ཀོང་ཞི་ཞིང་ལས་ལས་རིགས་ལག་རྩལ་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀོང་ཞི་ཞིང་ལས་ལས་རིགས་ལག་རྩལ་སློབ་གླིང་།
ཀོང་ཞི་ཞིང་ལས་ལས་རིགས་ལག་རྩལ་སློབ་གླིང་ནི་སྤྱི་ལོ1942ལོར་བཙུགས་པའི་ནན་ཉིང་མཐོ་རིམ་ཞིང་ལས་ལས་རིགས་སློབ་གྲྭ་འཕེལ་རྒྱས་བྱུང་ནས་ཚུགས་པ་ཞིག་རེད། སློབ་གླིང་འདི་གའི་འཚར་ལོངས་བརྒྱུད་རིམ་ཁྲོད་སློབ་གྲྭའི་མིང་ནི་ནན་ཉིང་མཐོ་རིམ་ཞིང་ལས་ལས་རིགས་སློབ་གྲྭ་དང་ཀོང་ཞི་ཀུ་ཏཱ་ཞིང་ནགས་ཆུ་བེད་ཆེད་སྦྱོང་སྡེ་ཁག ནན་ཉིང་ཞིང་ལས་སློབ་གྲྭ ཀོང་ཞི་ཞིང་ལས་ཆེད་སྦྱོང་སློབ་གྲྭ ཀོང་ཞི་ཞིང་ལས་སློབ་གྲྭ ནན་ཉིང་ས་ཁུལ་ཞིང་ལས་སློབ་གྲྭ ཀོང་ཞི་ཞིང་ལས་སློབ་གྲྭ་སོགས་ཀྱི་འགྱུར་ལྡོག་བརྒྱུད་ཡོད་ལ། སྤྱི་ལོ2002ལོའི་ཟླ8པར་ཀོང་ཞི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་རྗེས་ཀོང་ཞི་ཞིང་ལས་སློབ་གྲྭ་ཀོང་ཞི་ཞིང་ལས་ལས་རིགས་ལག་རྩལ་སློབ་གླིང་དུ་རིམ་སྤོར་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
广西农业职业技术学院
ཕྱི་ཡིག་གི་མིང་།
Guangxi Agricultural Vocational College
བཙུགས་ལོ།
སྤྱི་ལོ1942ལོ།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
རྣམ་པ།
ཞིང་ཕྱུགས་ཀྱི་རིགས།
གཙོ་གཉེར་སྡེ་ཁག
ཀོང་ཞི་ཞིང་ཆེན།
ལས་ཐོག་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི་དབྱང་ཁྲང་ཕིང་། སློབ་གཙོ་ཀའོ་ཁྲུངམིན།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
སྨན་རྫས་རིག་པའི་སྡེ་ཁག་དང་ཞིང་ལས་རིག་པ་དང་ལྡུམ་རའི་ལག་རྩལ་སྡེ་ཁག སྲོག་ཆགས་ཚན་རིག་ལག་རྩལ་སྡེ་ཁག ཚོང་དོན་དོ་དམ་དང་ཕྱི་སྐད་སྡེ་ཁག ཆ་འཕྲིན་དང་འཕྲུལ་གློག་ལས་གྲྭའི་སྡེ་ཁག བཟའ་བཅའི་ལས་གྲྭའི་སྡེ་ཁག སྐྱེད་ཚལ་དང་བཟོ་སྐྲུན་ལས་གྲྭའི་སྡེ་ཁག་སོགས།
གནས་ཡུལ།
ཀོང་ཞིའི་ནན་ཉིང་གྲོང་ཁྱེར་སློབ་ཆེན་ཤར་ལམ་གྱི་ཨང་རྟགས176པ།
སློབ་གྲྭའི་ཚབ་ཨང་།
12382
གཟི་བརྗིད་མཚན་སྙན།
རྒྱལ་ཡོངས་ལས་རིགས་སློབ་གསོའི་སྔོན་ཐོན་སྡེ་ཚན། ཀོང་ཞིའི་མཐོ་རིམ་སློབ་གྲྭའི་སློབ་ཁྲིད་སྒྱུར་བཅོས་དང་དོ་དམ་གྱི་སྔོན་ཐོན་ཚན་པ།
གཞུང་ཕྱོགས་དྲ་གནས།
http://www.gxnyxy.com.cn
1 ​སློབ་སྒྲུབ་རྒྱ་ཁྱོན།
1_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2019ལོའི་ཟླ6པའི་བར། ཀོང་ཞི་ཞིང་ལས་ལས་རིགས་ལག་རྩལ་སློབ་གླིང་དུ་སྨན་རྫས་རིག་པའི་སྡེ་ཁག་དང་ཞིང་ལས་རིག་པ་དང་ལྡུམ་རའི་ལག་རྩལ་སྡེ་ཁག སྲོག་ཆགས་ཚན་རིག་ལག་རྩལ་སྡེ་ཁག ཚོང་དོན་དོ་དམ་དང་ཕྱི་སྐད་སྡེ་ཁག ཆ་འཕྲིན་དང་འཕྲུལ་གློག་ལས་གྲྭའི་སྡེ་ཁག བཟའ་བཅའི་ལས་གྲྭའི་སྡེ་ཁག སྐྱེད་ཚལ་དང་བཟོ་སྐྲུན་ལས་གྲྭའི་སྡེ་ཁག་སོགས་སློབ་ཁྲིད་སྡེ་ཁག7 དང་ཆེད་ཚན59ཡོད་པ་རེད།

