ཀོང་ཞི་སྐྱེ་ཁམས་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀོང་ཞི་སྐྱེ་ཁམས་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་།
ཀོང་ཞི་སྐྱེ་ཁམས་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་ནི་ཀོང་ཞི་ལིའུ་ཀྲོའུ་གྲོང་ཁྱེར་དུ་ཆགས་ཡོད་ལ། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཉེར་བ་དང་ཀོང་ཞི་སློབ་གསོ་ཐིང་དང་ནགས་ལས་ཐིང་གིས་དོ་དམ་བྱེད་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། སློབ་གླིང་དེ་སྤྱི་ལོ1956ལོར་བཙུགས་པ་དང་དེ་སྔའི་སློབ་གྲྭ་ནི་ཀོང་ཞི་ལིའུ་ཀྲོའུ་མཐོ་རིམ་ཞིང་ལས་ལས་རིགས་སློབ་གྲྭ་ཡིན་ཞིང་། སྤྱི་ལོ1956ལོར་སློབ་གྲྭའི་ནགས་ལས་ཡན་ལག་ཁང་རང་ཚུགས་སུ་བཀར་ནས་ཀོང་ཞི་ནགས་ལས་སློབ་གྲྭ་བཙུགས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
广西生态工程职业技术学院
ཕྱི་ཡིག་གི་མིང་།
Guangxi Eco-engineering Vocational And Technical College
བཙུགས་ལོ།
སྤྱི་ལོ1956ལོ།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
ནགས་ལས་ཀྱི་རིགས།
གཙོ་གཉེར་སྡེ་ཁག
ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་སློབ་གསོ་ཐིང་།
ལས་ཐོག་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི་ལི་ཀྲེང་ཆིའུ། སློབ་གཙོ་ཧྥིན་ཁྲང་ཞིན།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
ནགས་ལས་ལས་གྲྭའི་སྡེ་ཁག སྐྱེད་ཚལ་ལས་གྲྭའི་སྡེ་ཁག ཨར་སྐྲུན་ལས་གྲྭའི་སྡེ་ཁག སྒྱུ་རྩལ་ཇུས་འགོད་སྡེ་ཁག རླངས་འཁོར་དང་ཆ་འཕྲིན་ལས་གྲྭའི་སྡེ་ཁག དཔལ་འབྱོར་ཚོང་དོན་སྡེ་ཁག ཡུལ་སྐོར་དང་འགྲིམ་འགྲུལ་དོ་དམ་སྡེ་ཁག་སོགས།
སློབ་གྲྭའི་དམ་ཚིག
མི་གསོ་སྐྱོང། གཏམ་སྤྱོད་གཅིག་མཐུན།
གནས་ཡུལ།
ཀོང་ཞི་ལིའུ་ཀྲོའུ་གྲོང་ཁྱེར་ལིའུ་པེ་ཁུལ་ཅུན་ཝུའུ་ལམ་གྱི་ཨང་རྟགས168པ།
སློབ་གྲྭའི་ཚབ་ཨང་།
545004
གཟི་བརྗིད་མཚན་སྙན།
རྒྱལ་ཁབ་ཀྱི་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་གྲུབ་འབྲས་གཟེངས་སུ་ཐོན་པའི་བྱ་དགའ། རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་མཐོ་སློབ་དང་རང་སྐྱོང་ལྗོངས་ཀྱི་ལྗང་མདོག་སློབ་ཆེན། རྒྱལ་ཡོངས་ཀྱི་ཕུལ་བྱུང་ཆེད་སྦྱོང་སློབ་གླིང་བརྒྱ།
གཞུང་ཕྱོགས་དྲ་གནས།
http://www.gxstzy.cn
1 སློབ་སྒྲུབ་ཆ་རྐྱེན།
1_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2016ལོའི་ཟླ6པའི་ཚེས13ཉིན་བར་སློབ་གྲྭར་དོ་དམ་སྒྲིག་གཞི15དང་། སློབ་ཁྲིད་སྡེ་ཁག7(ནགས་ལས་ལས་གྲྭའི་སྡེ་ཁག་དང་སྐྱེད་ཚལ་ལས་གྲྭའི་སྡེ་ཁག ཨར་སྐྲུན་ལས་གྲྭའི་སྡེ་ཁག སྒྱུ་རྩལ་ཇུས་འགོད་སྡེ་ཁག རླངས་འཁོར་དང་ཆ་འཕྲིན་ལས་གྲྭའི་སྡེ་ཁག དཔལ་འབྱོར་ཚོང་དོན་སྡེ་ཁག ཡུལ་སྐོར་དང་འགྲིམ་འགྲུལ་དོ་དམ་སྡེ་ཁག་བཅས)གྱིས་ཆེད་ལས་དང་ཁ་ཕྱོགས49བསྡུས་ཡོད་ལ། རོགས་ཁྲིད་སྡེ་ཁག4དང་ཁོངས་གཏོགས་ལས་ཁུངས6བཅས་ཡོད། སྤྱི་ལོ2019ལོའི་ཟླ10ཚེས11ཉིན་སློབ་གྲྭ་དེའི་སྐྱེད་ཚལ་ལག་རྩལ་ཆེད་ལས་དེ་ཉིད་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་རྒྱལ་ཡོངས་ལས་རིགས་སློབ་གླིང་གི་ནགས་རྩྭའི་རིགས་ཀྱི་གཙོ་གནད་ཆེད་ལས་ལ་གཏན་འཁེལ་བྱས།

