གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན།
གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་ཞེས་པ་ནི། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་དང་། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཏུ་འགྱུར་བ། ཐོན་ལས་མཉམ་འགུལ། ལེགས་བསྡུས་ཞིབ་གཉེར། འཆམ་མཐུན་འཕེལ་རྒྱས་སོགས་གཞི་རྩའི་ཁྱད་ཆོས་སུ་གྱུར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་ཡིན། དེ་ནི་གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་། གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས། གྲོང་གསེབ་ཀྱི་སྡེ་ཁུལ་གསར་པ་བཅས་ཕན་ཚུན་སྐུལ་འདེད་དང་མཉམ་སྐྱོད་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
新型城镇化
ཕྱི་ཡིག་གི་མིང་།
new-type urbanization
བྱེད་ནུས།
དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བར་སྐུལ་སྤེལ་བཏང་ནས་ཐུན་མོང་ཕྱུག་འགྱུར་མངོན་པར་བྱ་དགོས།
ཡོང་ཁུངས།
རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཆར་འགོད།
ཁྱད་ཆོས།
གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན།
1 ​ངོ་སྤྲོད།

གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བ་ནི་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་དུ་གཅིག་སྡུད་བྱེད་པའི་བརྒྱུད་རིམ་ལ་ཟེར།  བརྒྱུད་རིམ་དེ་ཕྱོགས་གཉིས་ནས་མཚོན་ཡོད་དེ། ཕྱོགས་གཅིག་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁ་གྲངས་ཇེ་མང་དུ་འགྲོ་བ་དང་། ཕྱོགས་གཉིས་ནས་གྲོང་ཁྱེར་གྱི་མི་འབོར་ཇེ་མང་འགྲོ་བ་རེད།

གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་འཕེལ་རིམ་ཁྲོད།  གཅིག་ནས་ཐོན་ལས་དང་པོའི་བསྡུར་ཚད་རིམ་བཞིན་ཇེ་ཆུང་དུ་སོང་བ། གཉིས་ནས་ཐོན་ལས་གསུམ་པའི་བསྡུར་ཚད་རིམ་བཞིན་འཕར་བའི་དུས་མཚུངས་སུ་མི་འབོར་གྲོང་གསེབ་ནས་གྲོང་ཁྱེར་དུ་སྤོས།

གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་གྱི་སྲོག་ཤིང་ནི་ཞིང་པར་དམིགས་པ་དང་། གྲོང་གསེབ་ཏུ་ཁྱབ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་གཞི་གཅིག་ཅན་དང་སྤྱིའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བར་བྱ་དགོས་པ་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བར་སྐུལ་སྤེལ་བཏང་ནས་ཐུན་མོང་ཕྱུག་འགྱུར་མངོན་པར་བྱ་དགོས།

2 ཞིབ་འཇུག་འཕེལ་རིམ།

གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་གྱི་ཞིབ་འཇུག་དེ་གཙོ་བོ་སྤྱི་ལོ2009ལོར་བྱུང་བ་རེད། ཐོག་མའི་འགོ་རྩོམ་པའི་དུས་རིམ་ནི་སྤྱི་ལོ2012ལོའི་ཡར་སྔོན་དང་། སྤྱི་ལོ2013ལོ་ནས་སྤྱི་ལོ2016ལོ་བར་བརྟན་པོའི་ངང་གཏིང་ཟབ་ཏུ་གཏོང་བའི་དུས་རིམ་ཡིན། སྤྱི་ལོ2017ལོ་ནས་ད་བར་དུ་དུས་མཚམས་གསུམ་དུ་དབྱེ་ཆོག

3 ཀྲུང་གོའི་ད་ལྟའི་གནས་ཚུལ།

ཀྲུང་གོའི་གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་ནི་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་ཁ་ཕྱོགས་ཆེན་པོ་ཞིག་རེད། འདི་ནི་འཛམ་གླིང་ཐོག་མི་འབོར་ཆེས་མང་ཤོས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་ཡིན། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལྟར་ན། ལོ་ལྔའི་རིང་གྲོང་གསེབ་ཀྱི་མི་འབོར་ཁྲི8463གནས་སྤོ་བྱས་པ་དང་།  གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད45.9%ནས52.6%བར་མཐོ་རུ་ཕྱིན་ཡོད་པས་ཀྲུང་གོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲུབ་ཆར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག“གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན”གྱི་གོ་དོན་ཁ་གསལ་བཏོན་ཡོད་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག“གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་རྒྱུ”དེ་སྤྱི་ལོ2013ལོའི་དཔལ་འབྱོར་ལས་དོན་གྱི་ལས་འགན་ཆེན་པོ་དྲུག་གི་གྲས་སུ་བཅུག  

