པེ་ཅིང་གི་རུལ་སུངས་ལ་རྒོལ་བའི་བསྒྲགས་གཏམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པེ་ཅིང་གི་རུལ་སུངས་ལ་རྒོལ་བའི་བསྒྲགས་གཏམ།
པེ་ཅིང་གི་རུལ་སུངས་ལ་རྒོལ་བའི་བསྒྲགས་གཏམ་ནི་སྤྱི་ལོ2014ལོའིAPECཡི་པུའུ་ཀྲང་རིམ་པའི་ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཉམ་ལས་བསྒྲགས་གཏམ་ཞིག་ཡིན་པ་དང་། དེ་དང་འབྲེལAPECཡི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཁྲིམས་འཛིན་མཉམ་ལས་དྲ་རྒྱ་བཙུགས་ཤིང་། དམིགས་ཡུལ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་རྒྱལ་ཁབ་ཁག་དང་བྲོས་འདེད་དངུལ་འདེད་སོགས་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་ལག་གདང་སྦྲེལ་ནས་རྒྱལ་མཚམས་སྒྲོལ་བའི་རུལ་སུངས་བྱེད་སྤྱོད་ལ་རྡུང་རྡེག་གཏོང་རྒྱུ་དེ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
北京反腐败宣言
དུས་ཚོད།
སྤྱི་ལོ2014ལོའི་ཟླ11པའི་ཚེས8ཉིན།
ཕྱི་ཡིག་གི་མིང་།
the Beijing Declaration on Fighting Corruption
གྲོས་ཚོགས།
སྤྱི་ལོ2014ལོའིAPECཡི་པུའུ་ཀྲང་རིམ་པའི་ཚོགས་འདུ།
ས་གནས།
པེ་ཅིང་།
1 རྒྱབ་ལྗོངས།

སྤྱི་ལོ2014ལོའི་ཟླ7ཚེས22ཉིན་སྤྱི་བདེ་པུའུ་ཡིས་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་ཉིན་དེ་ནས་ལོ་མཇུག་བར། “ཝ་རྔོན་2014ལོའི”ཕྱི་རྒྱལ་དུ་བྲོས་བྱོལ་དུ་སོང་བའི་དཔལ་འབྱོར་ཉེས་གསོག་དོགས་ཅན་འཛིན་བཟུང་གི་ཆེད་དོན་འགུལ་སྐྱོད་གཅིག་སྡུད་ཐོག་སྤེལ་དགོས་པའི་བཀོད་སྒྲིག་བྱས།

སྤྱི་ལོ2014ལོའིAPECཚོགས་འདུ་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་གྲོས་འགོ་བཏོན་པའི་ཚོགས་འདུ་ཞིག་ཡིན་ལ།  སྤྱི་ལོ2001ལོར་ཧྲང་ཧའེ་རུ་འཚོགས་རྗེས་ཀྱི་ལོ13སོང་རྗེས་ཡང་བསྐྱར་ཀྲུང་གོར་འཚོགས་པ་ཡིན། ཟླ11པའི་ཟླ་དཀྱིལ་དུ་པེ་ཅིང་དུ་འཚོགས་པའི་ཁྲོད་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་དང་། པུའུ་ཀྲང་རིམ་པའི་ཚོགས་འདུ། མཐོ་རིམ་དཔོན་རིགས་ཚོགས་འདུ་སོགས་ཀྱི་ཚོགས་འདུ་རབས་དང་རིམ་པ་ཚུད་ཡོད།

2  བསྒྲགས་གཏམ་ཁྱབ་བསྒྲགས།

སྤྱི་ལོ2014ལོའི་ཟླ11ཚེས8ཉིནAPECཡི་པུའུ་ཀྲང་རིམ་པའི་ཚོགས་འདུ་པེ་ཅིང་དུ་མཇུག་བསྒྲིལ། པུའུ་ཀྲང་ཝང་དབྱི་ཡིས་ཚོགས་ཐོག་ཏུ《པེ་ཅིང་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་བ་ཁྱབ་བསྒྲགས་བྱས་ཤིང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་བྲོས་བྱོལ་རྗེས་སྙེག་དང་བརྐུས་ནོར་ཚུར་ལེན་གྱི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། རུལ་སུངས་ལ་མཉམ་དུ་རྡུང་རྡེག་གཏོང་བ་བཅས་བྱེད་དགོས་པ་བསྟན།

