ཀོང་ཞི་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀོང་ཞི་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་།
ཀོང་ཞི་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་ནི་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་ནས་བཙུགས་པའི་མཐོ་རིམ་ལས་རིགས་སློབ་གྲྭ་ཞིག་ཡིན་ལ། སྤྱི་ལོ2003ལོའི་ཟླ8པར། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་དེ་སྔར་གྱི་ཀོང་ཞི་ནན་ཉིང་རྫས་འགྱུར་བཟོ་ལས་སློབ་གྲྭ་དང་ཀོང་ཞི་ཡང་བའི་བཟོ་ལས་སློབ་གྲྭ་གཉིས་ཟླ་སྒྲིལ་བཏང་ནས་ཀོང་ཞི་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་བཙུགས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
广西工业职业技术学院
ཕྱི་ཡིག་གི་མིང་།
Guangxi Vocational&Technical Institute of Industry
བཙུགས་ལོ།
སྤྱི་ལོ1956ལོ།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རིགས།
ངོ་བོ།
ཀོང་ཞིའི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གྲྭ་དང་སློབ་གླིང་གི་གཙོ་གནད་གསོ་སྐྱོང་སྡེ་ཚན། (སྤྱི་ལོ2009ལོ)ཁག་གཉིས་པའི་རྒྱལ་ཁབ་ཀྱི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པ།
ལས་ཐོག་འགོ་ཁྲིད།
ཆིའུ་ཀྲེན་ལིན།
གཙོ་གཉེར་སྡེ་ཁག
ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས།
སློབ་གླིང་དང་སྡེ་ཁག་སྒྲིག་བཀོད།
རྡོ་སྣུམ་དང་རྫས་འགྱུར་བཟོ་སྐྲུན་སྡེ་ཁག་དང་། ཟས་རིགས་དང་སྐྱེ་དངོས་བཟོ་སྐྲུན་སྡེ་ཁག འཕྲུལ་ཆས་བཟོ་སྐྲུན་སྡེ་ཁག་སོགས།
གནས་ཡུལ།
ཀོང་ཞི་ནན་ཉིང་གྲོང་ཁྱེར་ཞིའུ་ལིང་ལམ་གྱི་ཨང་རྟགས37པ།
སློབ་གྲྭའི་ཚབ་ཨང་།
12364
གཟི་བརྗིད་མཚན་སྙན།
ཀོང་ཞིའི་མཐོ་སློབ་ཀྱི་བདེ་འཇགས་ཤེས་དཔལ་སློབ་ར། ལྗོངས་ཡོངས་ཀྱི་མཐོ་སློབ་ཀྱི་ལས་ཞུགས་ལས་དོན་གྱི་སྔོན་ཐོན་ཐུན་མོང་།
སློབ་གྲྭའི་དམ་ཚིག
སྤྱོད་བཟང་། དམངས་ལ་བརྩེ་བ། བྱམས་སེམས་ལྡན་པ།
1 ​སློབ་སྒྲུབ་ཆ་རྐྱེན།
1_1 སློབ་གླིང་དང་སྡེ་ཁག་་གི་སྒྲིག་བཀོད། 

སྤྱི་ལོ2017ལོའི་ཟླ7པའི་བར། སློབ་གྲྭར་རྡོ་སྣུམ་དང་རྫས་འགྱུར་ལས་གྲྭའི་སྡེ་ཁག་དང་བཟའ་བཅའ་དང་སྐྱེ་དངོས་ལས་གྲྭའི་སྡེ་ཁག འཕྲུལ་ཆས་ལས་གྲྭའི་སྡེ་ཁག གློག་རྡུལ་དང་གློག་ཤུགས་ལས་གྲྭའི་སྡེ་ཁག རླངས་འཁོར་ལས་གྲྭའི་སྡེ་ཁག དོ་དམ་ཚན་རིག་སྡེ་ཁག ཨར་སྐྲུན་ལས་གྲྭའི་སྡེ་ཁག རྨང་གཞིའི་སློབ་ཁྲིད་པུའུ། སྤྱི་ཚོགས་ཚན་རིག་པུའུ་སོགས་སློབ་ཁྲིད་སྡེ་ཁག་9དང་མཐོ་རིམ་ལས་རིགས་ཆེད་ལས54ཡོད་པ་རེད།

