འགན་ལེན་བཞི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འགན་ལེན་བཞི།
འགན་ལེན་བཞི་ནི་ཀྲུང་གུང་ཧྲང་ཧའེ་གྲོང་ཨུས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བར་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པའི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་ཐེངས་བཞི་པ་འཚོགས་ནས་ཕྱོགས་སྡོམ་བྱས་པའི་ནང་དོན་ཞིག་རེད། འགན་ལེན་བཞི་ཡི་ནང་དོན་ནི་དཔལ་འབྱོར་བརྟན་འཇགས་ངང་འཕེལ་རྒྱས་ཅུང་མགྱོགས་པོ་ཡོང་བར་ཁག་ཐེག་བྱ་དགོས་པ་དང་། དམངས་འཚོ་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན། འཛམ་གླིང་དངོས་མང་སྟོན་འཚོགས་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་འགན་ལེན་བྱེད་དགོས་པ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
四个确保
ཁོངས་གཏོགས་བྱེད་སྒོ།
ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པའི་བྱེད་སྒོ།
དཀར་ཆག

སྤྱི་ལོ2009ལོའི་ཟླ2པའི་ཚེས26ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཧྲང་ཧའེ་གྲོང་ཁྱེར་ཨུ་ལྷན་གྱིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པའི་བྱེད་སྒོའི་འགོ་ཁྲིད་ཚོ་ཆུང་གིས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཏེ། སློབ་སྦྱོང་དང་ལག་ལེན་བྱེད་སྒོ་ཁག་དང་པོ་ལག་བསྟར་བྱས་ཚུལ་ཕྱོགས་བསྡོམས་བྱས། སློབ་སྦྱོང་དང་ལག་ལེན་དངོས་ཀྱི་བྱེད་སྒོ་ཁག་གཉིས་པ་སྤེལ་རྒྱུའི་ལག་བསྟར་ཇུས་གཞིར་ཞིབ་འཇུག་བྱ་དགོས། ཨུ་ཡོན་དང་། གྲོང་ཨུའི་ཧྲུའུ་ཅི། གྲོང་ཨུའི་ཧྲུའུ་ཅི་བཅས་ཀྱིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པའི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཡུས་ཀྲེང་ཧྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་སློབ་སྦྱོང་དང་ལག་ལེན་བྱེད་སྒོ་ཁག་གཉིས་པ་དེ“འགན་ལེན་བཞི”ལ་དམ་པོར་དམིགས་དགོས་པ་དང་། ལག་ལེན་གྱི་ཁྱད་ཆོས་མཚོན་དགོས་ན། བསམ་བློ་བཅིངས་འགྲོལ་དང་། གནད་དོན་དབྱེ་ཞིབ། བྱེད་ཐབས་དོན་འཁྱོལ་བཅས་ཀྱི་ཐད་འབད་བརྩོན་བྱ་དགོས། མང་ཚོགས་ཀྱི་དཀའ་ངལ་དང་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱེད་པར་ཤུགས་རྒྱག་དགོས་པ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་དག་ཐེར་ཡོ་བསྲང་གི་ཇུས་གཞི་ཆགས་པར་བྱ་དགོས། ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ་དང་ལས་ཀའི་ཆུ་ཚད་མཐོ་རུ་བཏང་ནས་མང་ཚོགས་ལ་ཞབས་འདེགས་ལེགས་པ་ཞུ་དགོས་ཞེས་བསྟན།

གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཨུའི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པའི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དབྱིན་དབྱི་མིན། གྲོང་ཨུའི་རྒྱུན་ཨུ་དང་གྲོང་ཨུའི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པའི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཧྲེན་ཧུང་ཀོང་དང་ཏིང་ཞུའེ་ཞང་། འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཡུའུ་ཀྲེང་ཧྲེང་གིས་ཚོགས་འདུའི་ཐོག་ཧྲང་ཧའེ་གྲོང་ཁྱེར་གྱི་སློབ་སྦྱོང་དང་ལག་ལེན་བྱེད་སྒོ་ཁག་དང་པོ། ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར་དུ་སློབ་སྦྱོང་བརྟག་དཔྱད་ཞིབ་འཇུག་དང་། ཞིབ་དཔྱོད་དབྱེ་ཞིབ། དག་ཐེར་ཡོ་བསྲང་དོན་འཁྱོལ་སོགས་དུས་རིམ་3ལྟར་སྤེལ་བས། ཏང་ཡོན་ལས་བྱེད་པར་སློབ་གསོ་ཐོབ་པ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཆུ་ཚད་མཐོ་རུ་ཕྱིན་པ། མི་དམངས་མང་ཚོགས་ལ་དངོས་ཕན་ཐོབ་པ་བཅས་ཀྱི་སྤྱིའི་བླང་བྱ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད་པ་རེད། སློབ་སྦྱོང་དང་ལག་ལེན་དངོས་ཀྱི་བྱེད་སྒོའི་ནང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་གནད་དོན་རིགས་དམ་འཛིན་བྱས་ནས་བསམ་བློ་བཅིངས་འགྲོལ་བཏང་པ་དང་། ལམ་ལུགས་འཛུགས་སྐྱོང་ཐད་འགག་སྒྲོལ་གང་ཐུབ་བྱས་ཏེ། རྒྱལ་ཁོངས་ཁེ་ལས་བསྒྱུར་བཅོས་དང་། སྲིད་འཛིན་ཞིབ་མཆན་འགོད་པའི་ལམ་ལུགས་བསྒྱུར་བཅོས། ཤེས་ལྡན་མི་སྣའི་ཐེམ་ཐོའི་སྲིད་ཇུས། ཁུལ་རྙིང་བསྒྱུར་བཀོད་དང་བཤིག་སྤོ་སོགས་ཀྱི་ཐད་ཚད་བརྒལ་རང་བཞིན་གྱི་བསམ་ཕྱོགས་ཆགས་ཡོད་པ་རེད། སློབ་སྦྱོང་དང་ལག་ལེན་དངོས་ཀྱི་བྱེད་སྒོ་ཁག་དང་པོ་སྤེལ་བའི་སྡེ་ཚན་གྱིས་སློབ་སྦྱོང་དང་ལག་ལེན་གྱི་བྱེད་སྒོ་དེ་འཛམ་གླིང་གི་དཔལ་འབྱོར་དང་དངུལ་རྩའི་ཉམས་ཉེན་གྱི་ཤུགས་རྐྱེན་ཁྱད་གསོད་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཤིང་། རྒྱུན་ལྡན་གྱི་ལས་ཀ་དང་ཟུང་འབྲེལ་བྱས་ནས། སློབ་སྦྱོང་བྱེད་བཞིན་དུ་ལེགས་བཅོས་བྱས་པ་དང་། མིག་སྔའི་གནས་ཚུལ་གཞིར་བྱས་ནས།  རྒྱང་རིང་ལ་དམིགས་ཏེ་དག་ཐེར་ཡོ་བསྲང་གི་ཇུས་གཞི་བཏོན་པ་དེས་ལག་ལེན་གྱི་ཁྱད་ཆོས་མཚོན་ཡོད་ཅེས་བསྟན།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-23

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།