འཆག་གནོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཆག་གནོན།
ལས་གྲྭ་ཁ་ཤས་འཛུགས་སྐྲུན་བྱེད་སྐབས་དཔེར་ན་ལམ་གྱི་རྨང་གཞི་དང་ཆུ་རགས་རྒྱག་རྒྱུ། ཨར་ལས་རྒྱག་ས་སོགས་བསྐྱར་སྐོང་བྱེད་སྐབས། ས་ནི་རྒྱུན་པར་ཨར་ལས་ཀྱི་རྒྱུ་ཆ་ཡིན་མོད། ས་ལ་སྔོག་འདོན་དང་དབོར་འདྲེན། ཨར་འདམ་རྒྱོང་བ་བཅས་བྱས་རྗེས་སྔར་ཡོད་ཀྱི་གྲུབ་ཚུལ་དང་རྣམ་པ་ལ་འགྱུར་ལྡོག་བྱུང་བས་གལ་ཏེ་མིའི་ཐབས་ཀྱིས་འཆག་གནོན་མ་བྱས་ན་བར་གསེང་བཀྱེད་ནས་ཚགས་དམ་པོ་ཞིག་མིན་ལ། གནོན་འཁུམ་རང་བཞིན་མཐོ་ཞིང་གས་སླ་བས་ལས་གྲྭའི་དགོས་མཁོ་སྐོང་མི་ཐུབ། དེ་བས་ས་བླུགས་རྗེས་མར་འབྱིང་བའི་ཚད་ཇེ་ཉུང་དུ་གཏོང་ཆེད། བཟོ་སྐྲུན་ཁྲོད་ངེས་པར་ཚད་གཞི་ངེས་ཅན་ཞིག་གིས་བཙིར་གནོན་དང་སྲ་བརྟན་དུ་གཏོང་བ། འདར་འགུལ་སོགས་ཀྱི་ཐབས་ལ་བརྟེན་ནས་འཆག་གནོན་བྱེད་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
压实
དབྱིན་ཡིག་གི་མིང་།
compaction
མིང་གཞན།
གནོན་བཙིར།
དམིགས་ཡུལ།
ཚགས་དམ་པོ་ཡོང་ཆེད།
སྤྱོད་ཡུལ།
འཛུགས་སྐྲུན།
མཚན་གཞི།
ལམ་གྱི་རྨང་གཞིར་འཆག་གནོན་བྱེད་པ་ལྟ་བུ།
1 དོན་འགྲེལ།

ས་འཆག་གནོན་བྱེད་པ་ནི་མི་ཤུགས་སམ་འཕྲུལ་ཆས་ཀྱི་ཤུགས་ལ་བརྟེན་ནས་ས་རྡོག་ཕན་ཚུན་དམ་པོར་རྡུང་ནས་ས་གཞིའི་ཚགས་དམ་ཚད་ཇེ་ཆེར་གཏོང་བའི་ཨར་ལས་ལས་ཀ་ཞིག་ཡིན་ཞིང་། འཆག་གནོན་བྱ་བས་མཁའ་དབུགས་ས་ཕུང་ལས་ཕྱིར་བཏང་ནས་ས་ཕུང་གི་ཚགས་དམ་ཚད་དང་། ས་གཅག་པའི་ཚད་ཇེ་ཆེར་གཏོང་ཐུབ་པ་དང་། ས་ཕུང་གི་གནོན་འཁུམ་རང་བཞིན་ཇེ་ཉུང་དུ་བཏང་ནས། དེའི་སིམ་འགོག་རང་བཞིན་ཇེ་མཐོར་གཏོང་བ་མ་ཟད་ས་ལས་བཟོ་བཀོད་ཀྱི་སྙོམས་པའི་རང་བཞིན་ཇེ་ཆེར་གཏོང་ཐུབ།

2 རིགས་དབྱེ།

འཆག་གནོན་བྱེད་ཐབས་ལ་སྤྱིར་བཏང་དུ་སྒྲིལ་གནོན་དང་རྡོ་གནོན། འདར་གནོན་བཅས་གནོན་ཐབས་གསུམ་ཡོད།

3 ཤུགས་རྐྱེན།

སའི་འཆག་གནོན་གྱི་རྒྱུ་སྤུས་ནི་འཆག་གནོན་རྩོལ་བའི་ཤུགས་རྐྱེན་དང་ཆུ་འདུས་ཚད་ཀྱི་ཤུགས་རྐྱེན། ས་བརྡལ་བའི་མཐུག་ཉམས་ཀྱི་ཤུགས་རྐྱེན་བཅས་ལ་འབྲེལ་ཡོད། 

4 ཁྱད་ཆོས།

སའི་ཆུ་འདུས་ཚད་ཅུང་ཉུང་སྐབས། དེའི་སྐམ་པོའི་སྟུག་ཚད་ནི་ཆུ་འདུས་ཚད་འཕར་བ་དང་བསྟུན་ནས་ཇེ་ཆེར་འགྲོ་བ་དང་། སྐམ་པོའི་སྟུག་ཚད་དེ་ཚད་ངེས་ཅན་ཞིག་ལ་སླེབས་རྗེས། ཆུ་འདུས་ཚད་མུ་མཐུད་དུ་ཇེ་མང་དུ་སོང་བ་དང་བསྟུན་ནས་ཇེ་ཞན་ལ་འགྲོ། སྐམ་པའི་སྟུག་ཚད་ཀྱི་རྩེ་གྲ་ལ་རྡེག་གྲངས་འོག་གི་སྐམ་པའི་སྟུག་ཚད་ཆེས་ཆེ་བdmaxཟེར་ཞིང་། ཆེས་ཆེ་བའི་སྐམ་པའི་སྟུག་ཚད་དང་མཐུན་པའི་ཆེས་ལེགས་པའི་ཆུ་འདུས་ཚད་ལwopཟེར། འཆག་གནོན་ནུས་པ་ངེས་ཅན་ཞིག་གི་འོག་ཏུ་ཆེས་ལེགས་པའི་ཆུ་འདུས་ཚད་ཞིག་ཡོད་ན་ད་གཟོད་འབྲས་བཟང་ཐོབ་ཐུབ། ས་རྡོག་ནང་དུ་ཆུ་ཅུང་ཉུང་དུས་འདམ་ལ་འབྱར་ཤས་ཆུང་ལ། ཆུ་ནི་གཙོ་བོ་ཆུ་སྒྲིལ་ཤུགས་ཀྱི་རྣམ་པའི་ཐོག་ནས་གནས་པས། ས་རྡོག་ཕན་ཚུན་གྱི་གཙུབ་བརྡར་དང་འབྱར་ཤུགས་ཅུང་ཆེ་བས་སྒུལ་བར་དཀའ་ཁག་ཆེ། ཡང་ཆུ་འདུས་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས་གཙུབ་བརྡར་དང་འབྱར་ཤུགས་ཉུང་དུ་སོང་ནས་ལྟོས་འཇོག་གིས་སྟབས་བདེར་འགྲོ།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

གནོན་བཙིར། འཆག་གནོན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-27

གསར་སྤེལ་མཁན། :སེམས་ཀྱི་ལོ་མ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།