ཀོང་ཏུང་མའོ་མིང་བྱིས་པའི་དགེ་འོས་ཆེད་ལས་སློབ་གྲྭ།

- 1 སློབ་སྒྲུབ་ལོ་རྒྱུས།
-
1.1 ཀའོ་ཅུན་དགེ་འོས་སློབ་གྲྭ།
1.2 ཀོང་ཏུང་ཀའོ་ཀྲོའུ་དགེ་འོས་སློབ་གྲྭ
1.3 ཀོང་ཏུང་མའོ་མིང་བྱིས་པའི་དགེ་འོས་ཆེད་སྦྱོང་སློབ་གྲྭ་བཙུགས།
- 2 རིག་གཞུང་ཞིབ་འཇུག
-
2.1 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།
- 3 རིག་གཞུང་ཐོན་ཁུངས།
-
3.1 ཉར་ཚགས་ཐོན་ཁུངས།
3.2 རིག་གཞུང་དུས་དེབ།
- 4 སློབ་སྒྲུབ་ཆ་རྐྱེན།
-
4.1 སློབ་གླིང་དང་ཆེད་ལས་ངོ་སྤྲོད།
4.2 དགེ་རྒན་གྱི་དཔུང་སྡེ།
- 5 སློབ་སྒྲུབ་ཁྱད་ཆོས།
མིང་རྒྱལ་རབས་ཀྱི་ཝན་ལི་ཁྲི་ལོ་བཞི་བཅུ་བའི(སྤྱི་ལོ1612)དུས་ཀྱི་མོ་ཁྲི་སློབ་གླིང་།
སྤྱི་ལོ1905ལོར་མོ་ཁྲི་སློབ་གླིང་ཀའོ་ཅུན་དགེ་འོས་སློབ་གྲྭར་བསྒྱུར།
སྤྱི་ལོ1921ལོར་ཀོང་ཏུང་ཞིང་ཆེན་གྱིས་བཙུགས་པའི་དགེ་འོས་སློབ་གྲྭ་ལྔ་པར་མིང་བསྒྱུར།
སྤྱི་ལོ1930ལོར་མའོ་མིང་རྫོང་གིས་བཙུགས་པའི་དགེ་འོས་སློབ་གྲྭ་ཡིན།
སྤྱི་ལོ1949ལོར་ཀོང་ཏུང་ཞིང་ཆེན་གྱིས་བཙུགས་པའི་ཀའོ་ཀྲོའུ་བུད་མེད་དགེ་འོས་སློབ་གྲྭ་དང་ཟླ་སྒྲིལ་བཏང་ནས་ཀོང་ཏུང་ཞིང་ཆེན་གྱིས་བཙུགས་པའི་ཀའོ་ཀྲོའུ་དགེ་འོས་སློབ་གྲྭ་བཙུགས།
སྤྱི་ལོ1970ལོར་ཀྲན་ཅང་ས་ཁུལ་དགེ་འོས་སློབ་གྲྭ་ཞེས་པར་མིང་བསྒྱུར།
སྤྱི་ལོ1973ལོར་སླར་ཡང་ཀོང་ཏུང་ཞིང་ཆེན་ཀྲན་ཅང་ས་ཁུལ་ཀའོ་ཀྲོའུ་དགེ་འོས་སློབ་གྲྭ་ཞེས་པར་མིང་བསྒྱུར།
སྤྱི་ལོ1980ལོར་འབྲིང་རིམ་དགེ་འོས་སློབ་གྲྭ་བསྐྱར་དུ་བཙུགས་ཤིང་། ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་བརྒྱུད་སློབ་གྲྭའི་མིང་ཀོང་ཏུང་ཀའོ་ཀྲོའུ་དགེ་འོས་སློབ་གྲྭ་ཞེས་པར་བསྒྱུར།
སྤྱི་ལོ1993ལོར་ཚོད་ལྟའི་ཚུལ་དུ་གསུམ་གཉིས་དུས་རིམ་དབྱེ་བའི་ཆེད་སྦྱོང་འཛིན་གྲྭ་བཙུགས་ཤིང་། དེ་ནི་རྒྱལ་ཡོངས་སུ་སྒྲུབ་པའི་ཆེད་སྦྱོང་སློབ་ཆེན36གི་གྲས་ཡིན།
རིམ་གཉིས་སློབ་གླིང་གི་ངོས་ཐད་ནས་མའོ་མིང་སློབ་གླིང་དང་ཟླ་སྒྲིལ་བཏང་བ།
སྤྱི་ལོ2001ལོར་རིམ་གཉིས་སློབ་གླིང་གི་ངོས་ཐད་ནས་མའོ་མིང་སློབ་གླིང་དང་ཟླ་སྒྲིལ་བཏང་ཏེ་མིང་མའོ་མིང་སློབ་གླིང་གི་ཀའོ་ཀྲོའུ་དགེ་འོས་ཡན་ལག་སློབ་གླིང་དུ་བསྒྱུར་ནས་ཆེད་སྦྱོང་སློབ་སྒྲུབ་ཁྱོན་ཡོངས་ནས་གཉེར། སྤྱི་ལོ2010ལོར་ཡང་ཀོང་ཏུང་རྡོ་སྣུམ་རྫས་འགྱུར་བཟོ་ལས་སློབ་གླིང་གི་ཀའོ་ཀྲོའུ་དགེ་འོས་སློབ་གླིང་ཞེས་པར་མིང་བསྒྱུར།
