ཧོ་ནན་དགེ་ཐོན་སློབ་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧོ་ནན་དགེ་ཐོན་སློབ་ཆེན།
ཧོ་ནན་དགེ་ཐོན་སློབ་ཆེན་ནི་ཧོ་ནན་ཞིང་ཆེན་ཞིན་ཞང་གྲོང་ཁྱེར་དུ་གནས་ཤིང་། ཧོ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ་གཉིས་ཀྱིས་མཉམ་དུ་འཛུགས་སྐྲུན་བྱས་པའི་ཞིང་ཆེན་ཁོངས་གཏོགས་ཀྱི་གཙོ་གནད་སློབ་ཆེན་ཞིག་ཡིན། དེའང་རྒྱལ་ཁབ་ཀྱི“111འཆར་གཞི”དང་། དབུས་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གསོ་དར་རྒྱས་གཏོང་བའི་འཆར་གཞི། རྒྱལ་ཁབ་རིམ་པའི་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་སྦྱོང་བརྡར་འཆར་གཞི། ཕུལ་བྱུང་དགེ་རྒན་གསོ་སྐྱོང་འཆར་གཞི། ཕུལ་བྱུང་ཞིང་ནགས་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྐྱོང་འཆར་གཞི། དམངས་སྲིད་པུའུ་ཡི་སྤྱི་ཚོགས་ལས་དོན་གྱི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་སྦྱོང་བརྡར་རྟེན་གཞི་བཅས་སུ་བདམས། མཚན་ཉིད་རིག་པ་དང་། དཔལ་འབྱོར་རིག་པ། ཁྲིམས་ལུགས་རིག་པ། སློབ་གསོ་རིག་པ། རྩོམ་རིག ལོ་རྒྱུས་རིག་པ། རང་བྱུང་ཚན་རིག བཟོ་རིག ཞིང་ལས་རིག་པ། དོ་དམ་རིག་པ། སྒྱུ་རྩལ་རིག་པ་སོགས་རིག་ཚན་ཆེ་གྲས11ཡོད་པའི་ཕྱོགས་བསྡུས་རང་བཞིན་གྱི་དགེ་ཐོན་སློབ་ཆེན་ཞིག་ཀྱང་ཡིན། སྤྱི་ལོ2018ལོའི་ཟླ9པའི་བར་སློབ་གྲྭའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི106.41ཡོད་པ་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི97.37ཡོད། སློབ་ཁྲིད་ཚན་ཞིབ་དཔྱད་ཆས་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར7.112ཟིན། སློབ་གླིང25དང་། དངོས་གཞིའི་ཚན་ཁག་གི་ཆེད་ལས83ཡོད། རིམ་པ་དང་པོའི་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས་ཀྱི་རིག་ཚན27དང་། རིམ་པ་གཉིས་པའི་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས་ཀྱི་རིག་ཚན7རབ་འབྱམས་པའི་ཆེད་ལས་ཀྱི་བསླབ་གནས་རིགས15རིམ་པ་དང་པོའི་འབུམ་རམས་པའི་ཐོབ་ཐང་སྤྲོད་གནས་ཀྱི་རིག་ཚན10འབུམ་རམས་པའི་ཆེད་ལས་ཀྱི་བསླབ་གནས1འབུམ་རམས་ཕྱི་ཚར་གྱི་འཁོར་སྐྱོད་ས་ཚིགས7ཧོ་ནན་ཞིང་ཆེན་གྱི་རིམ་པ་དང་པོའི་གཙོ་གནད་རིག་ཚན28བཅས་ཡོད། སློབ་མ་ཁྲི5ལྷག་ཙམ་ཡོད། དགེ་རྒན་དང་ལས་བཟོ་པ2700ཙམ་དང་། དེའི་ནང་ཆེད་བསྐོས་དགེ་རྒན1800ལྷག་ཙམ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
