ཀོང་ཀྲོའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་།

ཀོང་ཀྲོའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་ནི་ཀོང་ཏུང་ཞིང་ཆེན་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པའི་སྒེར་ཚུགས་ཀྱིས་བཙུགས་པའི་དངོས་གཞིའི་སྡེ་ཁག་རིམ་པའི་དམངས་གཉེར་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན་ཞིང་། སློབ་གྲྭས་བཟོ་རིག་གཙོ་བོར་བཟུང་ནས། བཟོ་ལས། དོ་དམ། དཔལ་འབྱོར། རིག་གནས། སྒྱུ་རྩལ་སོགས་རིག་གཞུང་ཚན་ཁག་མང་པོ་མཐུན་སྦྱོར་ངང་གོང་དུ་སྤེལ་བཞིན་ཡོད། གཞི་གྲངས་ཀྲུང་གོའི“སློབ་གྲྭ་བརྒྱའི་ལས་གཞི”དང་། ཀོང་ཏུང་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་ཕུལ་བྱུང་ཤེས་ལྡན་མི་སྣ་གསོ་སྐྱོང་འཆར་གཞི། ཀོང་ཏུང་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་ཁྱད་ལྡན་ཆེད་ལས་འཛུགས་སྐྲུན་ས་ཚིགས། ཀོང་ཏུང་ཞིང་ཆེན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་ཚོད་ལྟ་ཁུལ་དང་དཔེ་སྟོན་རྟེན་གཞི་བཅས་ཡིན།
དེ་སྔོན་སྤྱི་ལོ2000ལོའི་ཟླ12པར་ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་ནས་བཙུགས་པའི་དམངས་གཉེར་ཐེན་ཧུ་ལས་རིགས་སློབ་གླིང་ཞེས་པ་དེ་ཡིན། སྤྱི་ལོ2001ལོའི་ཟླ5པར། ཀོང་ཏུང་ཞིང་ཆེན་སློབ་གསོ་ཐིང་གི་ཆོག་མཆན་ཐོབ་པ་བརྒྱུད་ཀོང་ཏུང་ལས་རིགས་ལག་རྩལ་དགེ་འོས་སློབ་གླིང་ཐེན་ཧུ་སློབ་གླིང་ཞེས་པར་བསྒྱུར། སྤྱི་ལོ2006ལོའི་ཟླ4པར་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་ཀོང་ཏུང་ལག་རྩལ་དགེ་འོས་སློབ་གླིང་དང་ཀོང་ཏུང་དམངས་གཙོ་རྒྱལ་འཛུགས་ཁེ་ལས་ཚད་ཡོད་ཀུང་སིས་ཐུན་མོང་ཐོག་སྒེར་ཚུགས་སློབ་གླིང(དངོས་གཞིའི་སྡེ་ཁག)བཙུགས། སྤྱི་ལོ2018ལོའི་ཟླ12པར་སློབ་གསོ་པུའུ་ཡི་མོས་མཐུན་ཐོབ་པ་བརྒྱུད་ཀོང་ཏུང་ལག་རྩལ་དགེ་འོས་སློབ་ཆེན་ཐེན་ཧུ་སློབ་གླིང་ཞེས་མིང་བསྒྱུར། སྤྱི་ལོ2020ལོའི་ཟླ6ཚེས30ཉིན་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་ཀོང་ཀྲོའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་དུ་མིང་བསྒྱུར། སློབ་གླིང་དང་སྡེ་ཁག་གི་ཆེད་ལས།
སྤྱི་ལོ2020ལོའི་ཟླ6པར་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭར་གློག་ཤུགས་དང་གློག་རྡུལ་ལས་གྲྭ། འཕྲུལ་གློག་ལས་གྲྭ། རྩིས་འཁོར་ཚན་རིག་དང་ལས་གྲྭ། བཟོ་ཚོང་དོ་དམ། དཔལ་འབྱོར་དོ་དམ། ཕྱི་རྒྱལ་གྱི་སྐད་ཡིག སྒྱུ་རྩལ། ཀུན་ཤེས་སློབ་གསོ། རྒྱལ་སྤྱིའི་སློབ་གསོ། རྒྱུན་མཐུད་སློབ་གསོ་སོགས་རིམ་པ་གཉིས་པའི་སློབ་གླིང11དང་བསམ་བློ་ཆབ་སྲིད་སློབ་ཁྲིད་པུའུ1 དངོས་གཞིའི་སྡེ་ཁག་གི་ཆེད་ལས41ཡོད་པ་དང་། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭར་སློབ་མ11000ཡོད། ཆེད་བསྐོས་དགེ་རྒན509ཡོད། དེའི་ནང་མཐོ་རིམ་གཞོན་པ་དང་དེ་ཡན་གྱི་གོ་མིང་ཡོད་པའི་དགེ་རྒན156དང་ཞིབ་འཇུག་སློབ་མའི་བསླབ་གནས་ཡོད་པའི་དགེ་རྒན333ཡོད།