སྤྱི་ལོ2016ལོའི་ཟླ4ཚེས27ཉིན་སློབ་གྲྭས་སློབ་གསོ་པུའུ་ལ་ཐོ་འགོད་སྙན་སེང་ཞུས་པ་དང་། སྤྱི་ལོ2016ལོའི་ཟླ2ཚེས29ཉིན་ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཆན་འགོད་བཀའ་ལན་གནང་བ་བརྒྱུད་ཀོང་ཏུང་རྡོ་སྣུམ་རྫས་འགྱུར་བཟོ་ལས་སློབ་གླིང་གི་ཀའོ་ཀྲོའུ་དགེ་འོས་སློབ་གླིང་རྨང་གཞིར་བྱས་ཏེ་ཀོང་ཏུང་མའོ་མིང་བྱིས་པའི་དགེ་འོས་ཆེད་སྦྱོང་སློབ་གྲྭ་བཙུགས།
སློབ་གྲྭའི་དགེ་རྒན་གྱིས་རྒྱལ་ཁབ་རིམ་པའི་ཚན་ཞིབ་ཞིབ་འཇུག་བྱ་གཞི་གསུམ་དང་ཞིང་ཆེན་རིམ་པའི་ཚན་ཞིབ་ཞིབ་འཇུག་བྱ་གཞི་སུམ་ཅུ་སོ་བརྒྱད། གྲོང་ཁྱེར་རིམ་པའི་ཚན་རིག་ཞིབ་འཇུག་བྱ་གཞི་སུམ་ཅུ་སོ་དྲུག་བཅས་ཀྱི་འགན་འཁུར་ཡོད་ལ། ཁྱོན་བསྡོམས་དཔྱད་རྩོམ300ལྷག་སྤེལ་བའི་ཁྲོད་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ་པའི་དཔྱད་རྩོམ་གཅིག་དང་། ཞིང་ཆེན་དང་ས་ཁུལ། གྲོང་ཁྱེར་རིམ་པའི་བྱ་དགའ་ཐོབ་པའི་དཔྱད་རྩོམ48ཡོད་པ་རེད། དེ་མིན་ཆེད་རྩོམ་བཅུ་ལྷག་ཙམ་དཔེ་སྐྲུན་བྱས་ཟིན་ལ་མཉམ་བྲིས་རིག་གཞུང་གསུང་རྩོམ་ཁག་བཅུ་གསུམ་ཡོད་པ་རེད།
སྤྱི་ལོ2020ལོའི་ཟླ6པའི་བར། སློབ་གྲྭའི་དཔེ་མཛོད་ཁང་དུ་ཤོག་བུའི་དཔེ་དེབ་ཁྲི50ལྷག་ཙམ་ཡོད་པ་དང་གློག་རྡུལ་ཡིག་ཆ་ཤོང་ཚད300Gཡོད། གློག་རྡུལ་དཔེ་དེབ་དཔྱད་འཚོལ་དང་ཀློག་བཤེར། དོ་དམ་བཅས་ཀྱི་མ་ལག་དང་དེ་བཞིན་རྩིས་འཁོར་གྱི་དྲ་སྦྲེལ་ཞབས་ཞུའི་མ་ལག་བཙུགས་ཡོད་ཅིང་། སྒྲིག་གཞི་ཚང་བའི་གྲངས་འཛིན་ཅན་གྱི་དཔེ་དེབ་དོ་དམ་མ་ལག་ཡོད།
སློབ་གྲྭ་དེས《ཀོང་ཏུང་མའོ་མིང་བྱིས་པའི་དགེ་འོས་ཆེད་སྦྱོང་སློབ་གྲྭའི་རིག་གཞུང་དུས་དེབ(དེ་སྔའི་ཀོང་ཏུང་རྡོ་སྣུམ་རྫས་འགྱུར་བཟོ་ལས་སློབ་གླིང་གི་ཀའོ་ཀྲོའུ་དགེ་འོས་སློབ་གླིང་གི་རིག་གཞུང་དུས་དེབ》གཉེར་གྱིན་ཡོད།
རིག་ཚན་སློབ་གླིང་། སྐད་ཡིག་སློབ་གསོ། རྒྱ་ཡིག དྲུང་ཡིག
རང་བྱུང་རིག་པའི་སློབ་གླིང་། གྲངས་རིག་སློབ་གསོ། སློབ་ཆུང་སློབ་གསོ།
ཕྱི་སྐད་སློབ་གླིང་། དབྱིན་ཡིག་སློབ་གསོ། ཉེར་སྤྱོད་དབྱིན་ཡིག ཚོང་དོན་དབྱིན་ཡིག
