དྲ་རྒྱའི་བར་སྟོང་ལས་དབང་གཅིག་མཐུན་འདུས་གྲུབ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྲ་རྒྱའི་བར་སྟོང་ལས་དབང་གཅིག་མཐུན་འདུས་གྲུབ།
སྤྱི་ལོ2015ལོའི་ཟླ12པའི་ཚེས16ཉིན་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་སྐབས་གཉིས་པ་ཀྲེ་ཅང་ཞིང་ཆེན་ཝུའུ་ཀྲེན་དུ་འཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུའི་མཛད་སྒོར་ཕེབས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་བ་ལྟར་ན། དྲ་སྦྲེལ་ནི་མིའི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་ཡིན་པས། རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་དྲ་རྒྱའི་བར་སྟོང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་དགོས་པ་ནན་བཤད་བྱས། དྲ་རྒྱའི་བར་སྟོང་ཕན་ཚུན་སྦྲེལ་མཐུད་དང་མཉམ་སྤྱོད་མཉམ་བཅོས་ལ་སྐུལ་འདེད་བཏང་ནས་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་གཏོད་བྱེད་པར་རམ་འདེགས་བྱེད་དགོས་པར་འདོད་ཚུལ་ལྔ་བཏོན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
网络空间命运共同体
བཏོན་པའི་དུས་ཚོད།
སྤྱི་ལོ2015ལོའི་ཟླ12པའི་ཚེས16ཉིན།
འདོན་མཁན།
ཞི་ཅིན་ཕིང་།
བཏོན་པའི་ས་གནས།
ཀྲེ་ཅང་ཝུའུ་ཀྲེན།
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ2015ལོའི་ཟླ12པའི་ཚེས16ཉིན།  འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་སྐབས་གཉིས་པ་ཀྲེ་ཅང་ཞིང་ཆེན་ཝུའུ་ཀྲེན་དུ་འཚོགས།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཚོགས་འདུའུ་མཛད་སྒོར་ཕེབས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་སྟེ།   དྲ་སྦྲེལ་ནི་མིའི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་ཡིན་པས། རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་དྲ་རྒྱའི་བར་སྟོང་གི་ལས་དབང་གཅིག་པའི་ཚོགས་སྡེ་འཛུགས་དགོས་པ་ནན་བཤད་བྱས་ཏེ། དྲ་རྒྱའི་བར་སྟོང་ཕན་ཚུན་སྦྲེལ་མཐུད་དང་མཉམ་སྤྱོད་མཉམ་བཅོས་ལ་སྐུལ་འདེད་བཏང་ནས་སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུར་རམ་འདེགས་བྱེད་དགོས་པར་འདོད་ཚུལ་ལྔ་བཏོན།

སྤྱི་ལོ2016ལོའི་ཟླ11པའི་ཚེས16ཉིན་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་སྐབས་གསུམ་པ་ཀྲེ་ཅང་ཞིང་ཆེན་ཝུའུ་ཀྲེན་དུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་རྩོམ་མཛད་སྒོའི་སྟེང་བརྙན་རིས་བརྒྱུད་ནས་གསུང་བཤད་གནང་། ཁོང་གིས་དྲ་སྦྲེལ་འཕེལ་རྒྱས་ནི་རྒྱལ་མཚམས་དང་མཐའ་མཚམས་མེད་པ་ཞིག་རེད།   དྲ་སྦྲེལ་བེད་སྤྱོད་དང་འཕེལ་རྒྱས།  བཅོས་སྐྱོང་ཡག་པོ་བཅས་བྱེད་པར་ངེས་པར་དུ་དྲ་རྒྱའི་བར་སྟོང་ཀྱི་རྒྱལ་སྤྱིའི་མཉམ་ལས་ཇེ་ཟབ་ཏུ་བཏང་ནས་དྲ་རྒྱའི་བར་སྟོང་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས་ཞེས་བསྟན།

སྤྱི་ལོ2019ལོའི་ཟླ10བའི་ཚེས20ནས22ཉིན་བར།   འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་སྐབས་དྲུག་པ་ཀྲེ་ཅང་ཝུའུ་ཀྲེན་དུ་འཚོགས་ཤིང་།  ཚོགས་ཆེན་ཐོག“རིག་ནུས་དྲ་སྦྲེལ་གྱི་སྒོ་དབྱེ་མཉམ་ལས་ཏེ།   ལག་གདང་སྦྲེལ་ནས་དྲ་རྒྱའི་བར་སྟོང་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་སྐྲུན”ཞེས་པ་བརྗོད་དོན་གཙོ་བོར་བྱས།