河南师范大学
ཕྱི་ཡིག་གི་མིང་།
Henan Normal University
བཙུགས་ལོ།
སྤྱི་ལོ1923ལོ།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
དགེ་འོས།
གཙོ་གཉེར་སྡེ་ཁག
ཧོ་ནན་ཞིང་ཆེན།
ལས་ཐོག་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཀྲའོ་གོ་ཞང་། སློབ་གཙོ། ཁྲང་ཅུན་པའོ།
དངོས་གཞི་ཆེད་ལས།
83ཡོད།
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་ཚན27ཡོད། རིམ་པ་གཉིས་པའི་རིག་ཚན7ཡོད།
འབམ་རམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་ཚན15ཡོད།
འབུམ་རམས་ཕྱི་ཚར།
འཁོར་སྐྱོད་ས་ཚིགས7ཡོད།
སློབ་གླིང་དང་སྡེ་ཁག་སྒྲིག་བཀོད།
ལོ་རྒྱུས་རིག་གནས་སློབ་གླིང་དང་། རྫས་འགྱུར་བཟོ་ལས་སློབ་གླིང་སོགས།
སློབ་གླུ།
《ཧོ་ནན་དགེ་ཐོན་སློབ་ཆེན་གྱི་སློབ་གླུ》
སློབ་བཙུགས་ཉིན་མོ།
ཟླ9པའི་ཚེས23ཉིན།
སློབ་གྲྭའི་ཚབ་ཨང་།
10476
གཞུང་ཕྱོགས་དྲ་གནས།
http://www.henannu.edu.cn
དཀར་ཆག
1   ​ལོ་རྒྱུས་ཀྱི་འཕེལ་རིམ།
2   སློབ་སྒྲུབ་ཆ་རྐྱེན།
2.1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།
2.2 རྫས་འགྱུར་བཟོ་ལས་སློབ་གླིང་།
2.3 ཚེ་སྲོག་ཚན་རིག་སློབ་གླིང་།
2.4 ལོ་རྒྱུས་རིག་གནས་སློབ་གླིང་།
2.5 སྤྱི་ཚོགས་བྱ་གཞག་སློབ་གླིང་།
2.6 རྩིས་རིག་དང་ཆ་འཕྲིན་ཚན་རིག་སློབ་གླིང་།
2.7 སློབ་གསོ་དང་དགེ་རྒན་འཕེལ་རྒྱས་སློབ་གླིང་།
2.8 ཆབ་སྲིད་དང་སྤྱི་པའི་དོ་དམ་སློབ་གླིང་།
2.9 རྩིས་འཁོར་དང་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་།
2.10 ཕྱི་རྒྱལ་སྐད་ཡིག་སློབ་གླིང་།
2.11 རིག་གནས་སློབ་གླིང་།
2.12 ཁྲིམས་རིག་སློབ་གླིང་།
2.13 ཚོང་ལས་སློབ་གླིང་།
2.14 ཁོར་ཡུག་སློབ་གླིང་།
2.15 ལུས་རྩལ་སློབ་གླིང་།
2.16 རོལ་དབྱངས་སློབ་གླིང་།
2.17 མཛེས་རྩལ་སློབ་གླིང་།
2.18 ཡུལ་སྐོར་སློབ་གླིང་།
2.19 མཉེན་ཆས་སློབ་གླིང་།
2.20 དངོས་ལུགས་དང་རྒྱུ་ཆའི་ཚན་རིག་སློབ་གླིང་། 
2.21 གློག་ཤུགས་ལས་གྲྭ་སློབ་གླིང་། 
2.22 དགེ་རྒན་གྱི་དཔུང་སྡེ།
3   རིག་ཚན་འཛུགས་སྐྲུན།
4   སློབ་ཁྲིད་འཛུགས་སྐྲུན།
5   རིག་གཞུང་ཞིབ་འཇུག
6   ལས་ཐོག་འགོ་ཁྲིད།
7   གནས་ཡུལ།
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1985ལོའི་ཟླ6པར། ཞིན་ཞང་དགེ་འོས་སློབ་གླིང་ནི་ཧོ་ནན་དགེ་ཐོན་སློབ་ཆེན་དུ་བསྒྱུར།

