ཧོ་ནན་ཁྲིམས་འཛིན་ཉེན་རྟོག་ལས་རིགས་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧོ་ནན་ཁྲིམས་འཛིན་ཉེན་རྟོག་ལས་རིགས་སློབ་གླིང་།
ཧོ་ནན་ཁྲིམས་འཛིན་ཉེན་རྟོག་ལས་རིགས་སློབ་གླིང་ནི་ཧོ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་དང་སློབ་གསོ་པུའུ་ཡིས་ཐོ་འགོད་བྱས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་དཀྱུས་མ་ཞིག་ཡིན། ཧོ་ནན་ཞིང་ཆེན་གྱི་ཕུལ་བྱུང་བཅའ་ཁྲིམས་འཇོན་མི་ཁག་གཉིས་པའི་སློབ་གསོ་གསོ་སྦྱོང་རྟེན་གཞི་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
河南司法警官职业学院
དབྱིན་ཡིག་གི་མིང་།
Henan Justice Police Vocational College
བཙུགས་ལོ།
སྤྱི་ལོ1984ལོར་བཙུགས།
སློབ་གྲྭའི་རིགས་དབྱེ།
སྲིད་ཁྲིམས་རིགས།
སློབ་སྒྲུབ་ངོ་བོ།
གཞུང་གཉེར་སློབ་ཆེན།
སློབ་གྲྭའི་ཁྱད་ཆོས།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་དཀྱུས་མ།
གཞུང་ཕྱོགས་དྲ་གནས།
http://www.hnsfjy.net
སློབ་གྲྭའི་ཚབ་ཨང་།
12781
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
བཙོན་ཁང་དོ་དམ་སྡེ་ཁག་དང་། བཅའ་ཁྲིམས་སྡེ་ཁག ཆ་འཕྲིན་ལག་རྩལ་སྡེ་ཁག ཉེན་རྟོག་རིག་པའི་སྡེ་ཁག ཁྲིམས་འཛིན་སྲིད་འཛིན་དོ་དམ་སྡེ་ཁག་སོགས་ཡོད།
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1984ལོའི་ཟླ5བར། ཧོ་ནན་ཞིང་ཆེན་ངལ་རྩོལ་བསྒྱུར་བཀོད་ངལ་རྩོལ་སློབ་གསོ་བྱ་བའི་ལས་བྱེད་སློབ་གྲྭ་བཙུགས།

སྤྱི་ལོ1986ལོའི་ཟླ12པར། ཧོ་ནན་ཞིང་ཆེན་ངལ་རྩོལ་བསྒྱུར་བཀོད་ངལ་རྩོལ་སློབ་གསོ་བྱ་བའི་ལས་བྱེད་སློབ་གྲྭའི་མིང་ལ་ཧོ་ནན་ཞིང་ཆེན་ངལ་རྩོལ་བསྒྱུར་བཀོད་ཉེན་རྟོག་སློབ་གྲྭ་ཞེས་བསྒྱུར།     

སྤྱི་ལོ1992ལོའི་ཟླ10བར། ཧོ་ནན་ཞིང་ཆེན་ངལ་རྩོལ་བསྒྱུར་བཀོད་ཉེན་རྟོག་སློབ་གྲྭའི་མིང་ལ་ཧོ་ནན་ཞིང་ཆེན་ཁྲིམས་འཛིན་ཉེན་རྟོག་སློབ་གྲྭ་ཞེས་བསྒྱུར།

སྤྱི་ལོ1997ལོའི་ཟླ11པར། ཧོ་ནན་ཞིང་ཆེན་ཁྲིམས་འཛིན་ཉེན་རྟོག་སློབ་གྲྭར་ཧོ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་དང་པུའུ་རིམ་པའི་གཙོ་གནད་འབྲིང་རིམ་ཆེད་ལས་སློབ་གྲྭ་དཀྱུས་མའི་ཆོག་མཆན་བཀོད།

སྤྱི་ལོ1998ལོའི་ཟླ5བར། ཧོ་ནན་ཞིང་ཆེན་ཁྲིམས་འཛིན་ཉེན་རྟོག་སློབ་གྲྭ་ཁྲིམས་འཛིན་པུའུ་ཡིས་ཁྲིམས་འཛིན་པུའུ་ཡི་པུའུ་རིམ་པའི་གཙོ་གནད་འབྲིང་རིམ་ཆེད་ལས་སློབ་གྲྭ་རུ་གཏན་འཁེལ་བྱས།

སྤྱི་ལོ2000ལོའི་ཟླ་5བར་ཧོ་ནན་ཞིང་ཆེན་ཁྲིམས་འཛིན་ཉེན་རྟོག་སློབ་གྲྭ་དེ་སློབ་གསོ་པུའུ་ཡིས་རྒྱལ་ཁབ་རིམ་པའི་གཙོ་གནད་འབྲིང་རིམ་ཆེད་ལས་སུ་གཏན་འཁེལ་བྱས་པ་རེད།

