སྐམ་ལུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐམ་ལུ།
སྐམ་ལུ(dry cough)ནི་གློ་ལུ་སྐབས་ལུད་པ་མེད་པ་དང་། ཡང་ན་ལུད་པ་ཧ་ཅང་ཉུང་བ། ལུད་པ་ཕྱིར་འབུད་དཀའ་བའི་ནད་རྟགས་ཤིག་ཡིན་ལ། སྐམ་ལུ་ནི་ནད་ཐོག་གློ་བའི་ནད་ཀྱི་རྒྱུན་མཐོང་ནད་རྟགས་ཤིག་ཡིན་པ་དང་ནད་རྐྱེན་ལ་རྙོག་འཛིང་ཆེ་བ་ཞིག་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
干咳
རྒྱུན་མཐོང་ནད་རྒྱུ།
འགོས་པ། གཉན་ཚད། མ་འཕྲོད་པ་སོགས།
ཕྱི་ཡིག་གི་མིང་།
dry cough
སྨན་བཅོས་ཚན་ཁག
འབྱིན་རྔུབ་ཁོག་ནད་ཚན་ཁག
རྒྱུན་མཐོང་ནད་རྟགས།
ལུད་པ་མེད་པའམ་ལུད་པ་ཧ་ཅང་ཉུང་བ།
1 ​ནད་རྐྱེན་དང་རྒྱུན་མཐོང་ནད་རིགས།

གནས་མི་འདྲ་བ་སྣ་དང་གློ་ཡུ། གློ་བ། ཕོ་བ། མིད་པ་སོགས་ཀྱི་ནད་འགྱུར་གྱིས་སྐམ་ལུ་འབྱུང་སྲིད། དེའི་ནད་རྐྱེན་མང་ལ། རེད་པ་དང་གཉན་ཚད། མ་འཕྲོད་པ་སོགས་ཀྱིས་གློ་ལུ་བྱེད་སྲིད། རྒྱུན་མཐུད་དུས་ཡུན་གཟའ་འཁོར་གསུམ་ནང་གི་གློ་ལུ་བ་དེ་མྱུར་གཤིས་གློ་ལུ་རུ་འགྱུར་སྲིད།  དེའི་ཆེས་རྒྱུན་མཐོང་གི་ནད་རྐྱེན་ནི་སྤྱིར་བཏང་གི་ཆམ་ནད་ཡིན་ལ། རྒྱུན་མཐོང་གི་ནད་རྐྱེན་གཞན་དག་ནི་མྱུར་གཤིས་གློ་ཡུའི་ཡན་ལག་ཚ་ནད་དང་མྱུར་གཤིས་སྣ་རྐོང་གཉན་ཚད། ཚོར་ལོག་རང་བཞིན་གྱི་སྣའི་གཉན་ཚད། དལ་གཤིས་གློ་ཡུའི་ཡན་ལག་ཚ་ནད་གློ་བུར་དུ་ལྡང་བ། གློ་ཡུའི་ཡན་ལག་དབུགས་འཚང་བ་སོགས་ཡིན་ལ། གཟའ་འཁོར3ནས8བར་གྱི་གློ་ལུ་ལ་གློ་བུར་གྱི་གློ་ལུ་ཟེར། དེ་ལ་ནད་པ་སྨན་ཁང་དུ་སོང་ནས་གློ་བའི་ནད་འགྱུར་ལ་བརྟག་དཔྱད་བྱེད་དགོས། དེའི་རྒྱུན་མཐོང་གི་ནད་རྐྱེན་ལ་ཆམ་པ་ཕོག་རྗེས་གློ་ལུ(ནད་འགོས་རྗེས་གློ་ལུ་ཡང་ཟེར)དང་། དབུགས་ལམ་གོང་མའི་གློ་ལུ་རྟགས། གློ་ཡུའི་ཡན་ལག་དབུགས་འཚང་བ་སོགས་འདུས་ཡོད་པ་རེད། གཟའ་འཁོར་བརྒྱད་ཡན་གྱི་རིང་ལ་རྒྱུ་རྐྱེན་མི་གསལ་བའི་གློ་ལུ་ལ་དལ་བའི་རང་བཞིན་གྱི་གློ་ལུ་ཟེར་བ་རེད། དལ་བའི་རང་བཞིན་གྱི་གློ་ལུ་བ(91%~94%)མང་ཆེ་བ་ནི་གཤམ་གྱི་རྒྱུ་རྐྱེན་རིགས་བཞི་ལས་བྱུང་བ་སྟེ། དབུགས་ལམ་གོང་མའི་གློ་ལུ་རྟགས་འདུས་དང་གློ་ལུ་གཞན་འགྱུར་རིགས་ཀྱི་དབུགས་ཧལ་བ། ཕོ་བའི་མིད་པ་ཕྱིར་རྒྱུག་པ། དལ་བའི་རང་བཞིན་གྱི་གློ་ཡུའི་གཉན་ཚད་བཅས་ཡིན་པ་རེད། དུ་བ་མི་འཐེན་པ་དང་ཁྲག་རྩ་གྲིམ་འཁུམ་རྒྱུ་སྤོར་སྒྱུར་རྩབས་ཚོད་འགོག་རྫས(ACEI)ཀྱི་སྨན་རྫས་མ་འཐུང་པ། བྲང་ཁའི་གཟུགས་བརྙན་རིག་པའི་བརྟག་དཔྱད་རྒྱུན་ལྡན་ཡིན་པའི་ནད་པའི་ཁྲོད་དུ། ཕལ་ཆེ་བའི་ནད་ནི་ནད་རྐྱེན་སྔོན་མ་གསུམ་གྱིས་བསླངས་པ་ཞིག་རེད།

