ཁག་ཐེག་དྲུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁག་ཐེག་དྲུག
“ཁག་ཐེག་དྲུག”ནི་སྡོད་དམངས་ཀྱི་ལས་ཞུགས་ཁག་ཐེག་དང་། གཞི་རྩའི་དམངས་འཚོ་ཁག་ཐེག ཁྲོམ་རའི་གྲུབ་ཆ་གཙོ་བོ་ཁག་ཐེག འབྲུ་རིགས་ཀྱི་ནུས་ཁུངས་བདེ་འཇགས་ཁག་ཐེག ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཁག་ཐེག གཞི་རིམ་གྱི་འཁོར་རྒྱུག་ཁག་ཐེག་བཅས་ལ་ཟེར། སྤྱི་ལོ 2020ལོའི་ཟླ6པའི་ཚེས1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི“དྲ་སྦྲེལ+ལྟ་བཤེར”ལས་སྟེགས་ཀྱིས་སྤྱི་ཚོགས་ལ“བརྟན་པོ་དྲུག”དང“ཁག་ཐེག་དྲུག”གི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་བྱ་རྒྱུའི་གནད་དོན་སྐོར་གྱི་ཁུངས་སྣེ་དང་བསམ་འཆར་བསྡུ་རུབ་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
六保
ཁོངས་གཏོགས།
དཔལ་འབྱོར་འཚོ་བ།
གོ་དོན།
སྡོད་དམངས་ཀྱི་ལས་ཞུགས་ཁག་ཐེག་དང་། གཞི་རྩའི་དམངས་འཚོ་ཁག་ཐེག ཁྲོམ་རའི་གྲུབ་ཆ་གཙོ་ཁག་ཐེག  འབྲུ་རིགས་ཀྱི་ནུས་ཁུངས་བདེ་འཇགས་ཁག་ཐེག  ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཁག་ཐེག གཞི་རིམ་གྱི་འཁོར་རྒྱུག་ཁག་ཐེག་བཅས་ལ་ཟེར།
1 ​རྒྱབ་ལྗོངས།

སྤྱི་ལོ2020ལོའི་ཟླ4པའི་ཚེས17ཉིན་འཚོགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་དགོས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་ལྡན་ཅན་དུ་འགྱུར་བའི་སྔོན་འགྲོའི་ཆ་རྐྱེན་འོག“ཁེག་ཐག”གི་ཕྱོགས་དྲུག་པོའི་ཐད་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ་ནན་བཤད་བྱས། ཆེད་མཁས་པས་དབྱེ་ཞིབ་བྱས་པར། འདི་ནི་དེང་སྐབས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྔར་བྱུང་མ་མྱོང་བའི་འགྲན་སློང་དང་འཕྲད་པའི་གནས་ཚུལ་འོག  དཀའ་ངལ་དང་། ཉེན་ཁ། ངེས་གཏན་མེད་པའི་རང་བཞིན་བཅས་ཀྱིས་བཏོན་པའི་བླང་བྱ་ཡིན་པར་འདོད།  དམིགས་ཡུལ་ནི་དཔལ་འབྱོར་གྱི་གཞི་རྩའི་ཆ་རྐྱེན་བརྟན་པོ་ཡོང་བ་དང་དམངས་འཚོའི་མཐའ་ཚད་བརྟན་པོར་སྲུང་ཆེད་ཡིན།

སྤྱི་ལོ2020ལོའི་ཟླ5པའི་ཚེས22ཉིན་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་ཞུ་གནང་ཞིང་། སྙན་ཞུའི་ནང“ཁག་ཐེག་དྲུག”གི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་སྡོད་དམངས་ལས་ཞུགས་ཁག་ཐེག་དང་། གཞི་རྩའི་དམངས་འཚོ་ཁག་ཐེག  ཁྲོམ་རའི་གྲུབ་ཆ་གཙོ་བོ་ཁག་ཐེག  འབྲུ་རིགས་ཀྱི་ནུས་ཁུངས་བདེ་འཇགས་ཁག་ཐེག  ཐོན་ལས་སྤྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་པ་དང་། གཞི་རིམ་འཁོར་སྐྱོད་ཁག་ཐེག་བྱེད་དགོས་པ་བཅས་ནན་བཤད་བྱས་ཡོད།

