ཀོང་ཞི་ཀྲུང་ལུགས་གསོ་རིག་སློབ་ཆེན་སའེ་ཨེན་སི་གསོ་རིག་སློབ་གླིང་གསར་པ།

ཀོང་ཞི་ཀྲུང་ལུགས་གསོ་རིག་སློབ་ཆེན་སའེ་ཨེན་སི་གསོ་རིག་སློབ་གླིང་གསར་པས་གསོ་རིག་དང་སྨན་རྫས་ལས་རིགས་ཀྱི་དུས་རབས་ཀྱི་འཕེལ་རྒྱས་གོམ་སྟབས་བསྙེགས་ཏེ། སྤྱི་ཚོགས་ཀྱི་འགྲན་རྩོད་ནུས་པ་ལྡན་པའི་ཉེར་སྤྱོད་ཅན་དང་གསར་གཏོད་ཅན། ལས་སྐྲུན་ཅན་བཅས་ཀྱི་དངོས་གཞིའི་སྡེ་ཁག་གི་སྨན་བཅོས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་པ་དང་། ཀོང་ཞི་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་ཕུལ་བྱུང་དགེ་རྒན་དང་ལག་ལེན་སློབ་ཁྲིད་སྨན་ཁང་། ཚན་ཞིབ་གྲུབ་འབྲས་སོགས་ཐོན་ཁུངས་མཉམ་སྤྱོད་བྱས་ཤིང་། སློབ་ཁྲིད་ཀྱི་སྤུས་ཚད་ལ་མཐོང་ཆེན་བྱས་ནས་སློབ་མའི་ཕྱོགས་བསྡུས་བྱང་ཚད་ཧུར་ཐག་སྒོས་མཐོར་འདེགས་དང་རྒྱ་སྐྱེད་བཏང་ཡོད་ལ། རིགས་ཁག་གི་སློབ་ཆེན་སློབ་མའི་སྤྱི་ཚོགས་ལག་ལེན་བྱེད་སྒོ་ཕུན་སུམ་ཚོགས་པོ་ཡོད།
སློབ་གླིང་གི་སློབ་ཁུལ་གསར་པ་ནི་ནན་ཉིང་གྲོང་ཁྱེར་གྱི་ཆིང་ཞིའུ་ཁུལ་གྱི་ལམ་ཆེན་ཨང13པར་གནས་ཡོད་ལ་རྒྱ་ཁྱོན་ལ་མུའུ336.54ཡོད། སློབ་གཉེར་གྱི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་བ་སྟེ། ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་ཆེན་མོ་དང་ཟ་ཁང་། དཔེ་མཛོད་ཁང་བཅས་ཡོད་ལ། དེ་བཞིན་དཔྱད་ཆས་སྒྲིག་ཆས་སྔོན་ཐོན་གྱི་ཚོད་ལྟའི་སློབ་ཁྲིད་ལྟེ་གནས་ཀྱིས་ཀྲུང་ལུགས་གསོ་རིག་དང་ཁབ་བཙའི་མཉེད་འཕུར་རིག་པ། སྨན་རྫས་རིག་པ། ནད་སྐྱོང་རིག་པ་བཅས་ཀྱི་ཆེད་ལས་ནད་ཐོག་ལད་ཟློས་སྦྱོང་བརྡར་གྱི་སྨན་དང་སྨན་བཅོས་དངོས་སྦྱོང་རྟེན་གཞི་མཁོ་འདོན་བྱེད་ཆོག་པ་དང་། ད་དུང་སེམས་ཁམས་འདྲི་རྩད་སྨན་བཅོས་དང་སློབ་ཁྲིད་ལྟེ་གནས། ཁང་པའི་ཕྱི་ནང་གི་ལུས་རྩལ་ཐང་བཅས་ཀྱང་ཡོད་པ་རེད།
སློབ་གླིང་དུ་གསོ་རིག་སྡེ་ཁག་དང་། སྨན་རྫས་རིག་པའི་སྡེ་ཁག སྤྱི་པའི་དོ་དམ་སྡེ་ཁག ནད་སྐྱོང་སྡེ་ཁག་བཅས་ཁྱོན་བསྡོམས་སྡེ་ཁག4ཡོད་ལ། རིག་ཚན་ཁྱབ་ཁོངས་སུ་གསོ་རིག་དང་བཟོ་རིག