ཀོང་ཞི་རྒྱལ་སྤྱིའི་ཚོང་དོན་ལས་རིགས་ལག་རྩལ་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀོང་ཞི་རྒྱལ་སྤྱིའི་ཚོང་དོན་ལས་རིགས་ལག་རྩལ་སློབ་གླིང་།
ཀོང་ཞི་རྒྱལ་སྤྱིའི་ཚོང་དོན་ལས་རིགས་ལག་རྩལ་སློབ་གླིང་ནི་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ནན་ཉིང་གྲོང་ཁྱེར་དུ་ཡོད་ལ། སློབ་གྲྭ་དེའི་རྨང་གཞི་ནི་སྤྱི་ལོ1965ལོར་བཙུགས་པའི་ཀོང་ཞི་ཕྱི་ཕྱོགས་ཉོ་ཚོང་ཕྱེད་འགྲིམས་སློབ་གྲྭ་ཡིན་པ་དང་། སྤྱི་ལོ1978ལོར་ཀོང་ཞི་ཕྱི་ཕྱོགས་ཉོ་ཚོང་སློབ་གྲྭར་མིང་བསྒྱུར། སྤྱི་ལོ1984ལོར་ཡང་ཀོང་ཞི་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སློབ་གྲྭར་མིང་བསྒྱུར། སྤྱི་ལོ2002ལོར་སློབ་གསོ་གཙོ་གཉེར་སྡེ་ཁག་གི་ཆོག་མཆན་ཐོབ་པ་བརྒྱུད། ཀོང་ཞི་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སློབ་གྲྭའི་རྨང་གཞིའི་ཐོག་རིམ་སྤར་བྱས་ནས་ཀོང་ཞི་རྒྱལ་སྤྱིའི་ཚོང་དོན་ལས་རིགས་ལག་རྩལ་སློབ་གླིང་ཞེས་པར་མིང་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
广西国际商务职业技术学院
ཕྱི་ཡིག་གི་མིང་།
Guangxi International Business Vocational College
བཙུགས་ལོ།
སྤྱི་ལོ1965ལོ།
སློབ་སྒྲུབ་ངོ་བོ།
གཞུང་སྒྲུབ་མཐོ་སློབ།
གཙོ་གཉེར་སྡེ་ཁག
ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས།
ལས་ཐོག་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི་ཞེ་ཡུན། སློབ་གཙོ་ཝང་ཀུའོ་ཧུང་།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
རྒྱལ་སྤྱིའི་ཚོང་དོན་སྡེ་ཁག་དང་། ཉེར་སྤྱོད་ཕྱི་སྐད་སྡེ་ཁག རྩིས་གཉེར་སྡེ་ཁག ཁྲོམ་རའི་འཁོར་རྒྱུག་སྡེ་ཁག ཡུལ་སྐོར་དོ་དམ་སྡེ་ཁག ཆ་འཕྲིན་ལས་གྲྭའི་སྡེ་ཁག དངུལ་རྩའི་སྡེ་ཁག་སོགས།
སློབ་གྲྭའི་དམ་ཚིག
བློ་བརྟན་འགྱུར་མེད། བསླལ་བརྩོན་པ། ཡིད་རྟོན། གསར་གཏོད།
གནས་ཡུལ།
ནན་ཉིང་སློབ་ཁུལ། ཀོང་ཞི་ནན་ཉིང་གྲོང་ཁྱེར་སློབ་ཆེན་ཤར་ལམ་གྱི་ཨང་རྟགས168པ། ཧྥང་ཁྲེང་ཀང་སློབ་ཁུལ། ཧྥང་ཁྲེང་ཀང་གྲོང་ཁྱེར་ཅང་ཧྲན་ཕྱེད་གླིང་ཚན་སློབ་གླིང་།
སློབ་གྲྭའི་ཚབ་ཨང་།
12379
གཟི་བརྗིད་མཚན་སྙན།
སྤྱི་ལོ2014ལོའི་ལོ་འཁོར་གྱི་རྒྱལ་ཡོངས་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་དཔེ་མཚོན་ཉམས་མྱོང་ལྡན་པའི་མཐོ་སློབ།(སྤྱི་ལོ2014ལོའི་ཟླ7པར)
གཞུང་ཕྱོགས་དྲ་གནས།
http://www.gxibvc.net
1 ​སློབ་སྒྲུབ་ཆ་རྐྱེན།
1_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2020ལོའི་ཟླ8པར་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭར་རྒྱལ་སྤྱིའི་ཚོང་དོན་སྡེ་ཁག་དང་། ཉེར་སྤྱོད་ཕྱི་སྐད་སྡེ་ཁག རྩིས་གཉེར་སྡེ་ཁག ཁྲོམ་རའི་འཁོར་རྒྱུག་སྡེ་ཁག ཡུལ་སྐོར་དོ་དམ་སྡེ་ཁག ཆ་འཕྲིན་ལས་གྲྭའི་སྡེ་ཁག དངུལ་རྩའི་སྡེ་ཁག་སོགས་སློབ་ཁྲིད་སྡེ་ཁག7དང་སློབ་ཁྲིད་པུའུ་2ཡོད་ལ། མཐོ་རིམ་ལས་རིགས་ཆེད་ལས(ཁ་ཕྱོགས)47ཡོད།

