན་དངུལ་དག་ལས་ཁུངས་དེའི་ལོ་འཁོར་གྱི་གྲོན་དངུལ་སྔོན་རྩིས་གྲས་སུ་འཇོག་དགོས་པ། རྒྱལ་ཁོངས་ཁེ་ལས་ཀྱི་ཏང་ཡོན་སློབ་གསོའི་གསོ་སྦྱོང་གྲོན་དངུལ་དག་ཁེ་ལས་སྔོན་རྩིས་ཀྱི་གྲས་སུ་འཇོག་དགོས་པར་གཏན་ཁེལ་བྱས་ཡོད་པ་མ་ཟད། དཔྱ་ཁྲལ་མ་སྤྲད་གོང་འགྲོ་སྒོ་གཏོང་བ། ཏང་དངུལ་ཕྱིར་སློག་པ། བྱ་ཐབས་སྣ་ཚོགས་ཀྱི་ལམ་ནས་སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས་དང་། སྤྱི་ཚོགས་རྩ་འཛུགས། ཏང་རྩ་འཛུགས་བཅས་ཀྱི་ཏང་ཡོན་སློབ་གསོའི་གསོ་སྦྱོང་གི་གྲོན་དངུལ་སྐོར་གྱི་གནད་དོན་ཐག་གཅོད་དགོས་པ། གསར་བརྗེ་ས་ཁུལ་དང་། མི་རིགས་ས་ཁུལ། མཐའ་འཁོབ་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ཀྱི་ཏང་ཡོན་སློབ་གསོའི་གྲོན་དངུལ་བྱ་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པར་ཐག་བཅད་འདུག


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

གུང་ཁྲན་ཏང་། ཏང་ཡོན། སློབ་གསོ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-12

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།