ཁྲུང་ཆིང་ཉེན་རྟོག་སློབ་གླིང་།

- 1 ལོ་རྒྱུས་འཕེལ་རིམ།
- 2 སློབ་སྒྲུབ་ཆ་རྐྱེན།
-
2.1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།
2.2 དགེ་རྒན་གྱི་དཔུང་སྡེ།
- 3 སློབ་ཁྲིད་འཛུགས་སྐྲུན།
-
3.1 སྤུས་ཚད་ལས་གྲྭ།
3.2 སློབ་ཁྲིད་གྲུབ་འབྲས།
3.3 ཕྱི་ཕྱོགས་སྤེལ་རེས།
- 4 རིག་གཞུང་ཞིབ་འཇུག
-
4.1 ཚན་རིག་ཞིབ་འཇུག་གི་སྟེགས་བུ།
4.2 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།
4.3 རིག་གཞུང་ཐོན་ཁུངས།
- 5 ད་ལྟའི་འགོ་ཁྲིད།
སྤྱི་ལོ1982ལོར་ཁྲུང་ཆིང་གྲོང་ཁྱེར་མི་དམངས་ཉེན་རྟོག་པའི་སློབ་གྲྭ་བཙུགས་ནས་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་རྒྱུས་སློབ་གསོ་གཉེར་འགོ་ཚུགས།
སྤྱི་ལོ1991ལོའི་ཟླ6པར་སྤྱི་བདེ་པུའུ་ཡི་ཉེན་རྟོག་སློབ་གྲྭའི་སློབ་གཉེར་ཆུ་ཚད་དཔྱད་དཔོག་ཚོགས་ཆུང་གིས་སློབ་གྲྭར་བསྐྱར་དཔྱད་དང་ཞིབ་བཤེར་རྩིས་ལེན་བྱས།
སྤྱི་ལོ2005ལོར་སློབ་གླིང་དང་ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་བར་མཉམ་ལས་སློབ་གཉེར་བྱས་ནས་དངོས་གཞིའི་སྡེ་ཁག་གི་སློབ་མ་མཉམ་འབྲེལ་ཐོག་གསོ་སྐྱོང་བྱས།
སྤྱི་ལོ2010ལོར་གྲོང་ཁྱེར་སློབ་གསོ་ཨུ་ལྷན་གྱིས་སློབ་གླིང་དེ་མཐོ་རིམ་སློབ་གྲྭའི་སློབ་ཁྲིད་སྤུས་ཚད་དང་སློབ་ཁྲིད་སྒྱུར་བཅོས་ལས་གྲྭའི་སྔོན་ཐོན་ཚན་པར་བདམས།
སྤྱི་ལོ2011ལོའི་ཟླ8པར་སློབ་གླིང་གི་སློབ་ཁུལ་གཙོ་བོ་ཁྲུང་ཆིང་སློབ་ཆེན་གྲོང་དུ་སྤོས།
སྤྱི་ལོ2012ལོའི་ཟླ3པར་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད། ཁྲུང་ཆིང་ཉེན་རྟོག་དཔོན་གྱི་ལས་རིགས་སློབ་གླིང་དེ་སྤྱི་བདེ་དངོས་གཞིའི་སྡེ་ཁག་གི་སློབ་གླིང་དུ་རིམ་སྤོར་བྱས་ནས་དངོས་གཞིའི་སྡེ་ཁག་གི་སློབ་རྒྱུས་སློབ་གསོ་དང་ལས་ཐོག་མི་དམངས་ཉེན་རྟོག་པའི་གསོ་སྦྱོང་བྱེད་འགན་གཙོ་བོ་འཁུར་བ་དང་། སློབ་གྲྭའི་མིང་ལ་ཁྲུང་ཆིང་ཉེན་རྟོག་སློབ་གླིང་དུ་བསྒྱུར།
