ཁྲེང་ཏུའུ་ལུས་རྩལ་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲེང་ཏུའུ་ལུས་རྩལ་སློབ་གླིང་།
ཁྲེང་ཏུའུ་ལུས་རྩལ་སློབ་གླིང་ནི་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་གནས་ཡོད། སློབ་གྲྭ་འདི་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་བསྐྲུན་པ་དང་། སི་ཁྲོན་ཞིང་ཆེན་གྱིས་དོ་དམ་གཙོ་བོ་བྱེད་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གླིང་དཀྱུས་མ་ཞིག་ཡིན། སློབ་གྲྭ་ནི་སློབ་གསོ་པུའུ་ཡི་ཕུལ་བྱུང་སྨན་པ(ཀྲུང་ལུགས་གསོ་རིག)སློབ་གསོ་གསོ་སྐྱོང་འཆར་གཞི“སྒྱུར་བཅོས་ཚོད་ལྟའི་མཐོ་སློབ་ཡིན། རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་པའི་གསོ་སྦྱོང་རྟེན་གཞི་དང་། རྒྱལ་ཁབ་ཀྱི་ཆུ་ཚད་མཐོ་བའི་ལུས་རྩལ་རྗེས་གྲབས་ཤེས་ལྡན་མི་སྣ་གསོ་སྐྱོང་རྟེན་གཞི། རྒྱལ་ཡོངས་ཀྱི་ལྗིད་འདེགས་རྗེས་གྲབས་ཤེས་ལྡན་མི་སྣ་གསོ་སྐྱོང་རྟེན་གཞི། རྒྱལ་ཡོངས་ཀྱི་དྲག་རྩལ་གཞོན་ནུ་ལོ་ཆུང་གསོ་སྦྱོང་རྟེན་གཞི། རྒྱལ་ཡོངས་མཆོང་རྒྱུག་འཕེན་གསུམ་གྱི་ཐུང་རྒྱུག་དང་མཆོང་བརྒལ་རྗེས་གྲབས་ཤེས་ལྡན་མི་སྣ་གསོ་སྐྱོང་རྟེན་གཞི་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
成都体育学院
དབྱིན་ཡིག་གི་མིང་།
Chengdu Sport University
བཙུགས་ལོ།
སྤྱི་ལོ1942ལོ།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
ལུས་རྩལ།
སློབ་གྲྭའི་ཁྱད་ཆོས།
ཞིང་ཆེན་ཁོངས་ཀྱི་དངོས་གཞིའི་ཚན་ཁག་གི་མཐོ་རིམ་སློབ་གྲྭ་དཀྱུས་མ།
གཙོ་གཉེར་སྡེ་ཁག
སི་ཁྲོན་ཞིང་ཆེན།
ལས་ཐོག་འགོ་ཁྲིད།
སློབ་གཙོ། ཧྲོའོ་ཝེ་ཕིན།
དངོས་གཞིའི་ཆེད་ལས།
22ཡོད།
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་ཚན4ཡོད། རིམ་པ་གཉིས་པའི་རིག་ཚན14ཡོད།
འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་ཚན1ཡོད།
འབུམ་རམས་ཕྱི་ཚར།
ཚན་རིག་ཞིབ་འཇུག་གི་འཁོར་སྐྱོད་ས་ཚིགས1ཡོད།
སློབ་གྲྭའི་ཚབ་ཨང་།
10653
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན། ​
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
རྐང་རྩེད་སྤོ་ལོའི་ལུས་རྩལ་སློབ་གླིང་དང་དྲག་རྩལ་སློབ་གླིང་སོགས་སློབ་ཁྲིད་ཚན་པ21ཡོད།
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1942ལོར་སི་ཁྲོན་ཞིང་ཆེན་གྱིས་ལུས་རྩལ་ཆེད་སྦྱོང་ཚན་ཁག་བཙུགས།