1_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2013ལོར་སློབ་གྲྭར་ལས་བཟོ་བ550ལྷག་ཙམ་ཡོད་པ་རེད། དེའི་ནང་ཆེད་བསྐོས་དགེ་རྒན300ཡོད་པ་དགེ་རྒན་གྱི་དཔུང་ཁག་ནང་ཚུད་ཡོད། དགེ་རྒན་ཆེན་མོ16དང་དགེ་རྒན་ཆེན་མོ་གཞོན་པ100 འཆད་ཁྲིད་དགེ་རྒན160ལྷག འབུམ་རམས་པ12དང་རབ་འབྱམས་པ100 རང་སྐྱོང་ལྗོངས་རིམ་པའི་ཕུལ་བྱུང་སློབ་ཁྲིད་ཚོགས་པ2དང་སློབ་ཁྲིད་དགེ་རྒན་གྲགས་ཅན1བཅས་ཡོད་པ་མ་ཟད། གདན་ཞུའི་དགེ་རྒན200ལྷག་ཡོད།

1_3 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2013ལོའི་བར་སློབ་གླིང་གི་སློབ་བསྡུའི་ཆེད་ལས་དང་ཆེད་ལས་ཀྱི་ཁ་ཕྱོགས49ཡོད་པའི་ནང་། རྒྱལ་ཁབ་ཀྱི་གཙོ་གནད་འཛུགས་སྐྲུན་ཆེད་ལས2དང་རྒྱལ་ཁབ་ནགས་ལས་ཅུའུ་ཡི་གཙོ་གནད་ཆེད་ལས2 རང་སྐྱོང་ལྗོངས་ཀྱི་སྤུས་ལེགས་ཆེད་ལས4 ཁྱད་ལྡན་ཆེད་ལས7 རྒྱལ་ཁབ་ཀྱི་དཔེ་སྟོན་རང་བཞིན་གྱི་དངོས་སྦྱོང་རྟེན་གཞི3བཙུགས་ཡོད་པ་རེད། དེ་མིན་རྒྱལ་ཁབ་ནགས་ལས་ཅུའུ་ཡི་དངོས་སྦྱོང་རྟེན་གཞི1དང་རང་སྐྱོང་ལྗོངས་ཀྱི་དཔེ་སྟོན་རང་བཞིན་གྱི་དངོས་སྦྱོང་རྟེན་གཞི6 ཞིང་ཆེན་དང་པུའུ་རིམ་པའི་སྤུས་ལེགས་སློབ་ཚན6ཡོད་པ་དང་། ཞིང་ཆེན་རིམ་པའི་ཕུལ་བྱུང་བསླབ་གཞི་མང་དུ་ཡོད།

2 རིག་གཞུང་ཞིབ་འཇུག
2_1 འཛུགས་སྐྲུན་གྱི་གྲུབ་འབྲས།

སྤྱི་ལོ2013ལོའི་བར་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཚན་ཞིབ་རྣམ་གྲངས150ལྷག་ཙམ་གྱི་འགན་ཁུར་ཡོད་ལ། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་གལ་ཆེན10དང་ཞིང་ཆེན་དང་པུའུ་རིམ་པའི་བྱ་དགའ20ལྷག་ཐོབ་ཡོད། དེའི་ནང་ཀོང་ཞི་ཡི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་རིམ་པ་གཉིས་པ1དང་ཨང་གསུམ་པ3། ཀོང་ཞི་ཡི་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ2བཅས་ཡོད། གཞན་ཀོང་ཞིའི་སློབ་གསོ་སློབ་ཁྲིད་ཀྱི་གྲུབ་འབྲས་བྱ་དགའ11དང་། ནགས་ཤིང་གི་སོན་བཟང1བཅས་ཡོད་པ་དང་། ད་དུང་ནགས་ལས་ལས་རིགས་ཀྱི་ཚད་གཞི1བཟོས་ཡོད་པ་དང་ཆེད་ཁེ5རེ་ཞུ་བྱས་ཤིང། དཔེ་སྐྲུན་ཆེད་རྩོམ5དང་གཙོ་སྒྲིག་བྱས་པའི་བསླབ་གཞི35ཡོད་ལ། ཚན་རིག་ཞིབ་འཇུག་གི་དཔྱད་རྩོམ1000ལྷག་ཙམ་སྤེལ་ཡོད།