1_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2017ལོའི་ཟླ7པའི་བར་སློབ་གྲྭར་དགེ་རྒན་དང་ལས་བཟོ་བ792དང་ཆེད་བསྐོས་དགེ་རྒན710ཡོད་པ་རེད། ཆེད་བསྐོས་དགེ་རྒན་ཁྲོད་དགེ་རྒན་ཆེན་མོ་བའི་གོ་མིང་ཐོབ་མཁན38དང་། དགེ་རྒན་ཆེན་མོ་གཞོན་པ་དང་མཐོ་རིམ་གཞོན་པའི་གོ་མིང་ཐོབ་མཁན146 འབུམ་རམས་པའི་སློབ་གནས་ཐོབ་མཁན6ཡོད་པ་དང་ཞིབ་འཇུག་སློབ་མ་ཡན་གྱི་སློབ་གནས་ཐོབ་མཁན281ཡོད། “ཉིས་འཇོན་བྱང་ཚད”ལྡན་པའི་དགེ་རྒན་གྱིས60%ཡན་ཟིན་ཡོད་ལ་རྒྱལ་ཡོངས་ཀྱི་ལས་རིགས་རང་བཞིན་གྱི་སློབ་ཁྲིད་དགེ་རྒན་གྲགས་ཅན5ཡོད། རྒྱལ་ཡོངས་ཀྱི་རྡོ་སྣུམ་དང་རྫས་འགྱུར་བཟོ་ལས་ལས་རིགས་ཀྱི་སློབ་ཁྲིད་དགེ་རྒན་གྲགས་ཅན2དང་རང་སྐྱོང་ལྗོངས་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན1 རྒྱལ་ཡོངས་ཆེད་ལས་སློབ་ཁྲིད་ཁྲིད་སྟོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ6དང་ཨུ་ཡོན23 རྒྱལ་ཡོངས་ཀྱི་རྡོ་སྣུམ་དང་རྫས་འགྱུར་བཟོ་ལས་ལས་རིགས་ཀྱི་ཕུལ་བྱུང་སློབ་ཁྲིད་ཚོགས་པ1དང་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་སློབ་ཁྲིད་ཚོགས་པ1བཅས་ཡོད།

1_3 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2017ལོའི་ཟླ7པའི་བར། སློབ་གྲྭར་ཀྲུང་དབྱང་ནོར་སྲིད་ཀྱིས་མཐོ་རིམ་ལས་རིགས་སློབ་གླིང་ལ་རྒྱབ་སྐྱོར་བྱས་ནས་ཆེད་ལས་ཞབས་ཞུའི་ཐོན་ལས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བའི་རྣམ་གྲངས4དང་ཀོང་ཞིའི་མཐོ་རིམ་སློབ་གྲྭའི་ཁྱད་ལྡན་ཆེད་ལས་དང་སློབ་ཚན་གཞི་གཅིག་ཅན་གྱི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཆེད་ལས5ཡོད་པ་རེད། དེ་མིན་ཀོང་ཞིའི་མཐོ་རིམ་སློབ་གྲྭའི་ཁྱད་ལྡན་ཆེད་ལས3དང་ཀོང་ཞིའི་མཐོ་རིམ་སློབ་གྲྭའི་སྤུས་ལེགས་ཆེད་ལས5 རང་སྐྱོང་ལྗོངས་རིམ་པའི་སྤུས་ལེགས་སློབ་ཚན6 རྒྱལ་ཁབ་ཀྱི་ལས་རིགས་སློབ་གསོའི་དངོས་སྦྱོང་རྟེན་གཞི3དང་རང་སྐྱོང་ལྗོངས་ཀྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གསོའི་དངོས་སྦྱོང་རྟེན་གཞི6བཅས་ཡོད།