2 ནང་དོན་གཙོ་བོ།
2_1 ཐོག་མར་ལས་ཞུགས་ཁག་ཐེག་དང་གཞི་རྩའི་དམངས་འཚོ་སྲུང་སྐྱོང་།

སྤྱི་ལོ2020ལོའི་ཟླ4པའི་ཚེས17ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱས། ཚོགས་འདུའི་ཐོག་སྡོད་དམངས་ཀྱི་ལས་ཞུགས་ཁག་ཐེག་དང་། གཞི་རྩའི་དམངས་འཚོ་ཁག་ཐེག  ཁྲོམ་རའི་གྲུབ་ཆ་གཙོ་ཁག་ཐེག  འབྲུ་རིགས་དང་ནུས་ཁུངས་ཀྱི་བདེ་འཇགས་ཁག་ཐེག  ཐོན་ལས་སྤྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཁག་ཐེག  གཞི་རིམ་གྱི་འཁོར་རྒྱུག་ཁག་ཐེག་བྱེད་དགོས་པ་བཅས་ཐེངས་དང་པོར་ནན་བཤད་བྱས་ཤིང་།  ཕྱོགས་དྲུག་གི་“འགན་སྲུང”གི་ལས་ཀ་དེ་ནི་མིག་སྔའི་གནས་བབ་ལ་བརྡར་ཤ་གཅོད་པ་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད།

ཚོགས་འདུའི་ཐོག་ལོ་འདིའི་དུས་ཚིགས་དང་པོར་རྒྱུན་ལྡན་དང་གཏན་ནས་མི་འདྲ་བའི་གློ་བུར་དུ་བྱུང་བའི་གློ་ཚད་ཀྱི་རིམས་ནད་གསར་པ་དེས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བྱུང་མ་མྱོང་བའི་ཕོག་ཐུག་བཟོས་ཡོད། དུས་ཚིགས་དང་པོའི་དཔལ་འབྱོར་གཞི་གྲངས་ལས་མངོན་པ་ལྟར་ན། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཕན་འབྲས་མངོན་གསལ་དང་།   ཐོན་ལས་ཐོན་སྐྱེད་བསྐྱར་ཚུགས་ཀྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་པ་དང་བསྟུན། ཟླ3པར་བཟོ་ལས་དང་། ཞབས་ཞུའི་ལས་རིགས། མ་དངུལ་འཇོག་པ།     སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་གི་གྲངས་འབོར་དང་ཕྱིར་གཏོང་ནང་འདྲེན་སོགས་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་མར་ཆག་ཚད་མངོན་གསལ་གྱིས་ཇེ་ཆུང་དུ་ཕྱིན།  ཡིན་ཡང་སྤྱི་ཡོངས་ནས་བཤད་ན། རིམས་ནད་ཀྱི་ཕོག་ཐུག་འོག་དུས་ཚིགས་དང་པོའི་དཔལ་འབྱོར་དམིགས་ཚད་ཡར་འཕར་བ་མངོན་གསལ་ཡིན།  དེ་དང་ཆབས་ཅིག  ཕྱི་ཕྱོགས་ཁོར་ཡུག་གི་ཤུགས་རྐྱེན་འོག་ཐོན་ལས་ཐོན་སྐྱེད་སླར་གསོ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་དཀའ་ངལ་དང་འགྲན་སློང་གསར་པ་འཕྲད་ཡོད།

“མིག་སྔར་རྒྱལ་སྤྱིའི་རིམས་ནད་སྔར་བཞིན་མཆེད་བཞིན་ཡོད་པས། ང་ཚོས་ཡུན་རིང་སྔོན་འགོག་ཚོད་འཛིན་གྱི་གྲ་སྒྲིག་ཡག་པོ་བྱེད་དགོས” “ཐེངས་འདིའི་ཚོགས་འདུའི་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་གཏན་ཅན་དུ་འགྱུར་བའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་དོན་ཁག་བཀོད་སྒྲིག་བྱས་ཤིང་། དེ་ནི་མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པའི་དགོས་མཁོ་ཞིག་རེད”ཅེས་རྒྱལ་ཁབ་ཆ་འཕྲིན་ལྟེ་གནས་དཔལ་འབྱོར་སྔོན་དཔག་པུའུ་ཡི་ཀྲུའུ་རེན་གཞོན་པ་ཉིའུ་ལི་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པར་དེ་ལྟར་བཤད།