2 བཞེད་ཚུལ་ལྔ།

1.  གོ་ལ་ཧྲིལ་བོའི་དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཕན་ཚུན་འབྲེལ་མཐུད་ཡོང་བར་སྐུལ་འདེད་གཏོང་དགོས།

2.  དྲ་ཐོག་རིག་གནས་སྤེལ་རེས་མཉམ་སྤྱོད་སྟེགས་བུ་བཏོད་དེ།   ཕན་ཚུན་སྤེལ་རེས་ལ་སྐུལ་འདེད་གཏོང་དགོས།

3.  དྲ་རྒྱའི་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཐུན་མོང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

4.  དྲ་རྒྱའི་བདེ་འཇགས་འགན་ལེན་བྱས་ནས་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

5.  དྲ་སྦྲེལ་བཅོས་སྐྱོང་མ་ལག་བཙུགས་ནས་དྲང་སྙོམས་དྲང་བདེན་ལ་སྐུལ་འདེད་གཏོང་དགོས།

3 གཞི་རྩའི་འདུ་ཤེས།

1.  དྲ་བའི་བདག་དབང་ལ་བརྩི་འཇོག་དང་། ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་། སྒོ་འབྱེད་དང་མཉམ་ལས་ལ་སྐུལ་འདེད།   སྒྲིག་ལམ་བཟང་པོ་འཛུགས་དགོས།

2.  དྲ་རྒྱའི་བདག་དབང་ལ་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས་དང་། རྒྱལ་ཁབ་ཁག་གིས་དྲ་རྒྱའི་འཕེལ་རྒྱས་ཀྱི་བགྲོད་ལམ་དང་། དྲ་རྒྱའི་དོ་དམ་རྣམ་པ། དྲ་སྦྲེལ་སྤྱིའི་སྲིད་ཇུས་འདྲ་མཉམ་ངང་རྒྱལ་སྤྱིའི་དྲ་རྒྱའི་བར་སྟོང་བཅོས་སྐྱོང་ནང་ཞུགས་པའི་དབང་ཆར་བརྩི་འཇོག་བྱེད་དགོས།

3.  ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་དང་།  དྲ་རྒྱའི་བར་སྟོང་དེ་རྒྱལ་ཁབ་ཁག་གི་སྟོབས་ཤུགས་འགྲན་སའི་གཡུལ་སར་འགྱུར་མི་རུང་བར། ཁྲིམས་འགལ་ཉེས་གསོག་གི་དྲོད་ཁང་ལྟ་བུར་དེ་བས་འགྱུར་མི་རུང་བ་དང་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་བྱེད་པར་ཚད་གཞི་གཉིས་བརྩེགས་ཡོད་མི་རུང་།

4.  སྒོ་འབྱེད་མཉམ་ལས་ལ་སྐུལ་སྤེལ་གཏོང་རྒྱུ་མཐའ་འཁྱོངས་དང་།  ཁེ་ཕན་གྱི་མཐུན་ས་དང་།  མཉམ་ལས་འཕར་ས།  མཉམ་རྒྱལ་བཅས་སྔར་ལས་མང་བ་བསྐྲུན་དགོས།  དྲ་རྒྱའི་བར་སྟོང་སུ་ཕན་ཚུན་ལེགས་ཆ་གསབ་རེས་དང་ཐུན་མོང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་དང་དམངས་རྣམས་ཆ་འཕྲིན་དུས་རབས་ཀྱི་མྱུར་བགྲོད་རླངས་འཁོར་ནང་སྡོད་དུ་འཇུག་པ་དང་དྲ་སྦྲེལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དགོས།

5.  སྒྲིག་ལམ་བཟང་པོ་འཛུགས་པ་རྒྱུན་འཁྱོངས་བྱས་ཏེ།  དྲ་རྒྱར་བཅོས་སྐྱོང་དང་།  ཁྲིམས་ལྟར་དྲ་བ་གཉེར་བ། ཁྲིམས་ལྟར་དྲ་བར་ཞུགས་པའི་དུས་མཚུངས་སུ་དྲ་རྒྱའི་མི་ཆོས་དང་དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཀུན་སྤྱོད་སློབ་གསོའི་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་དགོས།




དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-26

གསར་སྤེལ་མཁན། :རྡོར་འཚོ།890

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།