སྤྱི་ལོ2012ལོའི་ཟླ11པར་ཧོ་ནན་དགེ་འོས་སློབ་ཆེན་རྒྱལ་ཁབ་ཀྱི་དབུས་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གསོ་དར་རྒྱས་གཏོང་བའི་འཆར་གཞིར་བདམས།

སྤྱི་ལོ2013ལོའི་ཟླ5པར་རིམ་དང་པོའི་དམངས་སྲིད་པུའུ་ཡི་སྤྱི་ཚོགས་ལས་དོན་གྱི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྦྱོང་རྟེན་གཞིར་གཏན་འཁེལ་བྱས།

སྤྱི་ལོ2014ལོར་རྒྱལ་ཁབ་ཀྱིས་རིམ་པ་དང་པོའི་ཕུལ་བྱུང་ཞིང་ནགས་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྐྱོང་འཆར་གཞི་དང་། ཕུལ་བྱུང་དགེ་རྒན་གསོ་སྐྱོང་འཆར་གཞིར་བདམས།

སྤྱི་ལོ2017ལོར་སློབ་གྲྭ་རྒྱལ་ཁབ་ཀྱི“111འཆར་གཞིའི”ནང་བདམས།

སྤྱི་ལོ2020ལོའི་ཟླ6པར་སློབ་གྲྭ་ཧོ་ནན་ཞིང་ཆེན་གྱི་ཁྱད་ལྡན་རྐང་འཛིན་སློབ་ཆེན9ཡི་འཛུགས་སྐྲུན་མཐོ་སློབ་ཀྱི་གྲས་སུ་གཏན་འཁེལ་བྱས།

2 སློབ་སྒྲུབ་ཆ་རྐྱེན།
2_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2017ལོའི་ཟླ9པར། ཧོ་ནན་དགེ་ཐོན་སློབ་ཆེན་དུ་རིམ་པ་གཉིས་པའི་སློབ་གླིང24དང་རང་ཚུགས་སློབ་གླིང1དངོས་གཞིའི་ཚན་ཁག་གི་ཆེད་ལས80བཙུགས་ཡོད།

2_2 རྫས་འགྱུར་བཟོ་ལས་སློབ་གླིང་།

རྫས་འགྱུར་དང་། རྫས་འགྱུར་བཟོ་སྐྲུན། བཟོ་རྩལ། སྨན་བཟོ་ལས་གྲྭ། ནུས་ཁུངས་གསར་པའི་རྒྱུ་ཆ་དང་ལྷུ་ལག་བཅས་ཀྱི་ཆེད་ལས་ཡོད།

2_3 ཚེ་སྲོག་ཚན་རིག་སློབ་གླིང་།

ཚན་རིག་དང་། སྐྱེ་དངོས་ལག་རྩལ། སྐྱེ་ཁམས་རིག་པ། སྐྱེ་དངོས་ལས་གྲྭ། ཟས་རིགས་ཀྱི་སྤུས་ཚད་དང་བདེ་འཇགས་བཅས་ཀྱི་ཆེད་ལས་ཡོད།

2_4 ལོ་རྒྱུས་རིག་གནས་སློབ་གླིང་།

ལོ་རྒྱུས་རིག་པ་དང་། འཛམ་གླིང་ལོ་རྒྱུས། རིག་གནས་ཐོན་ལས་དོ་དམ། གནའ་རྫས་རྟོག་ཞིབ་རིག་པ་བཅས་ཀྱི་ཆེད་ལས་ཡོད།

2_5 སྤྱི་ཚོགས་བྱ་གཞག་སློབ་གླིང་།

སྤྱི་ཚོགས་ལས་དོན་དང་། ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་། སྤྱི་ཚོགས་རིག་པ་བཅས་ཀྱི་ཆེད་ལས་ཡོད།

