ཧྲན་ཞི་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྲན་ཞི་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་།
ཧྲན་ཞི་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་ནི་སྤྱི་ལོ1952ལོར་བཙུགས་པ་དང་། དེ་སྔའི་རྒྱལ་ཁབ་རིམ་པའི་གཙོ་གནད་འབྲིང་རིམ་ཆེད་ལས་སློབ་གྲྭ་སྟེ། ཧྲན་ཞི་འགྲིམ་འགྲུལ་སློབ་གྲྭ་ཡིན། སྤྱི་ལོ2001ལོར་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཐོ་རིམ་སློབ་གསོར་རིམ་པ་སྤོར་རྒྱུའི་ཆོག་མཆན་གནང་བ་དང་། ཧྲན་ཞི་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཁོངས་གཏོགས་སུ་གྱུར། རྒྱལ་ཁབ་ཀྱི་ཁག་དང་པོའི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པ་དང་ཧྲན་ཞི་ཞིང་ཆེན་གྱི་གཞུང་ལམ་འགྲིམ་འགྲུལ་ལག་རྩལ་དང་དོ་དམ་ཤེས་ལྡན་པ་གསོ་སྐྱོང་བྱེད་སའི་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་གཅིག་པུ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
陕西交通职业技术学院
དབྱིན་ཡིག་གི་མིང་།
shaanxi college of communication technology
བཙུགས་ལོ།
སྤྱི་ལོ1952ལོ།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སྐོར།
སློབ་གྲྭའི་ཁྱད་ཆོས།
ཞིང་ཆེན་ཁོངས་ཀྱི་ཆེད་སྦྱོང་མཐོ་རིམ་སློབ་གྲྭ།
གཙོ་གཉེར་སྡེ་ཁག
ཧྲན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་།
ལས་ཐོག་འགོ་ཁྲིད།
སློབ་གཙོ། ཝང་ཐེན་ཀྲེ།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
རླངས་འཁོར་བཟོ་སྐྲུན་སྡེ་ཁག གཞུང་ལམ་བཟོ་སྐྲུན་སྡེ་ཁག
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1952ལོའི་ཟླ9པར་གཞུང་ལམ་བཟོ་སྐྲུན་འཛིན་གྲྭ་དང་། རྩིས་གཉེར་འཛིན་གྲྭ། བསྡོམས་རྩིས་འཛིན་གྲྭ། ལས་བྱེད་པའི་རེས་སྐོར་གསོ་སྦྱོང་འཛིན་གྲྭ་བཅས་སྔ་རྗེས་སུ་བཙུགས།

སྤྱི་ལོ1956ལོའི་ཟླ10པར་ཧྲན་ཞི་ཞིང་ཆེན་འགྲིམ་འགྲུལ་སློབ་གྲྭ་བཙུགས།

སྤྱི་ལོ1961ལོར་རྒྱལ་དམངས་དཔལ་འབྱོར་ལ་རང་བྱུང་གནོད་འཚེ་བྱུང་ནས་དཀའ་ངལ་ཆེ་བའི་དུས་སྐབས་སུ་སླེབས་པ་དང་སློབ་གྲྭས་གནས་སྐབས་སློབ་གཉེར་བྱེད་མཚམས་བཞག

སྤྱི་ལོ1964ལོར་སློབ་གྲྭ་སླར་གསོ་བྱས་ནས“ཧྲན་ཞི་འགྲིམ་འགྲུལ་ལག་རྩལ་ལས་བཟོ་པའི་སློབ་གྲྭ”ཞེས་པར་མིང་བསྒྱུར།

སྤྱི་ལོ1965ལོར་ཧྲན་ཞི་འགྲིམ་འགྲུལ་ལག་རྩལ་སློབ་གྲྭ་ཞེས་མིང་བསྒྱུར།

སྤྱི་ལོ1993ལོར་ཧྲན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་དང་པུའུ་རིམ་པའི་ས་གནས་ཀྱི་འབྲིང་རིམ་ཆེད་ལས་སློབ་གྲྭ་དཀྱུས་མར་ཆོག་མཆན་བཀོད།

སྤྱི་ལོ2000ལོའི་ཟླ9པར་སློབ་གྲྭ་གནས་ཡུལ་སྤར།

སྤྱི་ལོ2001ལོར་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཐོ་རིམ་སློབ་གསོའི་རིམ་པ་སྤོར་རྒྱུའི་ཆོག་མཆན་སྤྲད་ནས་ཧྲན་ཞི་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་ཞེས་མིང་བསྒྱུར།

སྤྱི་ལོ2015ལོར་རྒྱལ་ཁབ་ཀྱི་ཁག་དང་པོའི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པར་བདམས་པ་རེད།