1_2 དགེ་རྒན་གྱི་དཔུང་སྡེ།

སློབ་གླིང་དུ་དགེ་རྒན་དང་ལས་བཟོ་བ570ཡོད་ལ། དེའི་ནང་ཆེད་བསྐོས་དགེ་རྒན461ཡོད་པ་དང་། འབུམ་རམས་པའི་ཡོན་གནས་ལྡན་པ4དང་། རབ་འབྱམས་པའི་ཡོན་གནས་ཡོད་པའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པ186 མཐོ་རིམ་རྒན་པའི་གོ་མིང་ཡོད་མཁན21 མཐོ་རིམ་གཞོན་པའི་གོ་མིང་ཡོད་མཁན96  “ཉིས་འཇོན”དགེ་རྒན164ཡོད་ལ། ཀོང་ཞི་རང་སྐྱོང་ལྗོངས་རིམ་པའི་སློབ་ཁྲིད་ཚོགས་པ3དང་། རྒྱལ་ཡོངས་ཀྱི་ཞིང་ལས་ལས་རིགས་སློབ་གསོའི་སློབ་ཁྲིད་དགེ་རྒན་གྲགས་ཅན3 ཀོང་ཞི་མཐོ་སློབ་ཀྱི་སློབ་ཁྲིད་དགེ་རྒན་གྲགས་ཅན5བཅས་ཡོད།

1_3 སློབ་ཁྲིད་འཛུགས་སྐྲུན།   

སྤྱི་ལོ2018ལོའི་ཟླ་དང་པོའི་བར། ཀོང་ཞི་ཞིང་ལས་ལས་རིགས་ལག་རྩལ་སློབ་གླིང་དུ་ཀོང་ཞིའི་ལེགས་ཆ་ལྡན་པའི་ཁྱད་ལྡན་ཆེད་ལས5དང་ཀོང་ཞི་རང་སྐྱོང་ལྗོངས་རིམ་པའི་སྤུས་ལེགས་ཆེད་ལས5 ཀོང་ཞི་རང་སྐྱོང་ལྗོངས་ཀྱི་དཔེ་སྟོན་ཁྱད་ལྡན་ཆེད་ལས་དང་དེ་བཞིན་དངོས་སྦྱོང་རྟེན་གཞིའི་འཛུགས་སྐྲུན་རྣམ་གྲངས4 རྒྱལ་ཁབ་ཀྱི་སྤུས་དག་སློབ་ཚན3 ཀོང་ཞིའི་མཐོ་སློབ་ཀྱི་རང་སྐྱོང་ལྗོངས་རིམ་པའི་སྤུས་དག་སློབ་ཚན9 ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་ལས་རིགས་སློབ་གསོའི་དངོས་སྦྱོང་རྟེན་གཞི4 ཀོང་ཞི་རང་སྐྱོང་ལྗོངས་ཀྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གསོའི་དངོས་སྦྱོང་རྟེན་གཞི7བཅས་བསྐྲུན་ཡོད།

2 རིག་གཞུང་ཞིབ་འཇུག
2_1 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སློབ་གླིང་གིས་སྤྱི་ལོ2002ལོ་ནས་བཟུང་། ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་ལས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་ཁྱབ་གདལ་གཏོང་བའི་ཞབས་ཞུའི་རྣམ་གྲངས་ཁག1དང་ཞིང་ཆེན་དང་པུའུ་རིམ་པའི་ཚན་ཞིབ་རྣམ་གྲངས40 ས་ཁུལ་དང་ཐིང་རིམ་པའི་ཚན་ཞིབ་རྣམ་གྲངས་ཁག113གཙོ་སྐྱོང་བྱས་པ་དང་། རྒྱལ་ཁབ་ཀྱི་ཁེ་བེད་བདག་ཐོབ་དབང་སྤྲོད13ཐོབ་ཡོད་ལ།  དཔྱད་རྩོམ493སྤེལ་བ་དང་གསུང་རྩོམ138དཔེ་སྐྲུན་བྱས་པ་མ་ཟད། ཀོང་ཞིའི་གྲུབ་འབྲས་དཔྱད་འདེམས6ལེགས་འགྲུབ་བྱུང་།