སྤྱི་ལོ1950ལོར་ཁྲེང་ཏུའུ་ལུས་རྩལ་ཆེད་སྦྱོང་སློབ་གྲྭར་མིང་བསྒྱུར།

སྤྱི་ལོ1953ལོར།  མིང་ལ་ལྷོ་ནུབ་ལུས་རྩལ་སློབ་གླིང་ཞེས་བསྒྱུར།

སྤྱི་ལོ1956ལོར་ཁྲེང་ཏུའུ་ལུས་རྩལ་སློབ་གླིང་ཞེས་པར་མིང་བསྒྱུར།

སྤྱི་ལོ1958ལོར་སློབ་གྲྭས་རྒྱལ་ཡོངས་ཀྱི་ལུས་རྩལ་སྨན་ཁང་ཐོག་མ་དེ་བཙུགས་པ་རེད།

སྤྱི་ལོ2001ལོར་ས་གནས་སུ་བསྒྱུར་ཏེ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་མཉམ་དུ་འཛུགས་སྐྲུན་བྱས།

སྤྱི་ལོ1979ལོར་སློབ་གླིང་གིས་ཞིབ་འཇུག་སློབ་མའི་སློབ་གསོ་སྤེལ་འགོ་ཚུགས།

སྤྱི་ལོ1984ལོར་རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཐོབ།

སྤྱི་ལོ2013ལོའི་ཟླ7པར། འབུམ་རམས་པའི་སློབ་གནས་སྤྲོད་པའི་ཚན་པར་དངོས་སུ་གཏན་འཁེལ་བྱས།

སྤྱི་ལོ2015ལོའི་ཟླ4པར་ཕུལ་བྱུང་སྨན་པའི(ཀྲུང་ལུགས་གསོ་རིག)སློབ་གསོ་གསོ་སྦྱོང་འཆར་གཞི་སྒྱུར་བཅོས་ཚོད་ལྟའི་མཐོ་སློབ་ཏུ་བདམས།

2 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2019ལོའི་ཟླ9པའི་བར། སློབ་གྲྭར་ཞིབ་འཇུག་སློབ་མའི་སློབ་གླིང་དང་། སློབ་ཁྲིད་ཚན་པ21 རྒྱུན་མཐུད་སློབ་གསོའི་སློབ་གླིང་བཅས་བཙུགས་ཡོད་པ་དང་དངོས་གཞིའི་ཚན་ཁག་གི་ཆེད་ལས22བཙུགས་ཡོད།

2_1 རྐང་རྩེད་སྤོ་ལོའི་ལུས་རྩལ་སློབ་གླིང་།

ལུས་རྩལ་སྦྱོང་བརྡར།

2_2 ལུས་རྩལ་གསོ་རིག་དང་བདེ་ཐང་སློབ་གླིང་།

ཀྲུང་ལུགས་གསོ་རིག ལུས་རྩལ་གྱི་མི་ལུས་ཚན་རིག ལུས་གསོའི་གསོ་བཅོས་རིག་པ། ལུས་རྩལ་གྱི་ཁམས་གསོ་རིག་པ།

2_3 དྲག་རྩལ་སློབ་གླིང་།

དྲག་རྩལ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ། ལུས་རྩལ་སྦྱོང་བརྡར།

