ཀོང་ཞི་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་།

སྤྱི་ལོ2020ལོའི་ཟླ4པར་ཀོང་ཞི་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་གི་གཞུང་ཕྱོགས་དྲ་བ་ལས་མངོན་པར་གཞིགས་ན། སློབ་གླིང་དུ་འཕྲུལ་ཆས་བཟོ་སྐྲུན་སྡེ་ཁག་དང་གློག་རླངས་བཟོ་སྐྲུན་སྡེ་ཁག བཟོ་ཚོང་དོ་དམ་སྡེ་ཁག རྩིས་འཁོར་དང་ཆ་འཕྲིན་བཟོ་སྐྲུན་སྡེ་ཁག རླངས་འཁོར་བཟོ་སྐྲུན་སྡེ་ཁག ཨར་ལས་བཟོ་སྐྲུན་སྡེ་ཁག སྒྱུ་རྩལ་ཇུས་འགོད་སྡེ་ཁག སྤྱི་ཚོགས་ཚན་རིག་སྡེ་ཁག་སོགས་སློབ་ཁྲིད་སྡེ་ཁག10དང་ཆེད་ལས59(ཁ་ཕྱོགས་ཚུད་པ)ཡོད་པ་རེད།
སློབ་གླིང་དུ་དགེ་རྒན་དང་ལས་བཟོ་བ615ཡོད། ཉིས་འཇོན་དགེ་རྒན་གྱི་བྱང་ཚད་དགེ་རྒན་གྱིས་བསྡུར་ཚད91.5%ཟིན་པ་དེའི་ནང་དགེ་རྒན་ཆེ་མོན་བ་དང་དགེ་རྒན་ཆེན་མོ་གཞོན་པ། མཐོ་རིམ་བཟོ་བཀོད་པ་སོགས་མཐོ་རིམ་གོ་མིང་ཅན་གྱི་དགེ་རྒན་གྱི་བསྡོམས་འབོར་གྱིས33.6%ཟིན་པ་དང་། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པའི་དགེ་རྒན་བསྡོམས་འབོར་གྱིས56.5%ཟིན་ཡོད། དེའི་ནང་ཀོང་ཞིའི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན3ཡོད། དེ་མིན་རང་སྐྱོང་ལྗོངས་ཀྱི་སློབ་ཁྲིད་དགེ་རྒན3ཡོད་པ་དང་ཀོང་ཞིའི་རྩལ་ནུས་བྱ་དགའ་ཐོབ་མཁན5 ཀོང་ཞི་ཡི་ལག་རྩལ་མཁས་པ13 ཀོང་ཞིའི་ལྔ་བཞིའི་གཞོན་ནུའི་གཟེངས་རྟགས་ཐོབ་མཁན1 ཀོང་ཞིའི་གསར་གཏོད་ཤེས་ལྡན་མི་སྣའི་གསོ་སྐྱོང་སློབ་ཁྲིད་ཚོགས་པ3དང་རང་སྐྱོང་ལྗོངས་རིམ་པའི་ཕུལ་བྱུང་སློབ་ཁྲིད་ཚོགས་པ6བཅས་ཡོད།
སྤྱི་ལོ2020ལོའི་ཟླ4པར་ཀོང་ཞི་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་ལ་རྒྱལ་ཁབ་རིམ་པའི་སློབ་གསོ་སྒྱུར་བཅོས་ཀྱི་ཚོད་ལྟའི་ཆེད་ལས2ཡོད་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་གཙོ་གནད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ཆེད་ལས2དང་རྒྱལ་ཡོངས་ཀྱི་ལས་རིགས་སློབ་གྲྭའི་སྒྲིག་ཆས་བཟོ་སྐྲུན་རིགས་ཀྱི་དཔེ་སྟོན་ཆེད་ལས2ཡོད་པ་རེད། དེ་མིན་རྒྱལ་ཡོངས་ཀྱི་ལས་རིགས་སློབ་གླིང་གི་འགྲིམ་འགྲུལ་སྐྱེལ་འདྲེན་རིགས་ཀྱི་དཔེ་སྟོན་ཆེད་ལས1དང་རྒྱལ་ཁབ་ཀྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་ཀྱི་རྐང་འཛིན་པའི་གཙོ་གནད་འཛུགས་སྐྲུན་ཆེད་ལས་དང་ཆེད་ལས་ཚོགས་པ6བཅས་ཡོད་པ་རེད། ད་དུང་རྒྱལ་ཡོངས་ཀྱི་འཕྲུལ་ཆས་ལས་རིགས་ཀྱི་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་གི་ཁྱད་ལྡན་ཆེད་ལས3དང་རང་སྐྱོང་ལྗོངས་ཀྱི་དཔེ་སྟོན་ཆེད་ལས6 ཀོང་ཞིའི་མཐོ་རིམ་སློབ་གྲྭའི་སྤུས་ལེགས་ཆེད་ལས14 ཞིང་ཆེན་རིམ་པའི་སློབ་གསོ་སྒྱུར་བཅོས་ཀྱི་ཚོད་ལྟའི་ཆེད་ལས4 ཞིང་ཆེན་རིམ་པའི་མཐོ་གཉིས་འཛུགས་སྐྲུན་ཆེད་ལས་ཚོགས་པ2 རྒྱལ་ཁབ་ཀྱི་སྤུས་ལེགས་སློབ་ཚན1 སློབ་གསོ་པུའུ་ཡི་སློབ་ཁྲིད་མཛུབ་ཁྲིད་ཨུ་ལྷན་གྱི་སྤུས་ལེགས་སློབ་ཚན1 རང་སྐྱོང་ལྗོངས་ཀྱི་སྤུས་ལེགས་སློབ་ཚན14 རང་སྐྱོང་ལྗོངས་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ12བཅས་ཡོད་པ་རེད།