2_6 རྩིས་རིག་དང་ཆ་འཕྲིན་ཚན་རིག་སློབ་གླིང་།

ཉེར་སྤྱོད་རྩིས་རིག་དང་། ཆ་འཕྲིན་དང་རྩིས་རྒྱག་ཚན་རིག རྩིས་རིག་དང་ཉེར་སྤྱོད་རྩིས་རིག ཆ་འཕྲིན་དོ་དམ་དང་ཆ་འཕྲིན་མ་ལག་བཅས་ཀྱི་ཆེད་ལས་ཡོད།

2_7 སློབ་གསོ་དང་དགེ་རྒན་འཕེལ་རྒྱས་སློབ་གླིང་།

བྱ་གཞག་དོ་དམ་དང་། སེམས་ཁམས་རིག་པ། སློབ་གསོ་རིག་པ། སློབ་སྔོན་སློབ་གསོ། སློབ་གསོ་ལག་རྩལ་རིག་པ། སློབ་ཆུང་སློབ་གསོ་བཅས་ཀྱི་ཆེད་ལས་ཡོད།

2_8 ཆབ་སྲིད་དང་སྤྱི་པའི་དོ་དམ་སློབ་གླིང་།

ཆབ་སྲིད་སློབ་གསོ་དང་། ཆབ་སྲིད་རིག་པ་དང་སྲིད་འཛིན་རིག་པ། ཕྱི་འབྲེལ་རིག་པ། རྒྱལ་སྤྱིའི་ཆབ་སྲིད། སྲིད་འཛིན་དོ་དམ། སྤྱི་པའི་བྱ་གཞག་དོ་དམ་བཅས་ཀྱི་ཆེད་ལས་ཡོད།

2_9 རྩིས་འཁོར་དང་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་།

རྩིས་འཁོར་ཚན་རིག་དང་ལག་རྩལ། འཕྲིན་གཏོང་ལས་གྲྭ། དྲ་རྒྱའི་ལས་གྲྭ། ཟོག་འབྲེལ་དྲ་སྦྲེལ་ལས་གྲྭ་བཅས་ཀྱི་ཆེད་ལས་ཡོད།

2_10 ཕྱི་རྒྱལ་སྐད་ཡིག་སློབ་གླིང་།

དབྱིན་ཡིག་དང་། འཇར་པན་གྱི་སྐད། ཧྥ་རན་སེའི་སྐད་བཅས་ཀྱི་ཆེད་ལས་ཡོད།

2_11 རིག་གནས་སློབ་གླིང་།

རྒྱའི་སྐད་ཡིག་རྩོམ་རིག་དང་། རྒྱ་སྐད་རྒྱལ་སྤྱིའི་སློབ་གསོ། རླུང་འཕྲིན་བརྙན་འཕྲིན་རིག་པ། ཟློས་གར་གློག་བརྙན། བརྙན་འཕྲིན་རྩོམ་རིག་བཅས་ཀྱི་ཆེད་ལས་ཡོད།

2_12 ཁྲིམས་རིག་སློབ་གླིང་།

ཁྲིམས་ལུགས་རིག་པ་དང་ཤེས་བྱའི་ཐོན་དངོས་བདག་དབང་གཉིས་ཀྱི་ཆེད་ལས་ཡོད།

2_13 ཚོང་ལས་སློབ་གླིང་།

དོ་དམ་དང་། ཚོང་རའི་ཚོང་གཉེར། ནོར་དོན་དོ་དམ། རྩིས་གཉེར་རིག་པ། དཔལ་འབྱོར་རིག་པ། རྒྱལ་སྤྱིའི་དཔལ་འབྱོར་དང་ཉོ་ཚོང་། མ་དངུལ་འཇོག་པའི་རིག་པ། མི་ཤུགས་ཐོན་ཁུངས་དོ་དམ་བཅས་ཀྱི་ཆེད་ལས་ཡོད།

