ཀོང་ཞི་ཉེན་རྟོག་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀོང་ཞི་ཉེན་རྟོག་སློབ་གླིང་།
ཀོང་ཞི་ཉེན་རྟོག་སློབ་གླིང་ནི་ཀོང་ཞིའི་ནན་ཉིང་དུ་གནས་པ་དང་ཀོང་ཞིའི་སྤྱི་བདེའི་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་སྡེ་ཁག་གི་སློབ་གླིང་དཀྱུས་མ་ཁོ་ན་ཡིན། སློབ་གླིང་དེའི་རྨང་གཞི་ནི་སྤྱི་ལོ1950ལོར་བཙུགས་པའི་ཀོང་ཞི་ཞིང་ཆེན་སྤྱི་བདེ་སློབ་གྲྭ་ཡིན་ལ། སྤྱི་ལོ2015ལོར་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་སློབ་གསོ་པུའུ་ཡིས་ཀོང་ཞི་ཉེན་རྟོག་དཔོན་གྱི་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་རྨང་གཞིའི་ཐོག་ཀོང་ཞི་ཉེན་རྟོག་སློབ་གླིང་འཛུགས་རྒྱུའི་མོས་མཐུན་བྱས་པ་རེད། སློབ་གླིང་དེར་ཁྲང་ཧུའུ་དང་ཞན་ཧུའུ། ཝུའུ་ཧུ་བཅས་སློབ་ཁུལ3དང་པེ་ཧའེ་སྦྱོང་བརྡར་རྟེན་གཞི་བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
广西警察学院
ཕྱི་ཡིག་གི་མིང་།
Guangxi Police College
བཙུགས་ལོ།
སྤྱི་ལོ1950ལོ
རིགས་དབྱེ།
གཞུང་སྒྲུབ་མཐོ་སློབ།
རྣམ་པ།
སྲིད་ཁྲིམས་ཀྱི་རིགས།
ངོ་བོ།
ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དངོས་གཞིའི་སྡེ་ཁག་གི་སློབ་གླིང་དཀྱུས་མ།
གཙོ་གཉེར་སྡེ་ཁག
ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས།
ལས་ཐོག་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི་ཐན་ཀན་ཁྲའོ།
སློབ་གླིང་དང་སྡེ་ཁག་སྒྲིག་བཀོད།
མྱུལ་ཞིབ་སྡེ་ཁག་དང་བདེ་སྲུང་སྡེ་ཁག ཆ་འཕྲིན་ལག་རྩལ་སྡེ་ཁག བཅའ་ཁྲིམས་སྡེ་ཁག རྨང་གཞིའི་པུའུ། སྤྱི་ཚོགས་ཚན་རིག་པུའུ། ཉེན་རྟོག་ལུས་རྩལ་སྦྱོང་བརྡར་པུའུ་སོགས།
གནས་ཡུལ།
ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ནན་ཉིང་གྲོང་ཁྱེར་ཁྲང་ཧུའུ་ལམ་གྱི་ཨང་རྟགས6པ།
སློབ་གྲྭའི་ཚབ་ཨང་།
11547
1 ​སློབ་སྒྲུབ་ཆ་རྐྱེན།
1_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2017ལོའི་ཟླ9པར་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ཐོག་ནས་མངོན་པར་གཞིགས་ན། སློབ་གླིང་དུ་མྱུལ་ཞིབ་སྡེ་ཁག་དང་བདེ་སྲུང་སྡེ་ཁག ཆ་འཕྲིན་ལག་རྩལ་སྡེ་ཁག བཅའ་ཁྲིམས་སྡེ་ཁག རྨང་གཞིའི་པུའུ། སྤྱི་ཚོགས་ཚན་རིག་པུའུ། ཉེན་རྟོག་ལུས་རྩལ་སྦྱོང་བརྡར་པུའུ་བཅས་སློབ་ཁྲིད་སྡེ་ཁག7 དང་དངོས་གཞིའི་སྡེ་ཁག་གི་ཆེད་ལས6བཅས་བཙུགས་ཡོད།

1_2 དགེ་རྒན་གྱི་དཔུང་སྡེ།

སློབ་གླིང་དུ་ཆེད་བསྐོས་དགེ་རྒན320ཡོད་ལ། ཞིབ་འཇུག་སློབ་མ་དང་དེ་ཡན་གྱི་སློབ་གནས་ཡོད་པའི་དགེ་རྒན209ཡོད་པའི་ནང་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན1དང་རྒྱལ་ཡོངས་ཀྱི་སྤྱི་བདེ་ཁོངས་གཏོགས་ཀྱི་ཕུལ་བྱུང་དགེ་རྒན3 སྤྱི་བདེ་པུའུ་ཡི་སློབ་ཁྲིད་དགེ་རྒན་གྲགས་ཅན1 རྒྱལ་ཡོངས་ཀྱི་སྤྱི་བདེའི་དཔེ་བཟང་སློབ་གསོ་སྦྱོང་བརྡར་ལས་དོན་པ1 སྤྱི་བདེ་པུའུ་ཡི་བརྙན་ལམ་ཐོབ་ཐང་གི་ཆེད་ལས་ཤེས་ལྡན་མི་སྣ1རང་སྐྱོང་ལྗོངས་རིམ་པའི་ཕུལ་བྱུང་དགེ་རྒན2 རང་སྐྱོང་ལྗོངས་རིམ་པའི་སློབ་ཁྲིད་ཚོགས་པ(ཆེད་ལས་སྡེ་ཁག)2 ཀོང་ཞིའི་སྤྱི་བདེ་ཚན་རྩལ་ཆེད་མཁས་པ41བཅས་ཡོད་ལ། ཀོང་ཞིའི་རང་སྐྱོང་ལྗོངས་སྲིད་གཞུང་གི་དམིགས་བསལ་གདན་ཞུའི་བཅའ་ཁྲིམས་བློ་འདྲི་བ1ཡོད་པ་རེད།