དོ་དམ་རིག་པ་བཅས་རིག་ཚན3ཚུད་ཡོད། གཞན་ཀྲུང་ལུགས་གསོ་རིག་དང་ཁབ་བཙའ་མཉེད་འཕུར་རིག་པ། ནད་སྐྱོང་རིག་པ། སྨན་རྫས་རིག་པ། ཁྲོམ་རའི་བྲིན་ཚོང་ཆེད་ལས། བདེ་ཐང་སླར་གསོའི་གསོ་བཅོས་རིག་པ། བཟའ་བཅའི་སྤུས་ཚད་དང་བདེ་འཇགས། དེ་བཞིན་གསོ་རིག་ཞིབ་དཔྱད་ལག་རྩལ་སོགས་ཆེད་ལས16(ཁ་ཕྱོགས)ཡོད་པ་དང་། དེའི་ནང་གི་སྨན་རྫས་རིག་པའི་ཆེད་ལས་དེ་ཉིད་ཀོང་ཞི་མཐོ་སློབ་ཀྱི་ཁྱད་ལྡན་ཆེད་ལས་དང་སློབ་ཚན་གཞི་གཅིག་ཅན་གྱི་འཛུགས་སྐྲུན་རྣམ་གྲངས་ལ་གཏན་ཁེལ་བྱས་པ་དང་། ཀྲུང་ལུགས་གསོ་རིག་དང་ཁབ་བཙའ་མཉེད་འཕུར་རིག་པ་དེ་ཀོང་ཞིའི་དམངས་སྒྲུབ་མཐོ་སློབ་ཀྱི་གཙོ་གནད་ཆེད་ལས་ལ་བདམས། ཡང་ནད་སྐྱོང་དང་ལུས་གསོ་སོགས་བདེ་ཐང་ཞབས་ཞུའི་རིགས་ཀྱི་ཆེད་ལས་ནི་ཀོང་ཞིའི་དངོས་གཞིའི་སྡེ་ཁག་གི་སློབ་གྲྭའི་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་ཐོག་མའི་ཚོད་ལྟའི་ཆེད་ལས་ཚོགས་པ་རེད།
སློབ་གླིང་ལ“ལྗོངས་ཡོངས་ཀྱི་མཐོ་སློབ་ཀྱི་སྔོན་གཏོད་ལེགས་བརྩོན་དང་སྔོན་ཐོན་གྱི་གཞི་རིམ་ཏང་རྩ་འཛུགས”དང“ཀོང་ཞི་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་ཨུ་ལྷན་གྱི་ཚོགས་གཙོ་གཞོན་པའི་ལས་ཁུངས” “རང་སྐྱོང་ལྗོངས་དམངས་བཙུགས་སློབ་གསོ་མཐུན་ཚོགས་མཐོ་རིམ་ཆེད་ལས་ཨུ་ལྷན་གྱི་ལས་འཛིན་དཔོན་གྱི་ཚན་པ” “རྒྱལ་ཡོངས་ཀྱི་དམངས་བཙུགས་མཐོ་སློབ་ཀྱི་གསར་གཏོད་ལས་གཏོད་སློབ་གསོ་ལག་ལེན་དངོས་སྦྱོང་རྟེན་གཞིའི་འཛུགས་སྐྲུན་བྱ་དགའ”ཐོབ་པ་དང་། གུང་གཞོན་ཚོགས་པའི་སློབ་འབྲེལ་ཀྲི་པུའུ་ལ་གུང་གཞོན་ཐོན་ཀྲུང་དབྱང་གི་སྤྱི་ལོ2016ལོའི“གསོན་ཤུགས་ཆེ་ཤོས”ཀྱི་ཐོན་ཀྲི་པུའུ། “རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའི་ཤེས་དཔལ་སློབ་གྲྭ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།
གླིང་གཙོའི་གཞུང་ལས་ཁང་།
ཏང་ཨུའི་གཞུང་ལས་ཁང་།
སློབ་དོན་ཁྲུའུ།
སློབ་མའི་ལས་དོན་ཁྲུའུ།
ཐོན་ཨུ།
ནོར་དོན་དང་རྒྱུ་ནོར་དོ་དམ་ཁྲུའུ།
མི་དོན་ཁྲུའུ།
ཚན་རྩལ་ཁྲུའུ།
རྒྱབ་ཕྱོགས་མཁོ་སྒྲུབ་སྲུང་སྐྱོབ་ཁྲུའུ།
ཉོ་སྒྲུབ་གཞུང་ལས་ཁང་།
འོས་སྐུལ་འོས་དཔོད་གཞུང་ལས་ཁང་།
སློབ་སྡུད་གཞུང་ལས་ཁང་།
བཟོ་ཚོགས།
གསོ་རིག་སྡེ་ཁག
སྨན་རྫས་རིག་པའི་སྡེ་ཁག
ནད་གཡོག་སྡེ་ཁག
སྤྱི་པའི་དོ་དམ་སྡེ་ཁག
ཚོད་ལྟའི་སློབ་ཁྲིད་ལྟེ་གནས།
དཔེ་མཛོད་ཁང་།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2020-12-10
གསར་སྤེལ་མཁན། :ཀླུ་བྷklumtso