2_14 ཁོར་ཡུག་སློབ་གླིང་།

ཁོར་ཡུག་བཟོ་སྐྲུན་དང་། ཁོར་ཡུག་ཚན་རིག་གཉིས་ཀྱི་ཆེད་ལས་ཡོད།

2_15 ལུས་རྩལ་སློབ་གླིང་།

ལུས་རྩལ་སློབ་གསོ་དང་། ལུས་རྩལ་སྦྱོང་བརྡར། ལུས་རྩལ་མིའི་ལུས་རིག ཞབས་བྲོའི་འཁྲབ་ཁྲིད་བཅས་ཀྱི་ཆེད་ལས་ཡོད།

2_16 རོལ་དབྱངས་སློབ་གླིང་།

རོལ་དབྱངས་རིག་པ་དང་། རོལ་དབྱངས་འཁྲབ་སྟོན། ཞབས་བྲོའི་འཁྲབ་ཁྲིད་བཅས་ཀྱི་ཆེད་ལས་ཡོད།

2_17 མཛེས་རྩལ་སློབ་གླིང་།

མཛེས་རྩལ་རིག་པ་དང་། མཐོང་ཚོར་བརྒྱུད་བསྒྲགས་ཇུས་འགོད། ཁོར་ཡུག་ཇུས་འགོད། ཐོན་རྫས་ཇུས་འགོད། རི་མོ་བཅས་ཀྱི་ཆེད་ལས་ཡོད།

2_18 ཡུལ་སྐོར་སློབ་གླིང་།

ཡུལ་སྐོར་དོ་དམ་དང་ཨར་ལས་དོ་དམ་གཉིས་ཀྱི་ཆེད་ལས་ཡོད།

2_19 མཉེན་ཆས་སློབ་གླིང་།

རྩིས་འཁོར་ཚན་རིག་དང་ལག་རྩལ། མཉེན་ཆས་གསར་སྤེལ། Netཁ་ཕྱོགས་བཅས་ཀྱི་ཆེད་ལས་ཡོད།

2_20 དངོས་ལུགས་དང་རྒྱུ་ཆའི་ཚན་རིག་སློབ་གླིང་། 

དངོས་ལུགས་རིག་པ་དང་། འོད་གློག་ཆ་འཕྲིན་ཚན་རིག་དང་ལས་གྲྭ། བྱེད་ནུས་རྒྱུ་ཆ་བཅས་ཀྱི་ཆེད་ལས་ཡོད། 

2_21 གློག་ཤུགས་ལས་གྲྭ་སློབ་གླིང་། 

གློག་རྡུལ་ཆ་འཕྲིན་ལས་གྲྭ་དང་། གློག་ཤུགས་ལས་གྲྭ་དང་དེའི་རང་འགུལ་ཅན་གཉིས་ཀྱི་ཆེད་ལས་ཡོད།

2_22 དགེ་རྒན་གྱི་དཔུང་སྡེ།

སློབ་གླིང་དུ་ད་ལྟ་དགེ་རྒན་དང་ལས་བཟོ་པ2700ཙམ་ཡོད་པ་དང་། མཐོ་རིམ་གཞོན་པ་དང་དེ་ཡན་གྱི་ཆེད་ལས་ལག་རྩལ་གྱི་གོ་གནས་ཡོད་མཁན1000ལྷག་ཡོད། རྒྱལ་ཁབ་ཀྱི་ཕུལ་བྱུང་གཞོན་ནུ་དང་། རྒྱལ་ཁབ་ཀྱི་ཕུལ་བྱུང་གཞོན་ནུ། རྒྱལ་ཁབ་ཀྱི་མི་ཁྲིའི་འཆར་གཞི་སོགས་མཐོ་རིམ་ཤེས་ལྡན་མི་སྣ100ལྷག་ཙམ་ཡོད། སློབ་གསོ་པུའུ་ཡི་ཚན་རྩལ་གསར་གཏོད་ཚོགས་པ2དང་རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོགས་པ2བཅས་ཡོད།