3 ཁྲིམས་འཛིན་མཉམ་ལས།

སྤྱི་ལོ2014ལོའི་ཟླ11ཚེས8ཉིན་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱིས་བཤད་དོན། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས(APEC)སྐབས26པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐོག《པེ་ཅིན་གྱི་རུལ་རྒོལ་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་བ་དང་། APECརུལ་རྒོལ་ཁྲིམས་འཛིན་མཉམ་ལས་དྲ་བ་བཙུགས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་དུ་བྲོས་འདེད་དངུལ་འདེད་སོགས་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ལག་གདང་སྦྲེལ་ནས་རྒྱལ་མཚམས་སྒྲོལ་བའི་རུལ་སུངས་བྱེད་སྤྱོད་ལ་རྡུང་རྡེག་བཏང་ཡོད།

ཕྱི་བྱོལ་དམིགས་ས་ཁག་ཅིག་ནི“ཉེས་གཡོལ་གནས་མཆོག”མིན།

རྒྱལ་མཚམས་ལས་བརྒལ་བའི་བྲོས་འདེད་དངུལ་འདེད་ནི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་རེད། སྤྱི་ལོ2014ལོའི་ཟླ7པ་ནས་བཟུང་ཀྲུང་གོས“ཝ་རྔོན་འགུལ་སྐྱོད”སྤེལ་བ་དང་། སྤྱི་ལོ2014ལོའི་ཟླ10ཚེས29ཉིན་བར་རྒྱལ་ཁབ་དང་ས་ཁུལ40ལྷག་ཙམ་ནས་བྲོས་བྱོལ་དུ་སོང་བའི་དཔལ་འབྱོར་ཉེས་གསོག་དོགས་ཅན180འཛིན་བཟུང་བྱས་ཡོད། དེའི་ནང་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་ཆིག་སྟོང་ཡན་ཟིན་པའི་མི44འདུས་ལ། འཛིན་བཟུང་གྲངས་འབོར་ན་ནིང་ལོ་ཧྲིལ་པོའི་བསྡོམས་འབོར་ལས་བརྒལ་ཡོད་པ་རེད། འོན་ཀྱང་། ཕྱི་རྒྱལ་དུ་བྲོས་བྱོལ་དུ་སོང་བའི་ཉེས་གསོག་དོགས་ཡོད་ཉེས་ཅན་མི་ཉུང་བ་ཞིག་སྔར་བཞིན་ཁྲིམས་འོག་ཏུ་མ་ཚུད་པ་དང་དེ་ལས་རྒྱལ་ཁབ་ཁག་ཅིག་ནི་ཕྱི་བྱོལ་མི་སྣའི་དམིགས་ས་གཙོ་བོ་ཡིན་པ་རེད། ཆེད་མཁས་པའི་དཔྱད་བརྗོད། 《པེ་ཅིང་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བསྒྲགས་གཏམ》སྤེལ་བ་ནི་ཀྲུང་གོར་མཚོན་ན་གཏམ་བཟང་ཞིག་ཡིན་པ་མ་ཟད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་འབྲེལ་ཡོད་ཕྱོགས་ཁག་ལའང་ཕན་ཐོགས་ཡོད།