སྤྱི་ལོ2015ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭ་དེར་ཉེས་དོན་ཉེས་གསོག་མྱུལ་ཞིབ་སྡེ་ཁག་དང་། རྩ་འཛུགས་ཡོད་པའི་ཉེས་གསོག་མྱུལ་ཞིབ་སྡེ་ཁག འཇིགས་རྒོལ་སྡེ་ཁག ཆ་འཕྲིན་གསང་འཕྲིན་སྡེ་ཁག དུག་འགོག་རིག་པའི་སྡེ་ཁག ཉེས་དོན་ཚན་རིག་ལག་རྩལ་སྡེ་ཁག བདེ་འཇགས་དོ་དམ་སྡེ་ཁག འཕྲལ་སྡོམ་བཀོད་འདོམས་སྡེ་ཁག ཉེན་རྟོག་འཐབ་རྩལ་སྡེ་ཁག ཁྲིམས་ལུགས་རིག་པའི་སློབ་དཔྱོད་ཁང་། རྨང་གཞིའི་སློབ་དཔྱོད་པུའུ་བཅས་སྡེ་ཁག12དང་ཆེད་ལས13བཙུགས་ཡོད། དེའི་ནང་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གཉེར་བརྒྱུད་རིམ་སློབ་གསོའི་དངོས་གཞིའི་སྡེ་ཁག་གི་ཆེད་ལས8དང་དར་མའི་སློབ་གསོའི་དངོས་གཞིའི་སྡེ་ཁག་གི་ཆེད་ལས2 ཆེད་ཚན་ཆེད་ལས3 དངོས་གཞིའི་སྡེ་ཁག་གི་ཆེད་ལས7བཅས་ཡོད།
སྤྱི་ལོ2015ལོའི་ཟླ5པའི་བར། སློབ་གྲྭ་དེར་ཆེད་བསྐོས་དགེ་རྒན152ཡོད། དེའི་ནང་མཐོ་རིམ་གོ་མིང་མི16ཡོད་པ་དེས10.53%ཟིན་པ་དང་། མཐོ་རིམ་གོ་མིང་གཞོན་པ་མི36ཡོད་པ་དེས23.68%ཟིན། འབྲིང་རིམ་གོ་མིང་མི69ཡོད་པ་དེས་ཆེད་བསྐོས་དགེ་རྒན་བསྡོམས་འབོར་གྱི45.39%བཅས་ཟིན་ཡོད། དེའི་ནང་རྒྱལ་ཁབ་ཀྱི“མི་ཁྲིའི་འཆར་གཞིའི”སློབ་ཁྲིད་དགེ་རྒན་གྲགས་ཅན་གྱི་མིང་ཐོ1དང་། རྒྱལ་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་གི་མིག་དཔེ1 རྒྱལ་ཁབ་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན1 སྤྱི་བདེ་མཐོ་རིམ་སློབ་གསོའི་སློབ་ཁྲིད་དགེ་རྒན2 ཞིང་ཆེན་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན1 ཁྲུང་ཆིང་གྲོང་ཁྱེར་གྱི་རིག་གཞུང་ལག་རྩལ་སྣེ་ཁྲིད་པ1 འབུམ་རམས་པའི་བསླབ་གནས་ལྡན་པའི་དགེ་རྒན60ལྷག་ཙམ་ཡོད།
སྤྱི་ལོ2015ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭ་དེར་རྒྱལ་ཁབ་རིམ་པའི་སྤུས་ལེགས་སློབ་ཚན2དང་། ཞིང་ཆེན་དང་པུའུ་རིམ་པའི་སྤུས་ལེགས་སློབ་ཚན12 ཁྲུང་ཆིང་གྲོང་ཁྱེར་གྱི་སློབ་གསོ་སྒྱུར་བཅོས་ཚོད་ལྟའི་ཆེད་ལས3 ཁྲུང་ཆིང་གྲོང་ཁྱེར་རིམ་པའི་ཁྱད་ལྡན་ཆེད་ལས1བཅས་ཡོད།
