ཀྲུའུ་ཞིའི་ཚོགས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུའུ་ཞིའི་ཚོགས་པ།
ཏང་གི་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པ་ནི་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་གཙོ་བོ་དག་གིས་གྲུབ་པའི་འགོ་ཁྲིད་ལས་ཁུངས་ལ་གོ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
党代表大会主席团
མིང་ཆ་ཚང་།
ཏང་གི་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པ།
1 ​ངོ་སྤྲོད།

ཏང་གི་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པ་ནི་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་གཙོ་བོ་དག་གིས་གྲུབ་པའི་འགོ་ཁྲིད་ལས་ཁུངས་ལ་གོ་ཞིང་། རིམ་པ་སོ་སོའི་ཏང་གི་རྩ་འཛུགས་ཀྱིས་ཏང་གི་འཐུས་མི་ཚོགས་ཆེན་བསྡུ་བའི་སྐབས་སུ། ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པ་འཛུགས་འོས། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚོགས་མི་རྣམས་རབས་སྔོན་མའི་ཨུ་ཡོན་ཚོགས་པ་དང་ཡང་ན་འཐུས་ཚབ་ཚོགས་པས་འོས་སྦྱོར་བྱས་རྗེས། ཚོགས་ཆེན་གྱི་འཐུས་མི་ཡོངས་ནས་གྲོས་བསྡུར་བྱས་ཏེ་མང་ཆེ་བའི་བསམ་ཚུལ་ལྟར་གཏན་ཁེལ་བྱས་ཟིན་པའི་མིང་ཐོ་སྤྲད་དེ། ཐ་མར་འཐུས་ཚོགས་ཀྱི་གྲ་སྒྲིག་ཚོགས་འདུའི་སྟེང་ཐག་གཅོད་དགོས། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་དམངས་གཙོ་གཅིག་སྡུས་ལམ་ལུགས་ལག་ཏུ་བསྟར་བ་ཡིན་ཏེ། ཚོགས་ཆེན་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེ་ཤོས་ཚང་མ་ཐག་གཅོད་པར་ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པ་ནས་ཐུན་མིང་གིས་གྲོས་བྱས་ཏེ་ཐག་གཅོད་ཀྱིན་ཡོད། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-11-12

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།