ཀོང་ཞི་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་གིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་རང་ཉིད་ཀྱི་ལས་འགན་དུ་བརྩིས་ནས། ཀོང་ཞི་དང་ཐ་ན་ནུབ་རྒྱུད་ས་ཁུལ་གྱི་ལས་རིགས་སློབ་གསོ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱས་པ་མ་ཟད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ས་ཁུལ་དུ་ཡང་ཁྱབ་འགྱེད་བྱས་ཡོད། དེ་བས་སྤྱི་ཚོགས་ལ་ཁ་ཕྱོགས་པ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱི་རྒྱལ་ཁབ་ཁག་ལ་དམིགས་ས་ཡོད་པའི་སྒོ་ནས་ལས་རིགས་ཐོབ་ཐང་གསོ་སྦྱོང་དང་གསལ་འབྱེད། དེ་བཞིན་དུས་ཐུང་གསོ་སྦྱོང་སྣ་ཚོགས་གཉེར་བཞིན་ཡོད་ལ། ཁེ་ལས་དང་བྱ་བཞག་ཚན་པར་ཐད་ཀའི་ལག་རྩལ་ཞབས་ཞུ་མཁོ་འདོན་བྱེད་བཞིན་ཡོད་པ་དང་། གཞན་ཡང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་སློབ་གྲྭ30ལྷག་ཙམ་དང་མཉམ་ལས་སྤེལ་རེས་ཀྱི་འབྲེལ་བ་བཙུགས་པ་དང་རྒྱལ་ནང་གི་ལས་རིགས་སློབ་གྲྭ10ལྷག་ཙམ་དང་ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་བཙུགས་ཡོད།
སྤྱི་ལོ2019ལོའི་ཟླ12པའི་བར། ཀོང་ཞི་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་ལ་སྤྱི་ལོ2019ལོར་ཀོང་ཞིའི་དར་གཞོན་གྱི་རྨང་གཞིའི་ནུས་པ་མཐོར་གཏོང་རྣམ་གྲངས་སོགས་གྲོང་ཁྱེར་དང་ཐིང་རིམ་པ་ཡན་གྱི་ཞིབ་འཇུག་བྱ་གཞིའི་རྣམ་གྲངས44དང་ནན་ཉིང་གྲོང་ཁྱེར་ཞི་ཞང་ཐང་ཁུལ་ཚན་རིག་ཞིབ་འཇུག་དང་ལག་རྩལ་གསར་སྤེལ་འཆར་གཞིའི་རྣམ་གྲངས་ཁག་གསུམ། སློབ་གླིང་རིམ་པའི་ཚན་ཞིབ་རྣམ་གྲངས25ཐོབ་པ་དང་། གླིང་རིམ་པའི་ཚན་ཞིབ་རྣམ་གྲངས་ཀྱི་རོགས་དངུལ་སྒོར་ཁྲི73ལས་བརྒལ། དེར་མ་ཟད་སློབ་གླིང་རིམ་པའི་ཚན་ཞིབ་རྣམ་གྲངས་གཅིག་སྡུད་ཐོག་གཙང་བཤེར་བྱས་པ་དང་ཁྱོན་གནད་དོན51ཞིབ་བཤེར་བྱས་པ་རེད། གཞན་སྤྱི་ལོ2019ལོར་སློབ་གླིང་གི་དགེ་རྒན་གྱིས་དཔྱད་རྩོམ་ཁྱོན་བསྡོམས166སྤེལ་བ་དང་། དེའི་ལས་རྒྱལ་ཡོངས་ཀྱི་རྒྱ་ཡིག་གི་སྲོག་ཤིང་དུས་དེབ་ཐོག་རྩོམ་ཡིག10དངEIསོགས་རྒྱལ་སྤྱིའི་འཚོལ་བཤེར་ཁག་གི་སྟེང2སྤེལ་ཡོད་ལ། ཁྱོན་ཆེད་ཁེ1ཡི་དབང་ཆ་སྤྲད་པ་རེད།
དཔེ་མཛོད་ཁང་གིས་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག རྩོམ་རིག་རིགས་ཀྱི་ཚད་ལྡན་ཡིག་ཆ་གཙོ་རྟེན་ཡིན་པའི་རིགས་དང་རྣམ་པ་སྣ་ཚོགས་པའི ཕྱོགས་བསྡུས་རང་བཞིན་གྱི་ཉར་ཚགས་མ་ལག་ཅིག་གྲུབ་ཡོད་དེ། ཕུན་སུམ་ཚོགས་པའི་ཚད་ལྡན་ཡིག་ཆའི་ཐོན་ཁུངས་ཀྱིས་སློབ་ཁྲིད་དང་ཚན་ཞིབ་ཆ་འཕྲིན་གྱི་ཁོར་ཡུག་བཟང་པོ་ཞིག་གྲུབ་ཡོད་ལ། དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་དཔེ་དེབ(གློག་རྡུལ་དཔེ་དེབ་ཚུད)ཁྲི90ཡོད་ལ། རྒྱ་ཡིག་གི་དུས་དེབ་རིགས1040ལྷག་ཙམ་དང་ཕྱི་ཡིག་གི་དུས་དེབ་རིགས15ཡོད་ཅིང་། གཞན་ད་དུང་ཚགས་པར་གྱི་རིགས108ཡོད།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2020-12-08
གསར་སྤེལ་མཁན། :ཀླུ་བྷklumtso