འགན་ལེན་ལམ་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འགན་ལེན་ལམ་ལུགས།
འགན་ལེན་ལམ་ལུགས་ཞེས་པ་ནི་མི་སྒེར་གྱི་འཛད་སྤྱོད་དེ་ཕྱོགས་འགར་དབྱེ་པ་དང་། ཕྱོགས་མི་འདྲ་བར་བགོ་བཤའི་ཚད་གཞི་མི་འདྲ་བ་ལྟར་ངལ་རྩོལ་གྱི་ཐོབ་ཆ་སྤྲོད་པའི་བགོ་བཤའི་ལམ་ལུགས་ཤིག་ལ་ཟེར། འགན་ལེན་གྱི་གྲོན་དངུལ་ལ་ཟས་རིན་དང་། གྱོན་ཆས་ཀྱི་གྲོན་དངུལ། ཕོགས་སྣོན་གྲོན་དངུལ་བཅས་ཁག་གསུམ་ཚུད་ཡོད། དེའི་ནང་བྱིས་གསོ་དང་། བུ་རྫི། བུད་མེད་འཕྲོད་བསྟེན། རྒན་རྒོན་གཟིགས་སྐྱོང་སོགས་ཀྱི་འགྲོ་གྲོན་ཚུད་མེད། ཕྱི་མ་དེ་ཚད་གཞི་ལྟར་འཛད་སྤྱོད་ཀྱི་དགོས་མཁོ་ཆེ་བའི(ལོངས་སྤྱོད་བྱ་འོས་པ) ལས་བཟོ་པར་མ་གཏོགས་མི་སྤྲོད། དེ་ལའང་འགན་གཙང་ལེན་ཆེ་བ་དང་འགན་གཙང་ལེན་ཆུང་བ་གཉིས་སུ་ཕྱེ་ཡོད་དེ། འགན་གཙང་ལེན་ཆུང་བ་ནི་མཁོ་སྤྲོད་ལམ་ལུགས་ཀྱི་ཚད་གཞི་ལྟར། ཟས་རིན་ལ་ཆེ་བ་དང་། འབྲིང་བ། ཆུང་བ་བཅས་སུ་དབྱེ་ཡོད། ཕོགས་སྣོན་དང་གྱོན་ཆས་ཀྱི་འགྲོ་གྲོན་ལ་གོ་གནས་མཐོ་དམན་མི་དབྱེ་པར། དངོས་རྫས་དང་དངུལ་ལོར་གྲངས་འབོར་ངེས་ཅན་ཞིག་གིས་འགན་གཙང་ལེན་སྒོས་མི་སྒེར་ལ་སྤྲད་དེ། མི་སྒེར་གྱིས་སྙོམ་སྒྲིག་བྱས་ནས་སྤྱོད་དགོས། འགན་གཙང་ལེན་ཆུང་ངུ་དེ་འགན་གཙང་ལེན་ཆེན་པོར་བསྒྱུར་རྗེས། ཟས་རིན་སྔར་བཞིན་ཆེ་བ་དང་། འབྲིང་བ། ཆུང་བ་བཅས་སུ་དབྱེ་པ་དང་། ཕོགས་སྣོན(གྱོན་ཆས་ཀྱི་འགྲོ་གྲོན་ཡང་འདུས)གོ་གནས་ཀྱི་མཐོ་དམའ་ལྟར་རིམ་པ་དབྱེ་སྟེ། གོ་གནས་གཅིག་ལ་རིམ་པ་མང་པོའི་ལམ་ལུགས་ལག་བསྟར་བྱས་ནས། གོང་འོག་བསྣོལ་མར་འདྲེས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
包干制
མིང་གཞན།
འགན་ལེན་གླ་ཕོགས།
གོ་དོན།
ལས་བྱེད་པའི་འཚོ་བའི་ཐོབ་ཆའི་སྐོར་གྱི་ལམ་ལུགས་ཤིག་ཡིན།
1 ​འགྲེལ་བ།

འགན་གཙང་ལེན་ལམ་ལུགས་ནི་རྨང་གཞིའི་ཞིབ་འཇུག་རྣམ་གྲངས་ཀྱི་གཞན་བརྒྱུད་གྲོན་དངུལ་གྱི་བསྡུར་ཚད་སྔར་བས་མཐོ་རུ་གཏོང་ཞིང་། ལས་གཞིའི་གྲོན་དངུལ་ལ“འགན་གཙང་ལེན་ལམ་ལུགས”བེད་སྤྱོད་བྱེད་པར་བསྒྱུར་བཅོས་ཚོད་ལྟ་བྱེད་པ་དང་།  ཚན་པའི་བསྡུར་ཚད་ཚོད་འཛིན་མི་བཟོ་བ། ཚན་རིག་ཞིབ་འཇུག་ཚོགས་པས་རང་བདག་གིས་བཀོལ་སྤྱོད་བྱེད་མིན་ཐག་གཅོད་བྱ་རྒྱུ་དེ་ཡིན།  (སྤྱི་ལོ2019ལོའི《སྲིད་གཞུང་གི་ལས་དོན་སྙན་ཞུ》)