སློབ་གསོ་ཚན་རིག་སློབ་གླིང་། སློབ་སྔོན་སློབ་གསོ། སྔ་དུས་སློབ་གསོ། སེམས་ཁམས་བདེ་ཐང་སློབ་གསོ།
ནོར་དཔལ་སློབ་གླིང་། རྩིས་གཉེར། ནོར་དོན་དོ་དམ།
ཡུལ་སྐོར་སློབ་གླིང་། ཡུལ་སྐོར་དོ་དམ། ཡུལ་སྐོར་སྣེ་ཤན་པ། མགྲོན་ཁང་དོ་དམ།
ལུས་རྩལ་སྡེ་ཁག ལུས་རྩལ་སློབ་གསོ། སྤྱི་ཚོགས་ཀྱི་ལུས་རྩལ།
རྩིས་འཁོར་སློབ་གླིང་། རྩིས་འཁོར་ཉེར་སྤྱོད་ལག་རྩལ། རྩིས་འཁོར་དྲ་རྒྱའི་ལག་རྩལ། སྒུལ་བདེའི་ཉེར་སྤྱོད་གསར་སྤེལ།
མཛེས་རྩལ་སློབ་གླིང་། མཛེས་རྩལ་སློབ་གསོ། སྒྱུ་རྩལ་ཇུས་འགོད། མཛེས་རྩལ། (ཡིག་གཟུགས་ཀྱི་ཁ་ཕྱོགས།)
རོལ་དབྱངས་སྡེ་ཁག རོལ་དབྱངས་སློབ་གསོ། རྒྱང་སྒྲོག་དང་མདོ་འཛིན།
སློབ་གྲྭར་ད་ཆ་ཆེད་བསྐོས་དགེ་རྒན400ལྷག་ཙམ་དང་དགེ་རྒན་ཆེན་མོ་དང་དགེ་རྒན་ཆེན་མོ་གཞོན་པ80ལྷག་ཙམ་ཡོད་པ་དང་། རབ་འབྱམས་པ་དང་འབུམ་རམས་པའི་བསླབ་གནས་ལྡན་པའི་དགེ་རྒན150ལྷག་ཙམ་ཡོད།
སློབ་གྲྭའི་སློབ་སྒྲུབ་ཁྱད་ཆོས་མངོན་གསལ་དོད་པོ་ཡིན་ཏེ། གཅིག་ནི་དགེ་འོས་ཀྱི་ཁྱད་ཆོས་མངོན་གསལ་གང་ཞིག་ལོ་ངོ90ཡི་རིང་སློབ་གྲྭས་ཐོག་མཐའ་བར་གསུམ་དུ་དགེ་འོས་སློབ་གསོ་དེ་སློབ་གྲྭ་འཛུགས་པའི་རྩ་བར་བརྩིས་ཡོད། གཉིས་ནི་ཆེད་ལས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་དང་དེ་ལས་ཀྱང་སློབ་སྔོན་སློབ་གསོའི་ཁྱད་ཆོས་མངོན་གསལ་ཡིན་ཏེ། སྤྱི་ལོ1946ལོར་བྱིས་པའི་དགེ་རྒན་འཛིན་གྲྭ་བཙུགས་པ་ནས་ལོ་ངོ70ལྷག་ཙམ་སོང་བ་བརྒྱུད། ད་ནི་གསོ་སྐྱོང་མ་ལག་ཆ་ཚང་ཞིག་ཆགས་ནས་སློབ་གྲྭའི་ལེགས་ཆ་ཆེ་ཤོས་ལྡན་པའི་སྤུས་རྟགས་ཆེད་ལས་སུ་གྱུར་ཡོད། དེ་མིན་རོལ་དབྱངས་དང་མཛེས་རྩལ་ཆེད་ལས་གཉིས་ཀ་ཀོང་ཏུང་ནུབ་ཕྱོགས་སུ་སྐད་གྲགས་ཆོད་པ་དང་ཆེད་ལས་གཞན་དག་ལའང་འགྲན་རྩོད་ཀྱི་ནུས་པ་ཆེན་པོ་ལྡན། གསུམ་ནི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཁྱད་ཆོས་མངོན་གསལ་ཡིན་ཏེ། སློབ་གྲྭས་གསོ་སྐྱོང་བྱས་པའི་སློབ་མར་ཕུལ་བྱུང་གི་གཤིས་སྤྱོད་དང་། སྲ་བརྟན་གྱི་རྨང་གཞིའི་ཤེས་བྱ། སྟོབས་དང་ལྡན་པའི་མི་མངོན་པའི་ནུས་པ་ལྡན་པས་མི་སྤྱོད་མཁན་ལས་ཁུངས་ཀྱི་གདེངས་འཇོག་མཐོན་པོ་ཐོབ་ཡོད།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2020-11-26
གསར་སྤེལ་མཁན། :ཀླུ་བྷklumtso