2_4 སྒྱུ་རྩལ་སློབ་གླིང་།

ཞབས་བྲོ་རིག་པ། ཞབས་བྲོ་འཁྲབ་སྟོན། རོལ་དབྱངས་འཁྲབ་སྟོན།

ལུས་རྩལ་སློབ་གསོ་སྦྱོང་བརྡར་སྡེ་ཁག་དང་པོ། སྡེ་ཁག་གཉིས། སྡེ་ཁག་གསུམ།

ལུས་རྩལ་སྦྱོང་བརྡར་དང་ལུས་རྩལ་སློབ་གསོ།

2_5 སྤྲོ་གསེང་ལུས་རྩལ་སྡེ་ཁག

སྤྲོ་གསེང་ལུས་རྩལ། སྤྱི་ཚོགས་ཀྱི་ལུས་རྩལ་ཁྲིད་སྟོན་དང་དོ་དམ། ཡུལ་སྐོར་དོ་དམ།

2_6 དཔལ་འབྱོར་དོ་དམ་སློབ་གླིང་།

ལུས་རྩལ་དཔལ་འབྱོར་དོ་དམ། དཔལ་འབྱོར་རིག་པ།

2_7 གསར་འགྱུར་དང་ཁྱབ་སྤེལ་སློབ་གླིང་།

གསར་འགྱུར་རིག་པ། རྒྱང་བསྒྲགས་གཙོ་སྐྱོང་དང་སྒྱུ་རྩལ། རླུང་འཕྲིན་བརྙན་འཕྲིན་གྱི་རྩོམ་སྒྲིག་འཁྲབ་ཁྲིད་བཅས།

3 ཕྱི་སྐད་སློབ་གླིང་།

དབྱིན་ཡིག

3_1 ལོ་རྒྱུས་རིག་གནས་སྡེ་ཁག

རིག་དངོས་དང་དངོས་མང་བཤམས་སྟོན་ཁང་རིག་པ།

4 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2019ལོའི་ཟླ9པའི་བར། སློབ་གྲྭར་འབུམ་རམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན1དང་། རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན4 རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་རིམ་པ་གཉིས་པའི་རིག་ཚན14བཅས་ཡོད། རབ་འབྱམས་པའི་ཆེད་ལས་ཡོན་གནས་སྤྲོད་དབང་ཡོད་པའི་གནས4ཡོད། སི་ཁྲོན་ཞིང་ཆེན་གྱི“རྩེ་གྲ་གཉིས་ལྡན”འཛུགས་སྐྲུན་རིག་ཚན2ཡོད་པ་རེད།

5 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2019ལོའི་ཟླ9པའི་བར། སློབ་གྲྭར་རིགས་ཁག་གི་ལས་ཐོག་དགེ་རྒན་དང་ལས་བཟོ་བ1200ལྷག་ཙམ་ཡོད་པའི་ནང་། ཆེད་བསྐོས་དགེ་རྒན600ལྷག་ཙམ་ཡོད་པ་དང་། མཐོ་རིམ་གོ་མིང་མི280ཙམ་ཡོད། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་རིག་ཚན་དཔྱད་ཞིབ་ཚོགས་ཆུང་གི་ཆེད་མཁས་དང་། སློབ་གསོ་པུའུ་ཡི་དུས་རབས་གསར་པའི་ཤེས་ལྡན་མི་སྣ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་རིག་གཞུང་དང་ལག་རྩལ་སྣེ་ཁྲིད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ཆེད་མཁས་པ། རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་ལུས་རྩལ་སློབ་ཁྲིད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་ལུས་རྩལ་རབ་འབྱམས་པའི་ཆེད་ལས་སློབ་གནས་སློབ་གསོ་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། སི་ཁྲོན་ཞིང་ཆེན་རིག་གཞུང་དང་ལག་རྩལ་སྣེ་ཁྲིད་པ། སི་ཁྲོན་ཞིང་ཆེན་གྱི་མངོན་གསལ་དོད་པའི་ཕུལ་བྱུང་ཆེད་མཁས་པ། སི་ཁྲོན་ཞིང་ཆེན་གྱི་སློབ་ཁྲིད་དགེ་རྒན་གྲགས་ཅན། སི་ཁྲོན་ཞིང་ཆེན་གྱི་ཀྲུང་ལུགས་གསོ་རིག་སྨན་པ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི“ཕུལ་བྱུང་དར་མའི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་བརྒྱ་ཡི་འཆར་གཞིའི་འོས་མི”སོགས་ཆེད་མཁས་པ་མི་ཐེངས112ཡོད། འབུམ་རམས་པའི་སློབ་དཔོན་མི49དང་། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་དགེ་རྒན་ཆེན་མོ་བ་དང་དགེ་རྒན་ཆེན་མོ་བ་གཅིག་ལྕོགས20ལྷག་ཙམ་ཡོད་པ་རེད།