4 གནད་དོན། 

ས་ཞིང་སྐོར་གྱི་སྲིད་ཇུས་བཅོས་བསྒྱུར་བྱེད་པའི་དམིགས་ཡུལ་ལ་ཕྱོགས་འགའ་ནས་བསམ་བློ་གཏོང་དགོས།

གཅིག  ཞིང་ལས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས། ས་ཞིང་ཚོང་ར་ཅན་དུ་སྤོ་སྒྱུར་བྱེད་པར་བརྟེན་ནས་ཞིང་ལས་ཐོན་སྐྱེད་ཀྱི་ལས་ཆོད་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ་དང་། མི་འབོར་གྲོང་གསེབ་ནས་གྲོང་ཁྱེར་དང་གྲོང་རྡལ་དུ་འཁོར་རྒྱུག་བྱེད་པར་རྒྱབ་སྐྱོར་བྱ་དགོས།

གཉིས། བཟོ་སྐྲུན་ལས་རིགས་དང་། ཞབས་ཞུའི་ལས་རིགས། ས་ཁང་བདག་ཁོངས་སྡེ་ཁག་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དཔལ་འབྱོར་དང་། སྤྱི་ཚོགས། ཁོར་ཡུག་བཅས་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིགས་བྱེད་པའི་འཆར་འགོད་ཀྱི་གཞི་སྒྲོམ་འོག  ཚོང་རའི་ནང་རྐྱེན་ལ་བརྟེན་ནས་གྲོང་ཁྱེར་རྒྱ་སྐྱེད་གཏོང་བར་ས་ཞིང་འདོན་སྤྲོད་བྱ་དགོས།

གསུམ། ས་གནས་སྲིད་གཞུང་ལ་ནོར་སྲིད་ཀྱི་ཡོང་སྒོ་འདོན་སྤྲོད་བྱ་དགོས། ས་ཆའི་རྒྱུ་ནོར་དེ་རྒྱུན་མཐུད་ཐུབ་པའི་སྤྱི་པའི་ཡོང་འབབ་ཀྱི་རྨང་གཞིར་བརྩིས་ནས་སྤྱི་པའི་ཞབས་ཞུ་དང་མ་འཇོག་ཐད་མ་དངུལ་མཁོ་འདོན་བྱ་དགོས།

བཞི། ས་ཞིང་བེད་སྤྱོད་བྱ་རྒྱུ་དེ་གཏའ་མར་བཞག་ནས་མ་རྩ་ཐོབ་པའི་སྲིད་ཇུས་ཡོ་བྱད་འཐུས་ཚང་དུ་གཏོང་ཞོར། གཏའ་འཇོག་རྒྱུ་ནོར་གྱི་གདམ་ག་མང་དུ་བཏང་ནས་དངུལ་རྩའི་སྡེ་ཚན་ལ་རྒྱབ་སྐྱོར་བྱ་དགོས།

ལྔ། ས་ཞིང་བེད་སྤྱོད་ཀྱི་འཆར་འགོད་ཐབས་ཇུས་དང་དཔལ་འབྱོར་མགྱོགས་མྱུར་འཕར་བའི་གཅིག་གྱུར་རང་བཞིན་ཆེ་རུ་གཏོང་དགོས་པ་མ་ཟད། སྐྱེ་ཁམས་དཔལ་ཡོན་དེ་གནས་བབ་ཧ་ཅང་གལ་ཆེན་ཞིག་ཏུ་འཇོག་དགོས།

5 ཐག་གཅོད་ཐབས་ལམ།   

གཅིག   མི་རྩ་བར་བཟུང་ནས་ཞིང་པ་ལས་མི་སོགས་གྲོང་ཁྱེར་གྱི་མཐའ་འཁོར་མི་ཚོགས་རྣམས་གྲོང་ཁྱེར་དང་མཉམ་འདྲེས་ཀྱི་གོམ་སྟབས་ག་ཇེ་མགྱོགས་སུ་གཏོང་དགོས།

གཉིས།  གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱས་ཏེ།  གྲོང་ཁྱེར་དང་གྲོང་རྡལ་གྲོང་གསེབ་དང་མཉམ་འགུལ་བྱེད་ཐོག་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

གསུམ།   གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་གྲོང་རྡལ་ཆུང་གྲས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་ཆགས་པར་བྱ་དགོས།

བཞི།   ལེགས་བསྡུས་ཞིབ་གཉེར་དང་གྲོན་ཆུང་བྱས་ནས་ཐོན་ཁུངས་དང་ནུས་རྒྱུ་བེད་སྤྱོད་ནུས་ལྡན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག  གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-19

གསར་སྤེལ་མཁན། :རྡོར་འཚོ།890

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།