སྤྱི་ལོ2019ལོའི་ཟླ7པར་སློབ་གསོ་པུའུ་ཡིས་རྒྱལ་ཁབ་ཀྱི་སྤུས་ལེགས་ཆེད་སྦྱོང་མཐོ་རིམ་ལས་རིགས་སློབ་གླིང་དུ་གཏན་འཁེལ་བྱས་པ་རེད།

2 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2014ལོའི་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་གཞུང་ལམ་ལས་གྲྭའི་སྡེ་ཁག་དང་། རླངས་འཁོར་ལས་གྲྭའི་སྡེ་ཁག དཔལ་འབྱོར་དོ་དམ་སྡེ་ཁག ཆ་འཕྲིན་ལས་གྲྭའི་སྡེ་ཁག རྨང་གཞིའི་རིག་ཚན་པུའུ། བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཁྲིད་ཚན་ཞིབ་པུའུ། ལུས་རྩལ་པུའུ། དར་མའི་སློབ་གསོ་པུའུ་སོགས་སློབ་ཁྲིད་སྡེ་ཁག8བཙུགས་ཡོད་པ་དང་། ཆེད་སྦྱོང་ཆེད་ལས45བཙུགས་ཡོད།

2_1 རླངས་འཁོར་བཟོ་སྐྲུན་སྡེ་ཁག

རླངས་འཁོར་ལག་རྩལ་ཞབས་ཞུ་དང་ཚོང་གཉེར། རླངས་འཁོར་ཞིབ་དཔྱད་ཚད་ལེན་དང་ཉམས་བཟོའི་ལག་རྩལ། རླངས་འཁོར་གློག་རྡུལ་ལག་རྩལ། རླངས་འཁོར་བཟོ་སྐྲུན་དང་སྒྲིག་སྦྱོར་ལག་རྩལ། འགན་བཅོལ་ལས་དོན།

2_2 གཞུང་ལམ་ལས་གྲྭའི་སྡེ་ཁག

གཞུང་ལམ་ཟམ་པའི་ལག་རྩལ། གཞུང་ལམ་དང་ཟམ་པའི་ལག་རྩལ། (ཚོད་ལྟའི་ཞིབ་བཤེར་ཁ་ཕྱོགས) བཟོ་སྐྲུན་ལས་གྲྭའི་ལག་རྩལ། གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་ལས་གྲྭའི་ལག་རྩལ། གྲོང་ཁྱེར་གྱི་ལས་གྲྭའི་ལག་རྩལ། རིམ་པ་མཐོ་བའི་གཞུང་ལམ་སྲུང་སྐྱོང་དང་དོ་དམ། ཨར་སྐྲུན་རྒྱན་སྤྲས་ལས་གྲྭའི་ལག་རྩལ། ལྕགས་ལམ་ལས་གྲྭའི་ལག་རྩལ།

2_3 ཆ་འཕྲིན་བཟོ་སྐྲུན་སྡེ་ཁག

ལྕགས་ལམ་འགྲིམ་འགྲུལ། འགྲིམ་འགྲུལ་བདེ་འཇགས་དང་རིག་ནུས་ཚོད་འཛིན། གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་གཉེར་སྐྱོང་དོ་དམ། འགུལ་རིས་ཇུས་འགོད་དང་བཟོ་སྐྲུན། ལྕགས་ལམ་འཕྲིན་གཏོང་བརྡ་རྟགས། དྲ་རྒྱའི་མ་ལག་དོ་དམ།

2_4 དཔལ་འབྱོར་དོ་དམ་སྡེ་ཁག

ཚོང་ཟོག་དོ་དམ། གཞུང་ལམ་སྐྱེལ་འདྲེན་དང་དོ་དམ། གློག་རྡུལ་ཚོང་དོན། རྩིས་གཉེར་གློག་རྩིས་ཅན། ཁྲོམ་རའི་ཚོང་གཉེར། མུ་འབྲེལ་ཚོང་གཉེར་དོ་དམ།

3 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2014ལོར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་དགེ་རྒན་དང་ལས་བཟོ་པ439ཡོད་པའི་ནང་ཆེད་བསྐོས་དགེ་རྒན304ཡོད།  དགེ་རྒན་དང་ལས་བཟོ་པའི་ཁྲོད་དུ་གོ་མིང་མཐོན་པོ་ཡོད་པའི་མི16ཡོད། མཐོ་རིམ་གཞོན་པའི་གོ་མིང་ཡོད་མཁན95དང་། འབུམ་རམས་པ18 རབ་འབྱམས་པ(ཞིབ་འཇུག་སློབ་མ)221ཡོད། ཆེད་ལས་དགེ་རྒན་ཁྲོད་ཉིས་འཇོན་དགེ་རྒན་གྱི་བསྡུར་ཚད80%ཡན་ཟིན་ཡོད། རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོགས་པ1དང་། ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ3འཛུགས་སྐྲུན་བྱས་ཡོད།