6 སློབ་ཁྲིད་གྲུབ་འབྲས།

སྤྱི་ལོ2019ལོའི་ཟླ9པ་བར་སློབ་གྲྭར་རྒྱལ་ཁབ་རིམ་པའི་མཐོ་རིམ་སློབ་གསོའི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཨང་གཉིས་པ2ཐོབ་ཡོད། 2009ལོ་ནས2017ལོ་བར་ཞིང་ཆེན་དང་པུའུ་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ21ཐོབ་པ་དང་། དེའི་ནང་བྱ་དགའ་ཁག2དང་རིམ་པ་གཉིས་པའི་བྱ་དགའ་ཁག6ཡོད།

7 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2019ལོའི་ཟླ9པའི་བར། སློབ་གྲྭས2009ལོ་ནས་བཟུང་ཁྱོན་བསྡོམས་ཚན་ཞིབ་རྣམ་གྲངས1400ལྷག་གི་སྒྲུབ་འགན་འཁུར་བ་དང་། དེའི་ནང་རྒྱལ་ཁབ་རིམ་པའི་རྣམ་གྲངས62(དེའི་ནང་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་གལ་ཆེན1ཚུད)ཡོད། ཞིང་ཆེན་དང་པུའུ་རིམ་པའི་རྣམ་གྲངས300ལྷག་ཡོད། སི་ཁྲོན་ཞིང་ཆེན་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་ཨང་དང་པོ་ཚུད་པའི་ཞིང་ཆེན་དང་པུའུ་རིམ་པའི་ཚན་ཞིབ་བྱ་དགའ45ཐོབ་ཡོད།

8 རིག་གཞུང་དུས་དེབ།

《ཁྲེང་ཏུའུ་ལུས་རྩལ་སློབ་གླིང་གི་རིག་གཞུང་ཚགས་པར》ནི་རྒྱལ་ཁབ་ཕྱི་ནང་དུ་ཡོངས་བསྒྲགས་ངང་འགྲེམས་སྤེལ་བྱས་པའི་ལུས་རྩལ་རིགས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གཞུང་དུས་དེབ་ཅིག་རེད། རྒྱ་ཡིག་གི་ལྟེ་བའི་དུས་དེབ་དང་། རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཀྱི་མི་ཆོས་དང་སྤྱི་ཚོགས་ཚན་རིག་གི་ལྟེ་བའི་དུས་དེབ། CSSCIའབྱུང་ཁུངས་དུས་དེབ། ལུས་རྩལ་མི་ཆོས་དང་སྤྱི་ཚོགས་ཚན་རིག ལུས་རྩལ་འགྲན་བསྡུར་དང་སྦྱོང་བརྡར་རིག་པ། སློབ་གྲྭའི་ལུས་རྩལ་རིག་པ། ལུས་རྩལ་ལུས་ཕུང་ཚན་རིག་སོགས་ལེ་ཚན་ཡོད།

9 སྤེལ་རེས་དང་མཉམ་ལས།

སྤྱི་ལོ2019ལོའི་ཟླ9པའི་བར། སློབ་གྲྭས་ཨ་རི་དང་། དབྱིན་ཇི། ཨིར་ལན། ཏེན་མག ཨོ་སི་ཁྲུ་ལི་ཡ། ཐེ་ལན། ཤང་ཀང་དང་། ཨའོ་མོན། ཐའེ་ཝན་སོགས་རྒྱལ་ཁབ་དང་ས་ཁུལ20ཡི་སློབ་ཆེན་དང་དེ་བཞིན་ཚན་ཞིབ་སྒྲིག་གཞི30ལྷག་ཙམ་དང་སྤེལ་རེས་མཉམ་ལས་ཀྱི་འབྲེལ་བ་བཙུགས་པ་མ་ཟད། ཀྲུང་གོའི་ཕྱི་རྒྱལ་གྱི་སློབ་ཆེན་མང་པོ་དང“2+2”དང་། “3+1”“3+1+1” གི་ཤེས་རམས་པ་དང་རབ་འབྱམས་པའི་སློབ་གནས་ཡོད་པའི་མཉམ་འབྲེལ་གསོ་སྐྱོང་མ་ལག་བཙུགས་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-11-25

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།