2 དབྱེ་འབྱེད་ངོས་འཛིན།

1.གྲེ་ཚད།

དལ་བའི་རང་བཞིན་གྱི་གྲེ་ཚད་ནི་རྒྱུན་མཐོང་གི་གྲེ་བའི་ནད་ཅིག་ཡིན་ལ།  ནད་རྟགས་གཙོ་བོ་ནི་ཟུག་གཟེར་རང་བཞིན་གྱི་སྐམ་ལུ་ཡིན། ནད་པའི་མིད་པར་ཟ་འཕྲུག་ལངས་པ་དང་མི་བདེ་བའི་ཚོར་བ་ཡོད། རྒྱུན་དུ་གྲེ་བའི་སྐམ་ལུ་བྱེད་པ་དང་། སྐད་ཆ་བཤད་སྐབས་ནད་རྟགས་ལྷག་ཏུ་མངོན་གསལ་ཡིན་པ་རེད། ཆུ་འཐུང་ཐེངས་རེའམ་ཡང་ན་མིད་ནས་འཁོར་སྐྱོད་བྱས་རྗེས་ནད་རྟགས་ཇེ་ཡང་དུ་འགྲོ་སྲིད། མང་ཆེ་བ་དབུགས་ལམ་གོང་མའི་འགོས་ནད་རང་བཞིན་གྱི་ནད་འགྱུར་ལས་བྱུང་བ་རེད། ཚོར་ལོག་རང་བཞིན་གྱི་སྣ་ཚད་དང་། ཕོ་བའི་མིད་པར་ལྡོག་རྒྱུག་བྱེད་པ། ཡང་ན་རྒྱུན་དུ་དུ་བ་འཐེན་པ་དང་། ཆང་བཏུངས་མཁན་དང་ཐལ་རྡུལ་སོགས་ཁྲོད་དུ་ལས་ཀ་བྱེད་མཁན་ཁྲོད་ཅུང་རྒྱུན་མཐོང་ཡིན། གྲེ་བའི་བརྟག་དཔྱད་ལས་གྲེ་བའི་ཁྲག་རྒྱས་པ་མཐོང་ཐུབ། གྲེ་བའི་རྒྱབ་ངོས་ཀྱི་འབྱར་སྐྱིའི་ཕྱི་ངོས་སུ་རྒྱ་སྐྱེད་པའི་ཕྲ་སྦུག་མང་པོ་དང་རྨེན་བུའི་འཚག་ལྦུ་ཉུང་ཙམ་སྐྱེ་འཕེལ་བྱེད་པ་མཐོང་ཐུབ།

2.ཨོལ་ཚད།

ནད་རྟགས་གཙོ་བོ་ནི་སྐད་འཛེར་ཞིང་། ཐོག་མར་བར་མཚམས་ཡོད་པར་བྱུང་བ་དང་། སྒྲ་འབྱིན་ཚད་ཅུང་མང་བའི་སྐབས་སུ་འབྱུང་བ་ཡིན་ལ། གལ་ཏེ་ནད་གཞི་ཇེ་ལྕི་རུ་སོང་ན་སྒྲ་འཛེར་མུ་མཐུད་དུ་འབྱུང་བ་ཡིན།  ནད་པའི་སྐམ་ལུ་བྱས་པ་ལས་ནད་རྟགས་ཇེ་ཡང་དུ་འགྲོ་སྲིད་པ་རེད།  ཐད་ཀར་མིད་པའི་འབྱར་ཤེལ་ལ་ཞིབ་བཤེར་བྱས་པ་ལས། དལ་བའི་རང་བཞིན་གྱི་གྲེ་བའི་གཉན་ཚད་རྐྱང་པའི་ནད་པ་མང་ཆེ་བར་གྲེ་བའི་འབྱར་སྐྱིའི་ཁྲག་རྒྱས་པ་དང་། དེའི་སྟེང་དུ་ཁྲག་རྩ་རྒྱ་བསྐྱེད་པ་དང་འབྱར་ཁུ་ཇེ་མང་ལ་འགྲོ་བ་ཞིག་རེད། ནད་གཞི་ཇེ་སྡུག་ཏུ་སོང་ནས་དལ་གཤིས་སྐྱེ་འཕེལ་རང་བཞིན་གྱི་མིད་པའི་གཉན་ཚད་འབྱུང་སྐབས། འབྱར་སྐྱི་མངོན་གསལ་གྱིས་ཇེ་མཐུག་ཏུ་སོང་ནས་དམར་ནག་ཏུ་གྱུར་ཡོད། དེའི་མཐའ་འགྲམ་གྱི་མཐུག་ཚད་ནི་སྒོར་དབྱིབས་ལྟ་བུ་ཞིག་ཡིན། སྒྲ་འབྱིན་སྐབས་ཁ་མ་ཟུམ་ཚེ། མགྲིན་པའི་ཤག་ཏུ་རྒྱུན་དུ་ཚབ་འབྱིན་འགུལ་སྐྱོད་བྱས་པས་ཇེ་མཐུག་ཏུ་འགྲོ་བ་ཡིན། དལ་བའི་རང་བཞིན་གྱི་གྲེ་བའི་གཉན་ཚད་ཅུང་ཉུང་པ་དང་། གློ་ལུས་རྗེས་རྒྱུན་པར་མདོག་ལྗང་སེར་གྱི་རྨ་ཤུན་ཐོན་ཞིང་མིད་པར་ཚ་བ་དང་ན་ཟུག་སྐྱེས་པ་ཞིག་ཡིན།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལུ་བ། གྲེ་ཚད། གློ་ཡུ། ལུད་པ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-21

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།