4 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2014ལོར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་ཞིང་ཆེན་རིམ་པའི་གཙོ་གནད་ཆེད་ལས4ཡོད་པ་དང་། ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན2ཡོད་པ་རེད།

ཞིང་ཆེན་རིམ་པའི་ཆེད་ལས་གཙོ་བོ། ཨར་སྐྲུན་ལས་གྲྭའི་ལག་རྩལ། རླངས་འཁོར་དང་གློག་རྡུལ་ལག་རྩལ། ཟོག་སྐྱེལ་དོ་དམ། གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་གཉེར་སྐྱོང་དོ་དམ།

ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན། གཞུང་ལམ་སྐྱེལ་འདྲེན་རྩ་འཛུགས་ལག་རྩལ། མྱུར་བགྲོད་གཞུང་ལམ་གྱི་དྲ་སྦྲེལ་གྲོན་བསྡུའི་ལག་རྩལ་དང་བཀོལ་སྤྱོད།

5 ཚན་ཞིབ་ལས་ཁུངས།

སྤྱི་ལོ2008ལོའི་ལོ་མཇུག་བར་སློབ་གླིང་དུ་ཧྲན་ཞི་གཞུང་ལམ་དང་ཟམ་པའི་རྩད་ཞིབ་ཇུས་འགོད་ཞིབ་འཇུག་སུའོ་ཡི་སློབ་གྲྭ་རིམ་པའི་ཞིབ་འཇུག་ལས་ཁུངས1ཡོད་པ་རེད།

6 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2009ལོ་ནས་སྤྱི་ལོ2013ལོའི་བར། སློབ་གླིང་གི་དགེ་རྒན་གྱིས་རིགས་ཁག་གི་ཚན་ཞིབ་རྣམ་གྲངས129ལ་གཙོ་སྐྱོང་དང་ཚབ་ཞུགས་བྱས། དེའི་ནང་ཞིང་ཆེན་དང་ཐིང་རིམ་པའི་གཞུང་ཕྱོགས་ཀྱི་ཞིབ་འཇུག་ལས་གཞི63དང་། འཕྲེད་ཕྱོགས་ཀྱི་ཞིབ་འཇུག་ལས་གཞི5ཡོད་པ་རེད། སློབ་གླིང་རིམ་པའི་ཞིབ་འཇུག་ལས་གཞི61ལ་རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་ཀྱི་ཆེད་ཁེ་ཁག་གཉིས་ཐོབ་ཡོད། དཔྱད་རྩོམ1164སྤེལ་བའི་ནང་ལྟེ་བའི་དུས་དེབ་ཀྱི་དཔྱད་རྩོམ247ཡོད། བྱ་དགའ་ཐོབ་པའི་དཔྱད་རྩོམ49དང་དཔྱད་རྩོམ48ཨ་རིའིEI(ལས་གྲྭའི་གསལ་བྱང)དངISTP(ཚན་རྩལ་གྲོས་ཚོགས་ཀྱི་གསལ་བྱང)སོགས་ཀྱིས་བསྡུས་ཡོད། ཁེར་རྩོམ་དང་། གཙོ་སྒྲིག རྩོམ་སྒྲིག་བཅས་ཀྱི་སློབ་དེབ183ཡོད།

7 རིག་གཞུང་ཐོན་ཁུངས།

སྤྱི་ལོ2010ལོར་སློབ་གླིང་དཔེ་མཛོད་ཁང་གི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ6197ཟིན་པ་དང་། དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་དཔེ་དེབ་དང་ཚད་ལྡན་ཡིག་ཆའི་དཔྱད་གཞི་སྣ་ཚོགས་ཁྱོན་ཁྲི41.1ལྷག་ཙམ་ཡོད་པ་རེད།

8 རིག་གཞུང་དུས་དེབ།

《ཧྲན་ཞི་ཞིང་ཆེན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་གི་རིག་གཞུང་ཚགས་པར》ནི་ཧྲན་ཞི་ཞིང་ཆེན་འགྲིམ་འགྲུལ་ཐིང་གིས་གཙོ་སྒྲུབ་བྱས་ཤིང་། ཧྲན་ཞི་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་གིས་གཙོ་གཉེར་བྱས་ལ། ཧྲན་ཞི་ཞིང་ཆེན་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས་འགྲེམས་སྤེལ་བྱས་པའི་ནང་ཁུལ་གྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གཞུང་དུས་དེབ་ཅིག་རེད། ཤོག་གྲངས64ཡོད། དེ《རྒྱ་ཡིག་ཚན་རྩལ་དུས་དེབ་ཀྱི་གྲངས་གཞིའི་མཛོད(ཡིག་ཚང་པར་གཞི)》ཡིས་བསྡུས་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-11-27

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།