ཀྲེ་ཅང་བདེ་སྲུང་ལས་རིགས་ལག་རྩལ་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲེ་ཅང་བདེ་སྲུང་ལས་རིགས་ལག་རྩལ་སློབ་གླིང་།
ཀྲེ་ཅང་བདེ་སྲུང་ལས་རིགས་ལག་རྩལ་སློབ་གླིང་ནི་སློབ་གསོ་པུའུ་ཡིས་ཆོག་མཆན་ཐོབ་པ་བརྒྱུད་ནས་བཙུགས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་གཞུང་གཉེར་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་ཞིག་ཡིན། ཞིང་ཆེན་ནང་ཁུལ་གྱི་བདེ་སྲུང་ཚན་རྩལ་བཀོལ་སྤྱོད་དང་ཁྱབ་སྤེལ་གྱི་ནུས་པ་གཙོ་བོར་བཟུང་ནས་སྤྱི་པའི་བདེ་འཇགས་དོ་དམ་དང་། བདེ་སྲུང་ལས་གྲྭའི་འཛུགས་སྐྲུན། དམངས་སྤྱོད་མཁའ་འགྲུལ་བདེ་འཇགས་དོ་དམ་སོགས་བྱང་ཚད་མཐོ་བའི་ལག་རྩལ་དང་རྩལ་ནུས་ལྡན་པའི་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
浙江安防职业技术学院
ཕྱི་ཡིག་གི་མིང་།
Zhejiang college of Security Technology
བཙུགས་ལོ།
སྤྱི་ལོ2013ལོའི་ཟླ6པར།
​ལས་ཐོག་འགོ་ཁྲིད། 
སློབ་གཙོ། ཏའེ་ཧའེ་ཏུང།
​སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
ཏང་ཨུའི་ཧྲུའུ་ཅི།
ཧྥང་ཡུང་ཅུན།
གནས་ཡུལ།
ཀྲེ་ཅང་ཞིང་ཆེན་ཝུན་ཀྲོའུ་གྲོང་ཁྱེར་གྱི་ཨོའུ་ཧའེ་ཆུས་ཨོའུ་ཧའེ་ལམ་ཆེན་གྱི་ཨང་རྟགས2555པར་གནས་ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད། 
བདེ་འཇགས་དོ་དམ་སློབ་གླིང། མིས་བཟོས་རིག་ནུས་སློབ་གླིང་། འཕྲལ་སྡོམ་ལག་རྩལ་སློབ་གླིང་། གསར་གཏོད་ཇུས་འགོད་སློབ་གླིང་། རིག་ནུས་བདེ་སྲུང་སློབ་གླིང་སོགས།
མཐོ་རིམ་ལས་རིགས་ཆེད་ལས།
19ཡོད།
1 ​ངོ་སྤྲོད་མདོར་བསྡུས།

ཀྲེ་ཅང་བདེ་སྲུང་ལས་རིགས་ལག་རྩལ་སློབ་གླིང་ནི་སློབ་གསོ་པུའུ་ཡིས་ཆོག་མཆན་ཐོབ་པ་བརྒྱུད་ནས་བཙུགས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་གཞུང་གཉེར་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་ཞིག་ཡིན། ཞིང་ཆེན་ནང་ཁུལ་གྱི་བདེ་སྲུང་ཚན་རྩལ་བཀོལ་སྤྱོད་དང་ཁྱབ་སྤེལ་གྱི་ནུས་པ་གཙོ་བོར་བཟུང་ནས་སྤྱི་པའི་བདེ་འཇགས་དོ་དམ་དང་། བདེ་སྲུང་ལས་གྲྭའི་འཛུགས་སྐྲུན། དམངས་སྤྱོད་མཁའ་འགྲུལ་བདེ་འཇགས་དོ་དམ་སོགས་བྱང་ཚད་མཐོ་བའི་ལག་རྩལ་དང་རྩལ་ནུས་ལྡན་པའི་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཡིན། སྤྱི་ལོ2016ལོར་ཀྲེ་ཅང་བདེ་འཇགས་འགོག་སྲུང་ལས་རིགས་ལག་རྩལ་སློབ་གླིང་གིས་ཀྲེ་ཅང་ཞིང་ཆེན་གྱི་ཁ་བསླུས་སྔོན་འགོག་ཞིབ་འཇུག་སྒྲིག་གཞི་ཐོག་མ་དེ་བཙུགས་པ་རེད། སྤྱི་ལོ2020ལོར་སླེབས་སྐབས“འཕྲལ་སྡོམ་བདེ་འཇགས་ཀྱི་རིག་ལྡན་སློབ་སྦྱོང་བཟོ་གྲྭ”དང་འཕྲལ་སྡོམ་དོ་དམ་སློབ་གླིང་གི་ཚོད་ལྟའི་སློབ་གྲྭ་ཁག་དང་པོའི་ནང་ཚུད་ཡོད།