2 རིག་གཞུང་ཞིབ་འཇུག
2_1 ཚན་རིག་ཞིབ་འཇུག་གི་སྟེགས་བུ།

སྤྱི་ལོ2017ལོའི་ཟླ9པར་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ཐོག་ནས་མངོན་པར་གཞིགས་ན། སློབ་གླིང་དུ་སློབ་གྲྭ་རིམ་པའི་ཁྱད་ལྡན་ཞིབ་འཇུག་སྒྲིག་གཞི9དང་ཀོང་ཞི་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཚོད་ལྟ་ཁང2ཡོད་ལ། ཀོང་ཞིའི་མཐོ་རིམ་སློབ་གྲྭའི་ཆུ་ཚད་མཐོ་བའི་གསར་གཏོད་ཚོགས་པ1ཡོད།

2_2 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2014ལོར། སློབ་གྲྭའི་ཞིབ་འཇུག་བྱ་གཞི7ལ་སྤྱི་ལོ2014ལོའི་ལོ་འཁོར་གྱི་ཀོང་ཞིའི་མཐོ་སློབ་ཀྱི་ཚན་ཞིབ་ཀྱི་རྣམ་གྲངས་བཙུགས་པ་དང་། ཀོང་ཞིའི་སྤྱི་བདེ་ཚན་རིག་ཞིབ་འཇུག་དང་ལག་རྩལ་གསར་སྤེལ་འཆར་གཞིའི་རྣམ་གྲངས་གསུམ་བདེ་བླག་ངང་མཇུག་སྒྲིལ་ཡོད་ལ། ཟླ12ཚེས10ཉིན་སློབ་གྲྭར་ཞིབ་འཇུག་གྲུབ་འབྲས་ཁག4ཡོད་པར་ཀོང་ཞིའི་སྐབས་བཅུ་གསུམ་པའི་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ་ཐོབ་པ་རེད།

3 རིག་གཞུང་ཐོན་ཁུངས།
3_1 ཉར་ཚགས་ཐོན་ཁུངས།

སྤྱི་ལོ2017ལོའི་ཟླ་དང་པོའི་བར། ཀོང་ཞི་ཉེན་རྟོག་སློབ་གླིང་གི་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཤོག་རིགས་དཔེ་དེབ་ཁྲི58.98དང་གློག་རྡུལ་དཔེ་དེབ་ཁྲི15.7ཡོད་པ་རེད། དེ་རུ་སྤྱི་བདེ་བཅའ་ཁྲིམས་ཀྱི་དཔེ་མཛོད་ཡོད་ལ་རྒྱ་ཡིག་གི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་འབྲེལ་བའི་དཔེ་དེབ613དང་ཕྱི་རྒྱལ་གྱི་ཡི་གེའི་དཔེ་དེབ673ཡོད།

3_2 རིག་གཞུང་དུས་དེབ།

《ཀོང་ཞི་ཉེན་རྟོག་སློབ་གླིང་གི་རིག་གཞུང་ཚགས་པར》ནི་སྤྱི་ལོ1988ལོར་གསར་འདོན་བྱས་པའི་ཟླ་ཟུང་དུས་དེབ་ཅིག་ཡིན་ལ། ཐོག་མར་དེའི་མིང་ལ《ཀོང་ཞི་ཉེན་རྟོག་དཔོན་པོའི་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་རིག་གཞུང་དུས་དེབ》ཟེར་བ་དང་དེ་ནི་ཀོང་ཞིའི་རྒྱལ་ཁབ་ཕྱི་ནང་དུ་ཡོངས་བསྒྲགས་ངང་འགྲེམས་སྤེལ་བྱས་པའི་སྤྱི་བདེ་རིགས་ཀྱི་རིག་གཞུང་དུས་དེབ་འབའ་ཞིག་ཡིན། ལེ་ཚན་གཙོ་བོའི་ནང་མཐའ་མཚམས་དོ་དམ་ཞིབ་འཇུག་དང་ཉེན་རྟོག་ལས་དོན་ཞིབ་འཇུག ཉེས་དོན་ཞིབ་འཇུག ཁྲིམས་ལུགས་རིག་པའི་ཞིབ་འཇུག སྤྱི་ཚོགས་དོ་དམ་ཞིབ་འཇུག སློབ་གསོ་སློབ་ཁྲིད་ཞིབ་འཇུག སེམས་ཁམས་རིག་པའི་ཞིབ་འཇུག་སོགས་ཡོད་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-12-08

གསར་སྤེལ་མཁན། :ཀླུ་བྷklumtso

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།