1_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2020ལོའི་ཟླ8པར་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭར་དགེ་རྒན་དང་ལས་བཟོ་བ609ཡོད་པ་དེའི་ནང་མཐོ་རིམ་གོ་མིང་ཡོད་པའི་མི32དང་མཐོ་རིམ་གཞོན་པའི་གོ་མིང་ཡོད་མཁན97ཡོད། རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན1དང་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་དགེ་རྒན3 རང་སྐྱོང་ལྗོངས་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན2 རང་སྐྱོང་ལྗོངས་རིམ་པའི་ཕུལ་བྱུང་སློབ་ཁྲིད་ཚོགས་པ3 འབུམ་རམས་ཕྱི་ཚར1 འབུམ་རམས་པ 3 སློབ་གྲྭར་འགྲོ་མུས་ཀྱི་འབུམ་རམས་པ5དང་རབ་འབྱམས་པ181ཡོད།

1_3 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2020ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་ཆེད་ལས4དང་། རྒྱལ་ཁབ་རིམ་པའི་སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་སློབ་ཚན2 རང་སྐྱོང་ལྗོངས་རིམ་པའི་སྤུས་ལེགས་ཆེད་ལས8 རང་སྐྱོང་ལྗོངས་རིམ་པའི་ཁྱད་ལྡན་ཆེད་ལས་དང་སློབ་ཚན་གཞི་གཅིག་ཅན་གྱི་འཛུགས་སྐྲུན་རྣམ་གྲངས7 རང་སྐྱོང་ལྗོངས་རིམ་པའི་ལས་རིགས་སློབ་གླིང་གི་དཔེ་སྟོན་ཁྱད་ལྡན་ཆེད་ལས་དང་དངོས་སྦྱོང་རྟེན་གཞིའི་རྣམ་གྲངས4བཅས་ཡོད་པ་དང་། ད་དུང་ཀྲུང་དབྱང་ནོར་སྲིད་ཀྱིས་དངོས་སྦྱོང་བྱེད་པར་རྒྱབ་སྐྱོར་བྱེད་པའི་རྟེན་གཞི3དང་རང་སྐྱོང་ལྗོངས་ཀྱི་དཔེ་སྟོན་རང་བཞིན་གྱི་དངོས་སྦྱོང་རྟེན་གཞི10 སློབ་ཕྱིའི་དངོས་སྦྱོང་རྟེན་གཞི121ཡོད་པ་རེད།

2 རིག་གཞུང་ཞིབ་འཇུག
2_1 ཚན་རིག་ཞིབ་འཇུག་ལས་ཁུངས།

སྤྱི་ལོ2019ལོའི་ཟླ་དང་པོའི་བར་སློབ་གྲྭར་ཀོང་ཞིའི་ལས་རིགས་སློབ་གསོའི་ཆེད་ལས་འཕེལ་རྒྱས་ཞིབ་འཇུག་རྟེན་གཞི1ཡོད་པ་རེད།