“བརྟན་པོ་དྲུག”ནས་ཕྱོགས་དྲུག་གི“ཁག་ཐེག”གི་བྱ་བའི་བར། ཉིའུ་ལི་ཡི་སེམས་སུ་ཆེས་གཙོ་བོ་ནི་ལས་ཞུགས་དང་གཞི་རྩའི་དམངས་འཚོ་ཁག་ཐེག་བྱ་རྒྱུར་མཐོང་ཆེན་བྱ་རྒྱུ་དེ་རེད། རིམས་ནད་བྱུང་ཚུལ་དུས་ཡུན་རིང་པོར་གནས་སྲིད་པའི་ཆ་རྐྱེན་འོག་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུ་དང་། ཚོང་ར་སླར་གསོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། རིམས་ནད་ལས་བྱུང་བའི་འགྲན་སློང་ལ་དེ་བས་གནད་ལ་འཁེལ་བའི་སྒོ་ནས་ཐག་གཅོད་དགོས་པ་དེ་ཡིན་པར་འདོད།

སྡོད་དམངས་ལ་ལས་ཀ་ཡོད་ན་ཡོང་འབབ་ཡོད་པ་དང་། ཡོང་འབབ་ཡོད་ན་འཛད་སྤྱོད་ཐུབ་པ། འཛད་སྤྱོད་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པ་རེད།  ཀྲུང་གོའི་སྲིད་ཇུས་ཚན་རིག་ཞིབ་འཇུག་ཚོགས་པའི་དཔལ་འབྱོར་སྲིད་ཇུས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཞུས་ཧུང་ཚའེ་ཡིས་ལས་ཞུགས་དམངས་འཚོ་ཁག་ཐེག་བྱ་རྒྱུ་ནི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་དགོས་མཁོ་ཡིན་ཞིང་། ལས་ཞུགས་བྱ་རྒྱུ་དེ་གལ་ཆེའི་ནང་གི་དོན་ཆེན་དུ་འཇོག་པ་དེར་དངོས་ཡོད་ཀྱི་དོན་སྙིང་ལྡན་པར་འདོད།

2_2 ཚོང་རའི་གྲུབ་ཆ་གཙོ་བོ་བརྟན་པོའི་ངང་འཁོར་སྐྱོད་ཡོང་བར་རོགས་རམ་བྱེད་པ།

ལས་ཞུགས་འགན་ལེན་བྱ་རྒྱུ་དེ་ཁྲོམ་རའི་གྲུབ་ཆ་གཙོ་བོ་དང་འབྲེལ་བ་དམ་ཟབ་ཡོད། མིག་སྔར་ཀྲུང་གོའི་ཚོང་རའི་གྲུབ་ཆ་གཙོ་བོར་ཁྱིམ་ཚང་དུང་ཕྱུར1ལས་བརྒལ་ཡོད། ཚོང་རའི་གྲུབ་ཆ་གཙོ་བོ་དེ་དག་ནི་རྒྱལ་དམངས་དཔལ་འབྱོར་གོང་དུ་འཕེལ་བའི་སྟོབས་ཤུགས་གཙོ་བོ་ཡིན་ལ། སྡོད་དམངས་ཀྱི་ལས་ཞུགས་དང་འབྲལ་བ་དམ་པའི་ཁྱབ་ཁོངས་གཙོ་བོ་ཞིག་ཀྱང་རེད།  ཚོང་རའི་གྲུབ་ཆ་གཙོ་བོར་འགན་སྲུང་བྱ་རྒྱུ་དེ་རིམས་ནད་སྔོན་འགོག་གི་གནས་ཚུལ་འོག་ཏུ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་པ་རེད།

རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་མའོ་ཧྲེང་ཡུང་གིས་བཤད་པ་ལྟར་ན། ད་ལྟ་ཐག་གཅོད་བྱེད་དགོས་པའི་དཀའ་ངལ་ནི་ཁེ་ལས་ཆུང་འབྲིང་ཚུད་པའི་ཚོང་རའི་གྲུབ་ཆ་གཙོ་བོར་རོགས་སྐྱོར་བྱས་ཏེ། ཁྲལ་བསྡུ་དང་། འགྲོ་གྲོན། མ་གནས་སྣ་ཚོགས། མ་དངུལ་སྣ་ཚོགས་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་བྱ་རྒྱུ་དེ་ཡིན་པ་དང་། ཁོ་ཚོ་དཀའ་གནད་ལས་ལེགས་པོར་སྒྲོལ་བར་རོགས་རམ་བྱ་དགོས་པ་དང་། “ཁེ་ལས་བརྟན་ན་ད་གཟོད་ལས་ཞུགས་བརྟན་པོ་ཡོང་ཐུབ་པ་དང་། དཔལ་འབྱོར་བརྟན་པོ་ཡོང་ཐུབ་པ། དཔལ་འབྱོར་གྱི་ཁྱོན་ཡོངས་བརྟན་པོ་ཡོང་ཐུབ་པ་དང་། དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་ཐུབ་ཅེས་བཤད།

ཐེངས་འདིའི་ཚོགས་འདུའི་ཐོག་ཁྲོམ་རའི་གྲུབ་ཆ་གཙོ་བོ་འགན་ལེན་བྱེད་དགོས་པ་ནན་བཤད་བྱས་ཡོད་ལ། ད་དུང་ཁེ་ལས་པ་དང་ལས་གཏོད་པ་ཚོར་ཡིད་ཆེས་བརྒྱུད་སྤྲོད་བྱས་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད།  འོ་ན་འབྲེལ་ཡོད་སྲིད་ཇུས་ཇི་ལྟར་དོན་འཁྱོལ་བྱེད་དགོས་སམ་ཞེ་ན།

ཉིའུ་ལི་ཡིས་འདོད་ཚུལ་ལྟར་ན། མིག་སྔའི་བརྡ་རྟགས་གསལ་བོར་གྱུར་ཡོད་དེ། རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ལ་ཁ་གཏད་བ་ལྟ་བུའི་སྲིད་ཇུས་སྤྱོད་མི་སྲིད་མོད། གནད་ཁེལ་ནུས་ལྡན་གྱི་བྱེད་ཐབས་མང་པོ་ཞིག་རིམ་པ་བཞིན་དུ་ཐོན་ཡོང་བར་འདོད།

3 འགོ་ཁྲིད་ཀྱི་མཛུབ་སྟོན།

སྤྱི་ལོ2020ལོའི་ཟླ4པའི་ཚེས20ཉིན་ནས་ཚེས23ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲན་ཞི་རུ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན།   ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་དགོས་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། ལས་ཞུགས་བརྟན་པོ་དང་དངུལ་རྩ་བརྟན་པོ། ཕྱི་ཕྱོགས་ཉོ་ཚོང་བརྟན་པོ། ཕྱི་རྒྱལ་གྱི་མ་དངུལ་བརྟན་པོ། མ་དངུལ་འཇོག་པ་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས། སྡོད་དམངས་ཀྱི་ལས་ཞུགས་འགན་ལེན་དང་གཞི་རྩའི་དམངས་འཚོ་འགན་ལེན། ཁྲོམ་རའི་གཙོ་གྲུབ་ཆ་གཙོ་བོ་འགན་ལེན། འབྲུ་རིགས་ནུས་ཁུངས་ཀྱི་བདེ་འཇགས་འགན་ལེན། ཐོན་ལས་སྤྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ། གཞི་རིམ་འཁོར་སྐྱོད་ཁག་ཐེག་བཅས་ཀྱི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་པ་བསྟན།  ཧུར་ཐག་གིས་གློ་ཚད་རིམས་ནད་ཀྱིས་བཟོས་པའི་ཤུགས་རྐྱེན་ཁྱད་དུ་གསད་དགོས་ལ།  དབུལ་ཐར་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་གྲུབ་ཡོང་བར་བྱེད་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱས་ཏེ་ཧྲན་ཞི་ཡིས་དུས་རབས་གསར་པའི་རྗེས་ཆོད་པའི་ལེའུ་གསར་པ་ཞིག་ལ་འབད་འབུངས་བྱེད་དགོས་ཞེས་བསྟན།