2 ལས་བྱེད་པའི་ཐོབ་ཆ།

རང་རྒྱལ་གྱིས་གསར་བརྗེའི་དམག་འཁྲུག་གི་དུས་སྐབས་དང་བཅིངས་འགྲོལ་གྱི་དུས་འགོར་ལག་བསྟར་བྱས་པའི་ལས་བྱེད་པའི་འཚོ་བའི་ཐོབ་ཆའི་སྐོར་གྱི་ལམ་ལུགས་ཤིག་ཡིན་ལ།  མི་རེར་ཟླ་རེར་ཚད་གཞི་ངེས་ཅན་ལྟར་བཟའ་ཆས་མཁོ་སྤྲོད་བྱེད་པ་ཕུད། ད་དུང་དངོས་རྫས་སམ་དངུལ་ལོར་འགའ་ཤས་སྤྲོད་དགོས།

3 གླ་ཕོགས་ལམ་ལུགས།

མི་བཀོལ་ལས་ཁུངས་ཀྱིས་ལས་སྣོན་གླ་ཕོགས་དེ་གླ་ཕོགས་ནང་འཇོག་པའི་བྱེད་ཐབས་བེད་སྤྱད་པ་དང་། རྒྱུན་ལྡན་གྱི་ལས་ཀའི་དུས་ཚོད་དང་ལས་སྣོན་གྱི་ལས་ཀའི་དུས་ཚོད་མཉམ་བསྲེས་ཀྱིས“འགན་གཙང་ལེན”བྱས་ནས་གླ་ཆ་རྩི་བའི་གླ་ཕོགས་སྟེར་སྟངས་དེར། ང་ཚོས་འགན་གཙང་ལེན་གྱི་གླ་ཕོགས་ཟེར།

4 ཁྱབ་ཆེ་གོ་དོན།

སྤྱིའི་ཆ་ནས་ཁྱབ་ཁོངས་ག་གེ་མོའི་བྱ་བར་འགན་ཡོངས་སུ་འཁུར་བ་དང་། ཁེ་དང་གྱོང་ཡོད་ཚད་རང་གིས་ཁུར་དགོས་པའི་བྱེད་ཐབས་ལ་ཟེར།

5 གཞིས་ལས་དོ་དམ།

འགན་ལེན་ལམ་ལུགས་དེའང་གཞིས་བདག་གིས་གཞིས་ལས་ཞབས་ཞུའི་ཁེ་ལས་ལ་གཏན་འཇགས་གི་གཞིས་ལས་ཞབས་ཞུའི་འགྲོ་གྲོན་སྤྲོད་དགོས་པ་དང་། ཁེ་དང་གྱོང་གུན་ཚང་མ་གཞིས་ལས་ཞབས་ཞུའི་ཁེ་ལས་ཀྱིས་ལོངས་སྤྱོད་བྱེད་པའམ་འགན་འཁུར་པའི་གཞིས་ལས་ཞབས་ཞུའི་འགྲོ་གྲོན་གྱི་རྩིས་རྒྱག་སྟངས་ཤིག་ཡིན། འགན་ལེན་ལམ་ལུགས་ལག་བསྟར་བྱས་པའི་རིགས་ལ་གཞིས་ལས་ཞབས་ཞུའི་འགྲོ་གྲོན་གྱི་གྲུབ་ཆའི་ནང་གཞིས་ལས་ཞབས་ཞུའི་མ་གནས་དང་། ཚད་བཅད་ཁྲལ་རིན། གཞིས་ལས་ཞབས་ཞུའི་ཁེ་ལས་ཀྱི་ཁེ་སྤོགས་སོགས་ཚུད་ཡོད། རིན་གོང་གཏན་འཁེལ་བྱེད་སྟངས་འདིའི་ངོ་བོ་ནི་ཚོང་རའི་རིན་གོང་གི་གཏན་འཁེལ་ཡིན།

དོན་དངོས་ཐོག་གཞིས་ལས་དོ་དམ་ནི་ཁྲོམ་ར་ཅན་གྱི་གཏན་འཁེལ་བྱས་པ་ཞིག་མིན་ལ།  དུས་འགོའི་གཞིས་ལས་དོ་དམ་ཁེ་ལས་ཀྱིས་འགན་གཙང་ལེན་ལམ་ལུགས་ཀྱི་འགེབས་སྲུང་འོག་རང་སྣང་གང་འདོད་ཀྱིས་ཁང་བདག་གི་ཁེ་ཕན་ལ་གནོད་འཚེ་བཏང་བས།  དེ་ཉིད་སྤྱི་ཚོགས་ཀྱི་གནད་དོན་ཚབས་ཆེན་ཞིག་ཏུ་གྱུར་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-13

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།