3 རིག་གཞུང་སྤེལ་རེས།
3_1 རྒྱལ་ནང་གི་མཉམ་ལས།

སློབ་གླིང་གིས་རྒྱལ་ཡོངས་ཀྱི་གཙོ་གནད་སློབ་ཆེན་པེ་ཅིང་ནགས་ལས་སློབ་ཆེན་དང་མཉམ་ལས་བྱས་པ་དང་། ཀོང་ཞི་སློབ་ཆེན་དང་ཀོང་ཞི་ཚན་རྩལ་སློབ་ཆེན་སོགས་དངོས་གཞིའི་སྡེ་ཁག་གི་སློབ་གྲྭ་དང་སློབ་གླིང་དབར་མཉམ་ལས་བྱས་ནས་“ཆེད་སྦྱོང་དང་དངོས་གཞི་སྦྲེལ་མཐུད”ཀྱི་རང་སྦྱོང་རྒྱུགས་ལེན་ཆེད་ལས་མང་པོ་སྤེལ་ཡོད་དེ། སློབ་མས་རང་ཉིད་ཀྱི་དོན་དངོས་ལ་གཞིགས་ནས་སློབ་སྦྱོང་བྱས་ནས་ཆེད་སྦྱོང་གི་སློབ་ཐོན་ལག་ཁྱེར་ཐོབ་པ་དང་ཆབས་ཅིག་དངོས་གཞིའི་སྡེ་ཁགགི་སློབ་ཐོན་ལག་ཁྱེར་ཡང་ཐོབ་ཀྱི་ཡོད། དེ་མིན་སློབ་གླིང་གིས་ལས་རིགས་རྩལ་ནུས་གསོ་སྦྱོང་གསལ་འབྱེད་ལས་རིགས50ཙམ་སྤེལ་བ་དང་སློབ་མས་ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་དང་ལས་རིགས་ཐོབ་ཐང་ལག་ཁྱེར་ལེན་ཆོག་གི་ཡོད།

3_2 རྒྱལ་སྤྱིའི་སྤེལ་རེས།

སློབ་གླིང་གིས་ཨ་རིའི་ཨུ་ཧེ་ཨུ་ཀྲོའུ་བཙུགས་སློབ་ཆེན་དང་ཨོ་སི་ཁྲུ་ལི་ཡའི་ཚན་རྩལ་བཟོ་ལས་རྩ་འཛུགས། ཨོ་སི་ཁྲུ་ལི་ཡའི་ཞིང་ལས་ལྟེ་གནས། ཧིན་རྡུ་ཉི་ཞི་ཡའི་ཐེ་ལི་ཧྲ་ཏི་སློབ་ཆེན། ཝེ་ཐེ་ནམ་ནགས་ལས་སློབ་ཆེན། ཝེ་ཐེ་ནམ་བྱང་ཤར་ཞིང་ནགས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་སོགས་སློབ་ཁྲིད་ཚན་ཞིབ་སྒྲིག་གཞི་དང་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཡོད་ལ། ཨ་རིའི་ཨུ་ཧའེ་ཨུ་ཀྲོའུ་བཙུགས་སློབ་ཆེན་དང་མཉམ་ལས་བྱས་ནས་ནགས་ལས་ཐཱན་འདུས་ཞིབ་འཇུག་བྱས་ཤིང་། ཨོ་སི་ཁྲུ་ལི་ཡའི་ཚན་རྩལ་བཟོ་ལས་རྩ་འཛུགས་དང་མཉམ་ལས་བྱས་ནས་ཤིང་སྡོང་གི་རྒྱུ་ཆ་ལེགས་བཅོས་སོགས་ཞིབ་འཇུག་རྣམ་གྲངས3སྤེལ།

4 རིག་གཞུང་ཐོན་ཁུངས།
4_1 ཉར་ཚགས་ཐོན་ཁུངས།

སྤྱི་ལོ2013ལོའི་བར་དཔེ་མཛོད་ཁང་དུ་དེབ་ཁྲི50ཡན་ཉར་ཚགས་བྱས་པ་དང་ཚགས་པར་དང་དུས་དེབ་རིགས500ལྷག་ཙམ་ཡོད། དེ་མིན་ད་དུང་ཚོད་ལྟ་ཁང་དང་སྐད་གདངས་ཁང་། སྨྱན་མང་གཟུགས་སློབ་ཁང་། གློག་རྡུལ་ལྟ་ཀློག་ཁང་། འཁྲབ་སྟོན་ཁང་། འཁྲབ་བསྒྲགས་གློག་ཁྲིད་མ་ལག་སོགས་སྔོན་ཐོན་སློབ་ཁྲིད་སྒྲིག་ཆས་ཆ་ཚང་བར་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-12-08

གསར་སྤེལ་མཁན། :ཀླུ་བྷklumtso

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།