སྤྱི་ལོ2000ལོའི་ཟླ6པར་ཁྲིམས་འཛིན་པུའུ་ཡིས་ཧོ་ནན་ཞིང་ཆེན་ཁྲིམས་འཛིན་ཉེན་རྟོག་སློབ་གྲྭ་དེ་རྒྱལ་ཡོངས་ཁྲིམས་འཛིན་ཉེན་རྟོག་དཔོན་སློབ་གླིང་གི་གཙོ་གནད་འཛུགས་སྐྲུན་འཆར་འགོད་ནང་བདམས།

སྤྱི་ལོ2001ལོའི་ཟླ4བར། ཧོ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་བརྒྱུད། ཧོ་ནན་ཞིང་ཆེན་ཁྲིམས་འཛིན་ཉེན་རྟོག་སློབ་གྲྭ་ཧོ་ནན་ཁྲིམས་འཛིན་ཉེན་རྟོག་ལས་རིགས་སློབ་གླིང་དུ་རིམ་འཕར་བྱས།

སྤྱི་ལོ2010ལོའི་ཟླ8པར། ཧོ་ནན་ཁྲིམས་འཛིན་ཉེན་རྟོག་ལས་རིགས་སློབ་གླིང་ཁྲིམས་འཛིན་པུའུ་ཡིས་ཁག་དང་པོའི་རྒྱལ་ཡོངས་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་བསྡུ་ལེན་གསོ་སྦྱོང་སྒྲིག་གཞི་སྒྱུར་བཅོས་ཚོད་ལྟའི་སློབ་གླིང་དུ་གཏན་འཁེལ་བྱས།

སྤྱི་ལོ2015ལོའི་ཟླ3པར་ཧོ་ནན་ཁྲིམས་འཛིན་ཉེན་རྟོག་ལས་རིགས་སློབ་གླིང་ལ་ཀྲུང་གུང་ཧོ་ནན་ཞིང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་། ཧོ་ནན་ཞིང་ཆེན་སློབ་གསོ་ཐིང་། ཧོ་ནན་ཞིང་ཆེན་ཁྲིམས་འཛིན་ཐིང་བཅས་ཀྱིས་ཧོ་ནན་ཞིང་ཆེན་གྱི་ཕུལ་བྱུང་བཅའ་ཁྲིམས་འཇོན་མི་ཁག་གཉིས་པའི་སློབ་གསོ་གསོ་སྐྱོང་རྟེན་གཞིར་བདམས།

2 སློབ་སྒྲུབ་ཆ་རྐྱེན།
2_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2015ལོའི་ཟླ12བར་སློབ་གླིང་དུ་སློབ་ཁྲིད་སྡེ་ཁག5དང་ཆེད་སྦྱོང་ཆེད་ལས18བཙུགས་ཡོད།

2_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2015ལོའི་ཟླ12པའི་བར། སློབ་གླིང་དུ་ཆེད་བསྐོས་དགེ་རྒན229ཡོད་པ་དང་། དེའི་ནང་དགེ་རྒན་ཆེན་མོ14 དགེ་རྒན་ཆེན་མོ་གཞོན་པ57 ཚོད་ལྟའི་དངོས་སྦྱོང་དགེ་རྒན45 “ཉིས་འཇོན་རྣམ་པ”ཡི་དགེ་རྒན57 འབུམ་རམས་པའི་བསླབ་གནས་ཡོད་པའི་དགེ་རྒན5 རབ་འབྱམས་པའི་བསླབ་གནས་ཡོད་པའི་དགེ་རྒན95 ཧོ་ནན་ཞིང་ཆེན་སློབ་གསོ་ཐིང་གི་རིག་གཞུང་ལག་རྩལ་སྣེ་ཁྲིད་པ12 རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་དང་ཧོ་ནན་ཞིང་ཆེན་གྱི་ཕུལ་བྱུང་དགེ་རྒན6 རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ལོངས་སུ་སྤྱོད་མཁན1བཅས་ཡོད།

ཧོ་ནན་ཞིང་ཆེན་སློབ་གསོ་ཐིང་གི་རིག་གཞུང་ལག་རྩལ་སྣེ་ཁྲིད་པ། སུན་ཧུང་ཡན་དང་། དབྱིན་ཡའོ། ཀྲང་ཧོའེ་ཀྲུང་། ཝེ་ཧྥང་། ཝང་ཧུའེ་ལིན། ཁྲེན་ལེན་ཞིས་སོགས།     ཧོ་ནན་ཞིང་ཆེན་གྱི་ཕུལ་བྱུང་དགེ་རྒན། ལན་ཁྲུན་ལེའང་དང་ལིའུ་ཧྲེན་ཧུའེ་སོགས།