རྒྱལ་སྒྲོལ་འཛིན་བཟུང་གི་ལས་ཕྱོད་ཆེ་རུ་འགྲོ་བར་རེ་བ་ཡོད།

རྒྱལ་ཁོངས་ལས་བརྒལ་བའི་མཉམ་འབྲེལ་རུལ་སུངས་ལ་ངོ་རྒོལ་བྱེད་པ་ནི་རྙོག་འཛིང་ཆེ་བའི་ལས་ཀ་ཞིག་ཡིན་པས། གཅིག་སྡུད་གཅིག་གྱུར་དང་། ཕན་ནུས་ཆེ་ལ་བདེ་བླག་གི་མཐུན་སྦྱོར་འཁོར་སྐྱོད་ལམ་སྲོལ་འཛུགས་དགོས། གསར་འགོད་པས་ལྟ་ཞིབ་པུའུ་རྒྱལ་སྤྱིའི་མཉམ་ལས་ཅུའུ་ནསAPECརུལ་སུངས་ལ་ངོ་རྒོལ་བྱེད་པའི་ཁྲིམས་འཛིན་མཉམ་ལས་དྲ་རྒྱ(ACT-NET)དངོས་སུ་སྤྱོད་འགོ་ཚུགས་པ་དང་དེའི་དྲུང་ཡིག་ཁྲུའུ་ཀྲུང་གོར་བཙུགས་ཡོད་ལ། ཀྲུང་གོས་སྤྱི་ལོ2014ལོའི་རེས་སྐོར་ཀྲུའུ་ཞིའི་འགན་འཁུར་རྒྱུ་དང་། ཀྲུང་གོའི་ལྟ་ཞིབ་པུའུ་ཡིསAPECརུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ཚོགས་ཆུང་གི་ཀྲུའུ་ཞིའི་འགན་འཁུར་རྒྱུ་ཡིན་པ་ཤེས་རྟོགས་བྱུང་།

སྤྱི་བདེ་པུའུ་མྱུལ་ཞིབ་ཅུའུ་ཡི་གྱོད་སྒྲུབ་མི་སྣ་ཁག་གཅིག་གིས་འབྲེལ་ཡོད་ཁྲིམས་འཛིན་ལམ་ལུགས་ཀྱི་ཁྱད་པར་དང་ཕྱི་རྒྱལ་གྱི་ཆ་འཕྲིན་གསང་འཕྲིན་དཀོན་པའི་རྐྱེན་གྱིས། དམིགས་ཚད་གཏན་འཁེལ་བྱེད་པ་ནས་རྒྱལ་ཁོངས་ལས་བརྒལ་བའི་འཛིན་བཟུང་ལག་བསྟར་བྱེད་པའི་བར། མི་ཤུགས་དང་དུས་ཚོད། མ་དངུལ་བཅས་ཀྱི་ཟད་གྲོན་ཆེ། 《པེ་ཅིང་གི་རུལ་རྒོལ་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་བ་ལས་ཆ་འཕྲིན་མཉམ་སྤྱོད་དང་ཁྲིམས་འཛིན་ལས་ཁུངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པས། འབྲེལ་གཏུག་མ་གནས་ཉུང་དུ་བཏང་ནས་འཛིན་བཟུང་གི་མྱུར་ཚད་མཐོ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་བཤད།

རྒྱལ་མཚམས་སྒྲོལ་ནས་བརྐུས་དངོས་ཚུར་ལེན་བྱ་རྒྱུ་དེ་བས་སྟབས་བདེ་རུ་འགྲོ་རྒྱུ་ཡིན་པ།

ཕྱི་རྒྱལ་དུ་བྲོས་པའི་དཔོན་ངན་ལ་རྡུང་རྡེག་བཏང་ནས་དེའི་ཁྲིམས་འགལ་གྱི་ཐོབ་ཆ་གཏན་འཁེལ་བྱ་རྒྱུ་ནི་སྔར་ནས་བཟུང་གཙོ་གནད་དང་དཀའ་གནད་ཅིག་རེད། APECཡི་ཁྲིམས་འཛིན་མཉམ་ལས་དྲ་རྒྱ་བརྒྱུད་དཔལ་འབྱོར་སྒྲིག་གཞི་ཁག་གིས་རྒྱུ་ནོར་ཕྱིར་སློག་ཐད་ཀྱི་མཉམ་ལས་མཐུན་སྦྱོར་ངང་སྤེལ་ཆོག ཆེད་མཁས་པས་རྒྱུ་ནོར་ཕྱིར་སློག་སོགས་འབྲེལ་ཡོད་ནང་དོན་གྱི་མཉམ་ལས་དེ་ཁོངས་མིའི་རྒྱལ་ཁབ་ཁག་གི་ཁྲིམས་འཛིན་སྡེ་ཚན་གྱི་ལམ་ལུགས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཕྱོགས་གཉིས་པོའི་བརྐུས་ནོར་ཚུར་ལེན་གྱི་ཧུར་བརྩོན་རང་བཞིན་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་ལ། མི་རྒྱུ་གཉིས་ཀ་ཕྱིར་ལོན་པའི་ཚད་ཇེ་མཐོར་སོང་ཞེས་བཤད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-22

གསར་སྤེལ་མཁན། :ཀླུ་བྷklumtso

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།