2 སློབ་སྒྲུབ་གཞི་ཁྱོན།

ཀྲེ་ཅང་བདེ་འཇགས་སྔོན་འགོག་ལས་རིགས་ལག་རྩལ་སློབ་གླིང་ནི་མིག་སྔར་རང་རྒྱལ་གྱི“བདེ་སྲུང”གཅིག་པུར་མིང་བཏགས་ནས་བདེ་འཇགས་སྔོན་འགོག་རིགས་ཀྱི་འབྲེལ་ཡོད་ཆེད་ལས་སློབ་གསོའི་གཞུང་བཙུགས་མཐོ་རིམ་སློབ་གླིང་ཞིག་ཡིན། སློབ་གླིང་གིས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“འཕྱུགས་མེད་ཉེན་དོན་ཅན”གྱི་སློབ་གསོ་དོ་དམ་བྱེད་སྟངས་གསར་གཏོད་བྱས་ཡོད། ལོ་མང་རིང་སློབ་གླིང་གིས་སློབ་ཁྲིད་ལྟེ་གནས་ཀྱི་གནས་བབ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་སྤུས་ཚད་མཐོར་གཏོང་ལས་གྲྭ་ལག་ལེན་བསྟར་བ་དང་གསར་གཏོད་ལས་གཏོད་སློབ་གསོར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། སློབ་གླིང་གིས་ད་དུང་སློབ་གསོ་མཉམ་འདྲེས་གཏིང་ཟབ་ཏུ་བཏང་ཡོད། 2+1སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི“མངགས་ཐོའི་འཛིན་གྲྭ”གཉེར་ནས་སློབ་གྲྭ་དང་། སྲིད་དོན། ཚོགས་འདུ། ཁེ་ལས་བཅས་ཀྱིས་མཉམ་དུ་མི་སྣ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད། སློབ་གླིང་དུ་ཆེད་ལས40%མངགས་ཐོའི་འཛིན་གྲྭ་གསོ་སྐྱོང་བྱས་ཡོད། མངགས་ཐོའི་འཛིན་གྲྭར་སློབ་མ་བསྡུ་བ་དང་། སློབ་སྦྱོང་། དངོས་སྦྱོང་། རྒྱུགས་ལེན། ལས་ཞུགས་སྦྲེལ་མཐུད་བཅས་བྱ་རྒྱུ་དང་འབྲེལ་གླ་ཆ་མཐོ་བའི་ལས་ཞུགས་འོས་སྦྱོར་བྱ་རྒྱུ་ཡིན་པ་རེད།     འཆར་འགོད་བྱས་པའི་རྒྱ་ཁྱོན་མུའུ1000ཙམ་ཟིན་ཡོད། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི26.5ཡོད་པ་དང་སྤྱིའི་མ་དངུལ་སྒོར་དུང་ཕྱུར20ཙམ་བཏང་ཡོད།