2_3 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2015ལོའི་ཟླ12པའི་བར། སློབ་གླིང་ལ་ཀྲུང་དབྱང་ནོར་སྲིད་ཀྱིས་འཛུགས་སྐྲུན་རྒྱབ་སྐྱོར་བྱེད་པའི་གཙོ་གནད་ཆེད་ལས2དང་། ཧོ་ནན་ཞིང་ཆེན་གྱི་སློབ་ཁྲིད་སྒྱུར་བཅོས་ཚོད་ལྟའི་ཆེད་ལས1 རྒྱལ་ཁབ་ཀྱི་ཐོན་ཁུངས་མཉམ་སྤྱོད་སློབ་ཚན1 ཧོ་ནན་ཞིང་ཆེན་གྱི་སྤུས་ལེགས་སློབ་ཚན1 ཁྲིམས་འཛིན་པུའུ་ཡི་པུའུ་རིམ་པའི་སྤུས་ལེགས་སློབ་ཚན1 ཧོ་ནན་ཞིང་ཆེན་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་གཞུང་ལུགས་ཀྱི་ཕུལ་བྱུང་སློབ་ཚན1 ཞིང་ཆེན་རིམ་པའི་དཔེ་སྟོན་རང་བཞིན་གྱི་ལས་རིགས་སློབ་གསོའི་དངོས་སྦྱོང་རྟེན་གཞི1བཅས་ཡོད།

ཀྲུང་དབྱང་ནོར་སྲིད་ཀྱིས་འཛུགས་སྐྲུན་རྒྱབ་སྐྱོར་བྱེད་པའི་གཙོ་གནད་ཆེད་ལས། ཉེས་དོན་ལག་བསྟར། བཅའ་ཁྲིམས་ལས་དོན།

ཁྲིམས་འཛིན་པུའུ་ཡི་པུའུ་རིམ་པའི་སྤུས་ལེགས་བསླབ་ཚན། 《སྡེ་ཁུལ་གྱི་ཡོ་བསྲང་ལས་དོན》

ཧོ་ནན་ཞིང་ཆེན་གྱི་སློབ་ཁྲིད་སྒྱུར་བཅོས་ཚོད་ལྟའི་ཆེད་ལས། ཉེས་དོན་ལག་བསྟར།

ཧོ་ནན་ཞིང་ཆེན་གྱི་དཔེ་སྟོན་རང་བཞིན་གྱི་ལས་རིགས་སློབ་གསོའི་དངོས་སྦྱོང་རྟེན་གཞི། བཅའ་ཁྲིམས་ལས་དོན་ཆེད་ལས་དངོས་སྦྱོང་རྟེན་གཞི།

ཧོ་ནན་ཞིང་ཆེན་གྱི་སྤུས་ལེགས་སློབ་ཚན། 《ཚོང་ཁྲིམས་ཀྱི་རྩ་བའི་རིགས་པ་དང་ལས་དོན》

3 རིག་གཞུང་ཞིབ་འཇུག
3_1 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2015ལོའི་ཟླ12པའི་བར་སློབ་གླིང་གི་དགེ་རྒན་གྱིས་ཆེད་རྩོམ19པར་སྐྲུན་བྱས་པ་དང་། རིག་གཞུང་དཔྱད་རྩོམ་རིགས700ལྷག་སྤེལ་བའི་ནང་བྱ་དགའ་ཐོབ་པའི་དཔྱད་རྩོམ120ཡོད། ཚན་ཞིབ་ཞིབ་འཇུག་དཔྱད་གཞི་རིགས11ལེགས་འགྲུབ་བྱུང་བ་དང་། ས་ཁུལ་དང་ཐིང་རིམ་པ་ཡན་གྱི་ཚན་ཞིབ་གྲུབ་འབྲས120བླངས་ཡོད། ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་ཚན་ཞིང་གྲུབ་འབྲས90ཡོད།

3_2 རིག་གཞུང་ཐོན་ཁུངས།

སྤྱི་ལོ2015ལོའི་ཟླ12པའི་བར་སློབ་གླིང་དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི48ཉར་ཚགས་བྱས་ཡོད།

3_3 རིག་གཞུང་དུས་དེབ།

སློབ་གྲྭའི《ཧོ་ནན་ཁྲིམས་འཛིན་ཉེན་རྟོག་ལས་རིགས་སློབ་གླིང་གི་རིག་གཞུང་ཚགས་པར》ནི་སྤྱི་ལོ2003ལོར་གསར་དུ་བཏོན་པ་དང་། ཧོ་ནན་ཁྲིམས་འཛིན་ཉེན་རྟོག་ལས་རིགས་སློབ་གླིང་གིས་གཙོ་གཉེར་བྱེད་པའི་རིག་གཞུང་དུས་དེབ་ཅིག་ཡིན།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-23

གསར་སྤེལ་མཁན། :ལྷ་དབང་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།