སློབ་གླིང་དེར་འགྲིམ་འགྲུལ་ཚོད་ལྟ་ཁང་དང་། རྗེས་ཤུལ་ཚོད་ལྟ་ཁང་། རིག་གནས་ཞིབ་དཔྱད་ཚོད་ལྟ་ཁང་། ཁྲིམས་དཔྱད་སྨན་པའི་དངོས་དཔང་ཁང་། ལད་ཟློས་མངགས་གཏོང་ཁང་། མེ་མདའ་འཕེན་པའི་སྦྱོང་བརྡར་ར་བ་སོགས་གཞི་རྩའི་རྩལ་ནུས་དང་། ཆེད་ལས་རྩལ་ནུས་སྦྱོང་བརྡར། ལད་ཟློས་བཀོལ་སྤྱོད་བྱེད་ས། གཤིབ་བསྡུར་ཕྲ་མཐོང་ཆེ་ཤེལ་དྲ་རྒྱའི་ཚོད་ལྟ་ཁང་། ཉེས་གསོག་འདྲ་བཟོའི་གཟུགས་བརྙན་ཚོད་ལྟ་ཁང་། ཉེན་རྟོག་པའི་ཕྱོགས་བསྡུས་སྦྱོང་བརྡར་ཁང་། སེམས་ཁམས་བྱ་སྤྱོད་སྦྱོང་བརྡར་བྱ་ཡུལ་སོགས་ཚོད་ལྟ་ཁང་དང་སློབ་གྲྭའི་ནང་གི་དངོས་སྦྱོང་བྱེད་ས39བཙུགས་ཡོད།
སྤྱི་ལོ2015ལོའི་ཟླ7པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། ཁྲུང་ཆིང་ཉེན་རྟོག་སློབ་གླིང་གིས་ཁྲུང་ཆིང་སྤྱི་བདེ་དཔུང་ཁག་ལ་སློབ་ཐོན་སློབ་མ་ཁྲི་ལ་ཉེ་བ་གསོ་སྐྱོང་བྱས་པ་དང་མི་དམངས་ཉེན་རྟོག་པ་མི་ཐེངས་ཁྲི6ལྷག་ཙམ་གསོ་སྦྱོང་བྱས།
སྤྱི་ལོ2013ལོར། སློབ་གྲྭ་དེའི་དགེ་རྒན་གྱིས་གཙོ་སྐྱོང་བྱས་པའི《“ཉེན་རྟོག་པ་དང་སློབ་སྦྱོང་རེས་མོས་དང་ཕྱོགས་ལྔ་གཞི་གཅིག”གི་སྤྱི་བདེའི་ཆེད་ལས་ཀྱི་སྤྱི་བདེ་ཁྲིམས་འཛིན་ལག་ལེན་སློབ་ཁྲིད་དཔེ་དབྱིབས་གསར་གཏོད་དང་ལག་ལེན》ལ་གྲོང་ཁྱེར་རིམ་པའི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་དང《འདྲ་བཟོ་ལས་སྟེགས་རྨང་གཞིར་བྱས་པའི་སྤྱི་བདེའི་ཆ་འཕྲིན་ཉེར་སྤྱོད་སློབ་ཁྲིད་སྒྱུར་བཅོས་དང་གསར་གཏོད》ལ་གྲོང་ཁྱེར་རིམ་པའི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།
སྤྱི་ལོ2015ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭ་དེས་ཨ་རི་དང་། ཀྲུང་གོའི་ཞང་ཀང་། ཀྲུང་གོའི་ཐའེ་ཝན་ས་ཁུལ་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་ཉེན་རྟོག་ལས་ཁུངས་དང་། ཀྲུང་གོ་མི་དམངས་སྤྱི་བདེ་སློབ་ཆེན། ཀྲུང་གོ་ཉེས་དོན་ཉེན་རྟོག་སློབ་གླིང་། ནུབ་ལྷོ་སྲིད་ཁྲིམས་སློབ་ཆེན་སོགས་དང་རིག་གཞུང་སྤེལ་རེས་དང་མཉམ་ལས་སློབ་གཉེར་བྱས་པ་རེད།