2_2 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2020ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། “ལོ་ལྔའི་འཆར་འགོད་བཅུ་གཉིས་པ”ནས་བཟུང་སློབ་གྲྭས་རྒྱལ་ཁབ་རིམ་པའི་ཚན་ཞིབ་རྣམ་གྲངས4དང་ཞིང་ཆེན་པུའུ་དང་ས་ཁུལ་དང་ཐིང་རིམ་པའི་ཚན་ཞིབ་རྣམ་གྲངས236གི་འགན་ཁུར་ཡོད་ལ། ཚན་ཞིབ་གྲུབ་འབྲས་མང་པོར་ཞིང་ཆེན་དང་པུའུ་རིམ་པའི་བྱ་དགའ་ཐོབ་ཅིང་དཔྱད་རྩོམ1271སྤེལ། སྤྱི་ལོ2018ལོར་སློབ་གྲྭས་རྣམ་གྲངས39བཙུགས་པ་དང་དེ་ནི་སྤྱི་ལོ2017ལོ་དང་བསྡུར་ན77.3%འཕར་ཡོད་ལ། དེའི་ཞིང་ཆེན་དང་པུའུ་རིམ་པའི་ཞིབ་འཇུག་བྱ་གཞི4དང་གྲོང་ཁྱེར་དང་ཐིང་རིམ་པའི་རྣམ་གྲངས་ཁག34 རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་ཡོངས་བསྒྲགས་ངང་དཔྱད་དཔོག་ཞིབ་འཇུག་བྱ་གཞི་ཁག1 གྲོང་ཁྱེར་གྱི་ཐིང་རིམ་པའི་རྣམ་གྲངས18བཅས་ཡོད་པ་རེད།

3 རིག་གཞུང་ཐོན་ཁུངས།
3_1 ཉར་ཚགས་ཐོན་ཁུངས།

སྤྱི་ལོ2020ལོའི་ཟླ8པར་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭའི་དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི83.74 ཉར་ཚགས་བྱས་ཡོད་པ་དང་གློག་རྡུལ་དཔེ་དེབ་ཤོང་ཚད2.56G.3ཡོད།

3_2 མཉམ་ལས་སྤེལ་རེས།

སློབ་གྲྭས་སྔ་རྗེས་སུ་ཝེ་ཐེ་ནམ་དང་ཐེ་ལན། ཁམ་ཕུ་ཁྲེ། མ་ལེ་ཞི་ཡ། ཧྥི་ལི་ཕིན། དབྱིན་ཇི། ཨ་རི། ཁ་ན་ཏ། ཨུ་རུ་སུ། ཐའེ་ཝན་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་མཐོ་སློབ་སུམ་ཅུ་ལྷག་ཙམ་དང་ཡུན་རིང་སྤེལ་རེས་མཉམ་ལས་ཀྱི་འབྲེལ་བ་བཙུགས་པ་རེད། ཀྲུང་གོས་ཕྱི་ཕྱོགས་སུ་སྤེལ་རེས་སློབ་སྦྱོང་དགེ་རྒན128བཏང་ནས“ཀྲུང་གོའི་རིག་གནས་ཉམས་ལེན་ཡུལ་སྐོར”དང་“རྒྱལ་ཁབ་ཀྱི་ཚོང་ལས་ཆེད་ལས་ཀྱི་སློབ་མས་འཛམ་གླིང་ལ་ལྟ་བ”སོགས་ཁྱད་ལྡན་དུས་ཡུན་འབྲིང་ཐུང་གི་གསོ་སྦྱོང་རྣམ་གྲངས3”བཙུགས་པ་རེད།

སྤྱི་ལོ2020ལོའི་ཟླ8པར་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭས་སྔ་རྗེས་སུ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་ཚོང་དོན་འབྲེལ་བའི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་གཉེར་རོགས་བྱས་པ་དང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སྤྱི་པའི་དོ་དམ་དང་ས་གནས་བཅོས་སྐྱོང་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་དང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཞིང་ལས་ཐོན་རྫས་ཉོ་ཚོང་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཡུལ་སྐོར་ཐོན་ལས་མཉམ་ལས་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ ཡ་མའེ་ཅ་ཟོག་འགྲེམས་ལག་རྩལ་གསོ་སྦྱོང་འཛིན་གྲྭ་སོགས་རྣམ་གྲངས་བསྒྲུབས་པ་རེད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-12-08

གསར་སྤེལ་མཁན། :ཀླུ་བྷklumtso

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།