3 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

ད་ལྟའི་བདེ་འཇགས་ལག་རྩལ་དང་དོ་དམ། བདེ་འཇགས་དོགས་ཟོན་ལག་རྩལ། ཟོག་འབྲེལ་དྲ་རྒྱ་ཉེར་སྤྱོད་ལག་རྩལ། གཞི་གྲངས་ཆེན་པོའི་ལག་རྩལ་དང་བེད་སྤྱོད། ལས་གྲྭའི་བདེ་འཇགས་གདེང་འཇོག་དང་ལྟ་སྐུལ། ལས་གྲྭའི་མ་གནས། མེ་ཟོན་ལས་གྲྭའི་ལག་རྩལ། བཟོ་ལས་ཇུས་འགོད། བཟོ་ལས་ཇུས་འགོད། ཁང་པའི་ནང་གི་སྒྱུ་རྩལ་ཇུས་འགོད། རྟོག་བཟོའི་དངོས་ཡོད་ཉེར་སྤྱོད་ལག་རྩལ། མི་མེད་གནམ་གྲུ་ཉེར་སྤྱོད་ལག་རྩལ། ཆ་འཕྲིན་བདེ་འཇགས་དང་དོ་དམ། གློག་རྡུལ་ཐོན་རྫས་བྲིན་ཚོང་དང་ཞབས་ཞུ། མཁའ་དབྱིངས་འཁོར་ལས། དམངས་སྤྱོད་མཁའ་འགྲུལ་བདེ་འཇགས་ལག་རྩལ་དོ་དམ་སོགས་ཆེད་ལས15ཡོད།

4 སློབ་སྒྲུབ་དམིགས་ཚད།

ཟོག་འབྲེལ་དྲ་རྒྱ་ཉེར་སྤྱོད་ལག་རྩལ་ཆེད་ལས། མེ་གསོད་མེ་འགོག་ལས་གྲྭའི་ལག་རྩལ་ཆེད་ལས། བདེ་འཇགས་ཉེན་ཟོན་ལག་རྩལ་ཆེད་ལས། བཟོ་ལས་ཇུས་འགོད་ཆེད་ལས། གཞི་གྲངས་ཆེན་པོའི་ལག་རྩལ་དང་ཉེར་སྤྱོད་ཆེད་ལས་ཀྱི་མི་མེད་གནམ་གྲུའི་ཉེར་སྤྱོད་ལག་རྩལ་གྱི་རྟོག་བཟོའི་དངོས་ཡོད་ཉེར་སྤྱོད་ལག་རྩལ།  རང་རྒྱལ་གྱིས་ཕྱོགས་ཡོངས་ནས“དུས་བདེའི་ཀྲུང་གོ”འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་སྤྱི་ཚོགས་བདེ་འཇགས་ཀྱི་ལངས་གཟུགས་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་པའི་རྒྱབ་ལྗོངས་འོག རྒྱལ་ཁབ་ཀྱིས་གཙོ་གནད་དུ་རྒྱབ་སྐྱོར་བྱེད་པའི་འཐབ་ཇུས་སུ་གྱུར་པའི་བདེ་སྲུང་ཐོན་ལས་དང་འཕེལ་རྒྱས་མགྱོགས་མྱུར་བྱུང་བའི་དམངས་སྤྱོད་མཁའ་འགྲུལ་དང་སྤྱི་སྤྱོད་མཁའ་འགྲུལ་ལས་རིགས། སློབ་གླིང་ལ་འཕེལ་རྒྱས་ཀྱི་གོ་སྐབས་དང་འཕེལ་རྒྱས་ཀྱི་བར་སྟོང་ཡག་པོ་ཞིག་མཁོ་འདོན་བྱས་ཡོད། བདེ་འཇགས་སྔོན་འགོག་སློབ་མར་འཇོན་ཐང་མངོན་པ་དང་སྤུས་ལེགས་ལས་ཞུགས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཞིག་བཏོད་པ་དང་། བདེ་འཇགས་སྔོན་འགོག་སློབ་གླིང་གིས་སྔར་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་བསུ་ཐུབ་ངེས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-27

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།