སྤྱི་ལོ2020ལོའི་ཟླ6པའི་བར། ཀོང་ཀྲོའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་དུ་ཆེད་བསྐོས་དགེ་རྒན509ཡོད་པ་དང་། དེའི་ནང་མཐོ་རིམ་གཞོན་པ་དང་དེ་ཡན་གྱི་གོ་མིང་དགེ་རྒན156དང་། ཞིབ་འཇུག་སློབ་མའི་བསླབ་གནས་ཡོད་པའི་དགེ་རྒན333ཡོད།
གློག་ཤུགས་དང་གློག་རྡུལ་བཟོ་སྐྲུན་སློབ་གླིང་། འཕྲུལ་གློག་བཟོ་སྐྲུན་སློབ་གླིང་། རྩིས་འཁོར་ཚན་རིག་དང་བཟོ་སྐྲུན་སློབ་གླིང་། ཨར་ལས་བཟོ་སྐྲུན་སློབ་གླིང་། བཟོ་ཚོང་དོ་དམ་སློབ་གླིང་། དཔལ་འབྱོར་དོ་དམ་སློབ་གླིང་། ཕྱི་རྒྱལ་སྐད་ཡིག་སློབ་གླིང་། སྒྱུ་རྩལ་སློབ་གླིང་སོགས་རིམ་པ་གཉིས་པའི་སློབ་གླིང11དང་བསམ་བློ་ཆབ་སྲིད་སློབ་ཁྲིད་པུའུ1བཅས་ཡོད།
སློབ་གླིང་དུ་ད་ལྟ་ཀོང་ཏུང་ཞིང་ཆེན་གྱི་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས1དང་རྒྱལ་སྤྱིའི་མཉམ་ལསBIMབཟོ་སྐྲུན་ལག་རྩལ་ལྟེ་གནས1ཡོད། ཀོང་ཏུང་ཞིང་ཆེན་གྱི་གཙོ་གནད་རིག་ཚན2དང་། སློབ་གྲྭའི་རིམ་པའི་གཙོ་གནད་རིག་ཚན3ཚན་ཞིབ་སྟེགས་བུ6རིག་གཞུང་ཚོགས་པ56བཅས་ཡོད། ཉེ་བའི་ལོ་ལྔའི་རིང་ཞིང་ཆེན་དང་པུའུ་རིམ་པ་དང་དེ་ཡན་གྱི་སློབ་ཁྲིད་ཚན་ཞིབ་རྣམ་གྲངས200ལྷག་ཙམ་དང་། འཕྲེད་ཕྱོགས་རྣམ་གྲངས120ལྷག་ཙམ། ཚན་ཞིབ་འགྲོ་གྲོན་སྒོར་ཁྲི2000ལྷག་ཙམ་བཅས་ཀྱི་འགན་འཁུར་ཡོད། དཔྱད་རྩོམ1500ལྷག་ཡོངས་བསྒྲགས་སུ་སྤེལ། སློབ་དེབ་ཀྱི་ཆེད་རྩོམ197གཙོ་སྒྲིག་བྱས་པ་དང་ཁེ་བེད་བདག་ཐོབ71དང་མཉེན་ཆས་ཀྱི་རྩོམ་དབང7ཐོབ་ཡོད། གྲུབ་འབྲས་གཞན་སྒྱུར4བྱས་ནས་མཐོ་གསར་ལག་རྩལ་ཐོན་རྫས14ལ་ངོས་འཛིན་བྱས། བཟོ་ལས་འཕྲུལ་ཆས་ཀྱི་མིའི་འདུས་གྲུབ་དང་བཀོལ་སྤྱོད་ཞིབ་འཇུག་གི་གྲུབ་འབྲས་ཐོན་ལས་ཅན་དུ་མངོན་འགྱུར་བྱུང་བ་དང་། ཐོན་རྫས་ཞིང་ཆེན་དང་གྲོང་ཁྱེར12ཀྱི་མཐོ་རིམ་ལས་རིགས་འབྲིང་རིམ་ལས་རིགས་སློབ་གྲྭ20ལྷག་ཏུ་འཚོང་བཞིན་ཡོད།
སློབ་གྲྭས་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་ཐོན་སློབ་མཉམ་འདྲེས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་བསྒྱུར་བཅོས་ཟབ་སྤེལ་དང་། གསར་གཏོད་ཀྱི་སློབ་གྲྭ་སྟོབས་ལྡན་དང་སྤུས་ཚད་ལས་གྲྭ། རིག་གཞུང་ཚན་ཁག ཆེད་ལས། སློབ་ཚན། དངོས་སྦྱོང་རྟེན་གཞི། ཆུ་ཚད་མཐོ་བའི་ཚོད་ལྟ་ཁང་བཅས་བསྐྲུན་ཡོད། ད་ལྟ་ཀོང་ཏུང་ཞིང་ཆེན་གྱི་ཁྱད་ལྡན་ཆེད་ལས3དང་། ཆེད་ལས་ཕྱོགས་བསྡུས་སྒྱུར་བཅོས་དང་བཀོལ་སྤྱོད་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་དཔེ་སྟོན་ཆེད་ལས7 ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་ཚོད་ལྟ་ཁུལ་དང་དཔེ་སྟོན་རྟེན་གཞི5 ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས་དང་ལག་ལེན་སློབ་ཁྲིད་རྟེན་གཞི8 ཕུལ་བྱུང་ཤེས་ལྡན་མི་སྣ་གསོ་སྐྱོང་འཆར་གཞི་དང་སློབ་ཁྲིད་ཚོགས་པ4 སློབ་གྲྭའི་ནང་གི་ཚོད་ལྟ་ཁང130དང་། སློབ་གྲྭའི་ཕྱི་ནང་གི་ལག་ལེན་སློབ་ཁྲིད་རྟེན་གཞི97 ཐོན་ལས་སློབ་གླིང2བཅས་བཙུགས་ཡོད། སློབ་ཁྲིད་ཚན་ཞིབ་དཔྱད་ཆས་དང་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1ཙམ་བཏང་ནས། གསར་གཏོད་ལས་གཏོད་སློབ་གླིང་བཙུགས་ཡོད།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2020-12-03
གསར་སྤེལ་མཁན། :བླ་མ་གཡང་སངས།