3 རིག་ཚན་འཛུགས་སྐྲུན།

ད་ལྟ་མཚན་ཉིད་རིག་པ་དང་། དཔལ་འབྱོར་རིག་པ། ཁྲིམས་ལུགས་རིག་པ། སློབ་གསོ་རིག་པ། རྩོམ་རིག ལོ་རྒྱུས་རིག་པ། རང་བྱུང་ཚན་རིག བཟོ་རིག ཞིང་ལས་རིག་པ། དོ་དམ་རིག་པ། སྒྱུ་རྩལ་རིག་པ་སོགས་རིག་ཚན་ཆེ་གྲས11ཡོད། སློབ་གླིང25དང་། དངོས་གཞིའི་ཚན་ཁག་གི་ཆེད་ལས83ཡོད། རིམ་པ་དང་པོའི་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས་ཀྱི་རིག་ཚན27དང་། རིམ་པ་གཉིས་པའི་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས་ཀྱི་རིག་ཚན7རབ་འབྱམས་པའི་ཆེད་ལས་ཀྱི་བསླབ་གནས་རིགས15རིམ་པ་དང་པོའི་འབུམ་རམས་པའི་ཐོབ་ཐང་སྤྲོད་གནས་ཀྱི་རིག་ཚན10འབུམ་རམས་པའི་ཆེད་ལས་ཀྱི་བསླབ་གནས1 འབུམ་རམས་ཕྱི་ཚར་གྱི་འཁོར་སྐྱོད་ས་ཚིགས4སློབ་མ་ཁྲི5ལྷག་ཙམ་ཡོད། ཧོ་ནན་ཞིང་ཆེན་གྱི་རིམ་པ་དང་པོའི་གཙོ་གནད་རིག་ཚན28བཅས་ཡོད།

ཧོ་ནན་ཞིང་ཆེན་གྱི་རིམ་པ་དང་པོའི་གཙོ་གནད་རིག་ཚན། དཔལ་འབྱོར་རིག་པ། ཆབ་སྲིད་རིག་པ། མར་ཁེ་སིའི་རིང་ལུགས་ཀྱི་རིག་པའི་གཞུང་ལུགས། སློབ་གསོ་རིག་པ། ལུས་རྩལ་རིག་པ། ཀྲུང་གོའི་སྐད་ཡིག་རྩོམ་རིག ཕྱི་རྒྱལ་གྱི་སྐད་ཡིག་རྩོམ་རིག ཀྲུང་གོའི་ལོ་རྒྱུས། རྩིས་རིག་པ། དངོས་ཁམས་རིག་པ། རྫས་འགྱུར་རིག་པ། སྐྱེ་ཁམས་རིག་པ། བསྡོམས་རྩིས་རིག་པ། འོད་རིག་ལས་གཞི། གློག་རྡུལ་ཚན་རིག་དང་ལག་རྩལ། རྩིས་འཁོར་ཚན་རིག་དང་ལག་རྩལ། རྫས་འགྱུར་བཟོ་སྐྲུན་དང་ལག་རྩལ། ཁོར་ཡུག་ཚན་རིག་དང་ལས་གྲྭ། ཆུའི་ཐོན་རྫས། བཟོ་ཚོང་དོ་དམ། རོལ་དབྱངས། ཞབས་བྲོ་རིག་པ།

ཧོ་ནན་ཞིང་ཆེན་གྱི་རིམ་པ་གཉིས་པའི་གཙོ་གནད་རིག་ཚན། མཉེན་ཆས་ལས་གྲྭ། སྤྱི་ཚོགས་རིག་པ།

རིམ་པ་དང་པོའི་འབུམ་རམས་པའི་ཐོབ་ཐང་སྤྲོད་གནས། དངོས་ལུགས་རིག་པ། རྫས་འགྱུར།

རིམ་པ་གཉིས་པའི་འབུམ་རམས་པའི་ཐོབ་ཐང་སྤྲོད་གནས། གྲངས་རིག་དངོས་ལུགས། སྲོག་ཆགས་རིག་པ། ཁོར་ཡུག་ཚན་རིག