སྤྱི་ལོ2020ལོའི་ཟླ5པའི་ཚེས11ཉིན་ནས་ཚེས12ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཧྲན་ཞི་རུ་བརྟག་ཞིབ་གནང་སྐབས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས་ཞེས་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། “ཁག་ཐེག་དྲུག་”གི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས་ཞེས་བསྟན། གློ་ཚད་རིམས་ནད་འགོག་པའི་ཤུགས་རྐྱེན་ཁྱད་དུ་བསད་ནས་ཧུར་ཐག་གིས་སྤུས་ཚད་མཐོ་བའི་ཕྱོགས་སྒྱུར་འཕེལ་རྒྱས་ཐད་གོམ་སྟབས་ཆེན་པོ་སྤོ་དགོས་ལ།  དབུལ་ཐར་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱས་ཏེ་བབ་བསྟུན་མདུན་སྐྱོད་ཀྱིས་ཧྲན་ཞི་ཡི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལག་ལེན་བསྟར་བའི་ལེའུ་གསར་པ་ཞིག་འབྲི་དགོས་ཞེས་ནན་གྱིས་བསྟན།

སྤྱི་ལོ2020ལོའི་ཟླ5པའི་ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁུ་ཆང་གིས་ཁྱབ་བསྒྲགས་བྱས་པའི་སྤྱི་ལོ2020ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་ལས་དོན་སྙན་ཞུའི་ནང་དུ། ང་ཚོས་ལོ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་ཀྱི་ཞིབ་ཕྲའི་དམིགས་ཚད་བཏོན་མེད། རྒྱུ་མཚན་གཙོ་བོ་ནི་གོ་ལ་ཧྲིལ་པོའི་རིམས་ནད་བྱུང་ཚུལ་དང་དཔལ་འབྱོར་ཉོ་ཚོང་གི་གནས་བབ་ལ་ངེས་གཏན་མེད་པའི་རང་བཞིན་ཧ་ཅང་ཆེ་བས། རང་རྒྱལ་གྱི་འཕེལ་རྒྱས་ལ་སྔོན་དཔག་བྱེད་དཀའ་བའི་ཤུགས་རྐྱེན་གྱི་རྒྱུ་རྐྱེན་ཁ་ཤས་དང་འཕྲད་ཡོད།འདི་ལྟར་བྱས་ན་ཕྱོགས་གང་ཅིའི་ཐད་ནས་སེམས་ཤུགས་གཅིག་སྒྲིལ་གྱིས“བརྟན་བརླིང་དྲུག”དང“ཁག་ཐེག་དྲུག”དམ་འཛིན་ལེགས་པོ་བྱེད་པར་ཕན་ཐོགས་ཡོད་ཅེས་དང་། “ཁག་ཐེག་དྲུག”ནི་སྤྱི་ལོ2020ལོར་སླེབས་པའི“ཁག་ཐེག་དྲུག”གི་ལས་དོན་གྱི་ཤུགས་རྒྱག་ས་ཞིག་རེད། “ཁག་ཐེག་དྲུག”གི་མཐའ་ཚད་སྲུང་བ་ཡིན་ན་དཔལ་འབྱོར་གྱི་གཞི་རྩའི་གནས་ཚུལ་བརྟན་པོ་ཡོང་ཐུབ་པ་དང་། བརྟན་པོ་ལ་སྐུལ་འདེད་གཏོང་བ་དང་བརྟན་ཐོག་ཡར་འཕེལ་བྱུང་ན་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུར་རྨང་གཞི་བརྟན་པོ་འདིང་ཐུབ་ཅེས་གསུངས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-21

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།