3 རིག་གཞུང་ཐོན་ཁུངས།
3_1 ཉར་ཚགས་ཐོན་ཁུངས།

སྤྱི་ལོ2018ལོའི་ཟླ་དང་པོའི་བར། སློབ་གླིང་གི་དཔེ་མཛོད་ཁང་ལ་ཤོག་བུའི་དཔེ་དེབ་ཁྲི40དང་དཔེ་དེབ་ཐོན་ཁུངས་ཀྱི་གཞི་གྲངས་མཛོད7 གློག་རྡུལ་དཔེ་ཆ3100GBཡོད་པ་རེད།

4 མཉམ་ལས་སྤེལ་རེས།

སློབ་གླིང་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱི་རྒྱལ་ཁབ་ཁག་གིས་སློབ་མ་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་མངགས་གཏོང་དང་། ཞིང་ལས་ཚན་རྩལ་སྤེལ་རེས། མི་སྣ་ཕན་ཚུན་འཚམས་འདྲི་དང་གསོ་སྦྱོང་སོགས་ཁྱབ་ཁོངས་མང་པོར་མཉམ་ལས་བྱས་པ་སྟེ། སྔ་རྗེས་སུ་ཝེ་ཐེ་ནམ་དང་ལོ་སི། ཧིན་རྡུ་ཉི་ཞི་ཡ། འབར་མ། ཁམ་ཕུ་ཁྲེ། ཧྥི་ལི་ཕིན། ཐེ་ལན་སོགས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་ཕན་ཚུན་ཞིང་ལས་ལག་རྩལ་ཞིབ་སྤེལ། ཞིང་ལས་གྲུབ་འབྲས་དང་སྐྱེ་དངོས་ཀྱི་སྣ་ཁ་ཁྱབ་གདལ། ཞིང་ལས་ཐོན་སྐྱེད་ཀྱི་ཚོད་ལྟའི་དཔེ་སྟོན་མི་སྣ་གསོ་སྦྱོང་དང་དེ་བཞིན་མངའ་ཁོངས་ཕྱིའི་ཞིང་ལས་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱས་པ་རེད། དེ་མིན་སློབ་གླིང་གིས་ཝེ་ཐེ་ནམ་དང་ལོ་སི། ཁམ་ཕུ་ཁྲེ། ཧྥི་ལི་ཕིན་སོགས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་རིམ་ཁག་ཞིང་ལས་སྡེ་ཚན་དང་། ཚན་རྩལ་སྡེ་ཚན། ཞིང་ལས་ཞིབ་འཇུག་ཚན་པ། སློབ་གྲྭ་དེ་བཞིན་ཞིང་པ་བཅས་དབར་ཞིང་ལས་ལག་རྩལ་དང་དོ་དམ་གསོ་སྦྱོང་འཛིན་གྲྭ་ཁྱོན་ཐེངས88གཉེར་བ་དང་། གཞན་ཡང་སློབ་གླིང་གིས་ལོ་སི་དང་ཝེ་ཐེ་ནམ། ཧིན་རྡུ་ཉི་ཞི་ཡ། འབར་མ་སོགས་རྒྱལ་ཁབ་ཁག་ཏུ་དེང་རབས་ཞིང་ལས་ཚན་རྩལ་དཔེ་སྟོན་རྟེན་གཞི6མཉམ་སྐྲུན་བྱས་ནས་སྣ་ཁ་གསར་པ་དང་ལག་རྩལ་གསར་པ་ཚོད་ལྟ་དང་། དཔེ་སྟོན། ཁྱབ་གདལ་གཏོང་བ་བཅས་བྱས་པ་མ་ཟད། ས་གནས་དེ་གའི་ཞིང་ལས་སློབ་གླིང་དང་སློབ་གྲྭའི་དགེ་རྒན་དང་། སློབ་མ། ལག་རྩལ་མི་སྣ། ཞིང་པ་བཅས་རྟེན་གཞིར་དངོས་སྦྱོང་ངམ་ཡང་ན་སྦྱོང་བརྡར་བྱེད་པར་བསྐྱོད་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-12-08

གསར་སྤེལ་མཁན། :ཀླུ་བྷklumtso

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།