སྤྱི་ལོ2015ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭ་དེར་ཉེས་གསོག་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཞིབ་འཇུག་ལྟེ་གནས་དང་། ཆ་འཕྲིན་གསང་འཕྲིན་ཞིབ་འཇུག་ཁང་། སྤྱི་པའི་བདེ་འཇགས་ཞིབ་འཇུག་ཁང་། གཏུམ་འགོག་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཞིབ་འཇུག་ལྟེ་གནས། གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་ལ་ཁ་གཏད་གཅོག་པའི་ཞིབ་འཇུག་སུའོ། སྤྱི་བདེའི་མི་དམངས་ཉེན་རྟོག་པའི་སེམས་ཁམས་བདེ་ཐང་ཞིབ་འཇུག་ལྟེ་གནས། སྤྱི་བདེའི་ཁྲིམས་འཛིན་ཚད་ལྡན་ཅན་འཛུགས་སྐྲུན་ཞིབ་འཇུག་ལྟེ་གནས་བཅས་སློབ་གྲྭ་རིམ་པའི་རིག་གཞུང་ཞིབ་འཇུག་སྒྲིག་གཞི7བཙུགས་ཡོད།
སྤྱི་ལོ2012ལོར་སློབ་གྲྭ་དེར་སྙན་ཞུ་ཕུལ་བའི་རིམ་པ་ཁག་གི་ཚན་ཞིབ་རྣམ་གྲངས་ནང་། ཞིང་ཆེན་དང་པུའུ་རིམ་པའི་རྣམ་གྲངས་ལ་རྣམ་གྲངས4འཛུགས་ཆོག་པའི་ཆོག་མཆན་ཐོབ་པ་དེའི་ནང་ཁྲུང་ཆིང་གྲོང་ཁྱེར་རང་བྱུང་ཚན་རིག་ཐེབས་རྩའི་རྣམ་གྲངས2དང་། ཁྲུང་ཆིང་གྲོང་ཁྱེར་གྱི་མཉེན་ཆས་ཚན་རིག་རྣམ་གྲངས1 སློབ་གསོ་པུའུ་ཡི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་རྣམ་གྲངས1བཅས་ཡོད། ཐིང་ཅུའུ་ཡི་རིམ་པའི་རྣམ་གྲངས11ལ་ཆོག་མཆན་སྤྲད་པའི་དེའི་ནང་གྲོང་ཁྱེར་ཅུའུ་ཡི་རྣམ་གྲངས10དང་ཁྲུང་ཆིང་གྲོང་ཁྱེར་སློབ་གསོ་ཨུ་ལྷན་གྱི་རྣམ་གྲངས1ཡོད།
སྤྱི་ལོ2015ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭ་དེའི་དཔེ་མཛོད་ཁང་དུ་བཅའ་ཁྲིམས་དང་སྤྱི་བདེ་རིགས་ཀྱི་ཆེད་ལས་དཔེ་དེབ་གཙོ་བོར་བྱས་པའི་ཉར་ཚགས་དཔེ་དེབ་མ་ལག་དང་ཚད་ལྡན་ཡིག་ཆ་ཁྲི68ལྷག་ཙམ་ཟིན། དཔེ་མཛོད་ཁང་ལ་དུས་དེབ་རིགས800ཙམ་དང་ཚགས་པར་རིགས80ལྷག་ཙམ་ཡོད།
སློབ་གླིང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་གླིང་གཙོ། ལིའུ་སི་ཧྲུའུ།
ཁྲུང་ཆིང་ཉེན་རྟོག་སློབ་གླིང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་གླིང་གཙོ། ལིའུ་སི་ཧྲུའུ།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2020-11-26
གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།