2 རིག་གཞུང་ཞིབ་འཇུག།
2_1 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2014ལོར་སློབ་གྲྭའི་དགེ་རྒན་གྱིས་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་ཚན་ཞིབ་རྣམ་གྲངས25རེ་ཞུ་བྱས་པ་རེད། སྤྱི་ལོ2013ལོ་ནས་སྤྱི་ལོ2014ལོའི་བར། དགེ་རྒན་དང་ལས་བཟོ་བས་ཁྱོན་བསྡོམས་དཔྱད་རྩོམ189སྤེལ་བ་དེའི་ནངEI1དང་སྲོག་ཤིང་ལེ་ཚན38ཡོད་པ་དང་། ཕུལ་བྱུང་དུས་དེབ་དང་དུས་དེབ150ཡོད། སྤྱི་ལོ2015ལོ་ནས་སྤྱི་ལོ2016ལོའི་བར་སློབ་གྲྭའི་དགེ་རྒན་གྱི་ཚན་ཞིབ་འགྲོ་གྲོན་བསྡོམས་འབོར་གྱིས་སྒོར་ཁྲི60.4ཟིན་པ་དང་། དེའི་ནང་སློབ་གླིང་གིས་ཆོག་མཆན་སྤྲད་པའི་འགྲོ་གྲོན་སྒོར་ཁྲི7.4དང་གོང་རིམ་གྱིས་རོགས་དངུལ་སྒོར་ཁྲི53བཏང་ཡོད།

2_2 མཉམ་ལས་སྤེལ་རེས།

སྤྱི་ལོ2017ལོའི་ཟླ7པའི་བར། སློབ་གྲྭས་པེ་ཅིང་རྫས་འགྱུར་བཟོ་ལས་སློབ་ཆེན་དང་ནན་ཅིང་དགེ་འོས་སློབ་ཆེན། ཧྲེན་དབྱང་རྫས་འགྱུར་བཟོ་ལས་སློབ་ཆེན། ཡུན་ནན་ནོར་དཔལ་སློབ་ཆེན། ཝུའུ་ཧན་བཟོ་སྐྲུན་སློབ་ཆེན། ལིའོ་ཉིང་བཟོ་ལས་སློབ་ཆེན་སོགས་དང་མཉམ་འབྲེལ་ཐོག་དར་མའི་སློབ་གསོ་སྤེལ་བ་དང་། ཨ་རིའི་ཧྥེ་ཆི་པའོ་ཀྲོའུ་བཙུགས་སློབ་ཆེན་དང་ཨ་རིའི་ཕྱེད་གླིང་སློབ་གླིང་། དབྱིན་ཇིའི་ཀུ་ལཱ་སི་ཀོ་གྲོང་ཁྱེར་སློབ་གླིང་། ཨོ་སི་ཁྲུ་ལི་ཡའི་འབུམ་རམས་པའི་སློབ་གླིང་། ཐེ་ལན་གྱི་ཐན་ཡ་པུའུ་ལི་གོང་མ་ཚང་རང་བྱུང་བཟོ་སྐྲུན་སློབ་ཆེན། ཐའེ་དབན་ཧྲུའུ་ཏེ་ཚན་རྩལ་སློབ་ཆེན་སོགས་རྒྱལ་ཁབ་དང་མཉམ་འབྲེལ་ཐོག་སློབ་གཉེར་བྱས་པ་རེད།

3 རིག་གཞུང་ཐོན་ཁུངས།
3_1 ཉར་ཚགས་ཐོན་ཁུངས།

ཀོང་ཞི་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་གི་དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི་65.32ཉར་ཚགས་བྱས་ཡོད་པ་དང་། དེའི་ནང་ཤོག་བུའི་དཔེ་དེབ་ཁྲི40.68དང་གློག་རྡུལ་རིགས་ཀྱི་ཚད་ལྡན་ཡིག་ཆ་ཁྲི20ལྷག་ཙམ་ཡོད་པ་རེད། བཟོ་ལས་ལག་རྩལ་གྱི་ཚན་རིག་དང་རང་བྱུང་ཚན་རིག་གི་ཚད་ལྡན་ཡིག་ཆ་གཙོ་བོར་བྱས་ཤིང་། མི་ཚུལ་དང་སྤྱི་ཚོགས་ཚན་རིག དོ་དམ་ཚན་རིག་གི་ཚད་ལྡན་ཡིག་ཆ་སོགས་འདུས་པའི་རིགས་དང་གཞི་རྟེན་སྣ་ཚོགས་ཤིང་ཆེད་ལས་ཀྱི་ཁྱད་ཆོས་ལྡན་པའི་ཕྱོགས་བསྡུས་རང་བཞིན་གྱི་ཉར་ཚགས་མ་ལག་ཅིག་གྲུབ་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-12-08

གསར་སྤེལ་མཁན། :ཀླུ་བྷklumtso

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།