རིམ་པ་དང་པོའི་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།  ཆབ་སྲིད་རིག་པ། ཉེར་སྤྱོད་དཔལ་འབྱོར་རིག་པ། ཁྲིམས་ལུགས་རིག་པ། མར་ཁེ་སིའི་རིང་ལུགས་ཀྱི་རིག་པའི་གཞུང་ལུགས། སློབ་གསོ་རིག་པ། ཀྲུང་གོའི་སྐད་ཡིག་རྩོམ་རིག ཀྲུང་གོའི་ལོ་རྒྱུས། འོད་རིག་པའི་ལས་གཞི། རྒྱུ་ཆའི་ཚན་རིག་དང་ལས་གཞི། རྩིས་འཁོར་ཚན་རིག་དང་ལག་རྩལ། བཟོ་ཚོང་དོ་དམ། རྩིས་རིག་པ། དངོས་ཁམས་རིག་པ། རྫས་འགྱུར་རིག་པ། སྐྱེ་དངོས་རིག་པ། སྐྱེ་ཁམས་རིག་པ། ལུས་རྩལ་རིག་པ། མི་ཆོས་རིག་པ། མཛེས་རྩལ་རིག་པ། རོལ་མོ་དང་ཞབས་བྲོའི་རིག་པ། ཟློས་གར་དང་གློག་བརྙན་དང་བརྙན་འཕྲིན་རིག་པ། ཁོར་ཡུག་ལས་གཞི། གནའ་དཔྱད་རིག་པ། འཛམ་གླིང་ལོ་རྒྱུས།

འབུམ་རམས་ཕྱི་ཚར་གྱི་འཁོར་སྐྱོད་ས་ཚིགས། ཁོར་ཡུག་ཚན་རིག་དང་བཟོ་སྐྲུན། རྫས་འགྱུར། སྐྱེ་དངོས་རིག་པ། དངོས་ལུགས་རིག་པ།

4 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2015ལོའི་ཟླ5པར། ཧོ་ནན་དགེ་ཐོན་སློབ་ཆེན་ལ་རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཆེད་ལས6ཡོད་པ་དང་ཞིང་ཆེན་རིམ་པའི་ཁྱད་ལྡན་ཆེད་ལས16ཡོད། ཞིང་ཆེན་རིམ་པའི་ཆེད་ལས་ཕྱོགས་བསྡུས་བསྒྱུར་བཅོས་ཚོད་ལྟ་ཁུལ2ཡོད། རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས4དང་། ཞིང་ཆེན་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས10རྒྱལ་ཁབ་རིམ་པའི་སྤུས་ལེགས་བསླབ་ཚན4ཡོད། རྒྱལ་ཁབ་རིམ་པའི་སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་བསླབ་ཚན2དང་རྒྱལ་ཁབ་རིམ་པའི་སྤུས་ལེགས་བརྙན་འཕྲིན་ཡོངས་བསྒྲགས་བསླབ་ཚན1རྒྱལ་ཁབ་རིམ་པའི་སློབ་ཁྲིད་སྤུས་ཚད་ལས་གྲྭའི་རྣམ་གྲངས47བཅས་ཡོད།

5 རིག་གཞུང་ཞིབ་འཇུག

སྤྱི་ལོ2015ལོའི་ཟླ5པར། ཧོ་ནན་དགེ་ཐོན་སློབ་ཆེན་དུ་ཞིང་ཆེན་རིམ་པ་ཡན་གྱི་ཚན་ཞིབ་ལས་སྟེགས24མཉམ་སྐྲུན་བྱས་པའི་ནང་སློབ་གསོ་པུའུ་ཡི་ཚན་རྩལ་གསར་གཏོད་ཚོགས་པ1ཞིང་ཆེན་དང་པུའུ་ཡི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང1རྒྱལ་ཁབ་དང་ས་གནས་མཉམ་འབྲེལ་བཟོ་སྐྲུན་ཚོད་ལྟ་ཁང1སློབ་གསོ་པུའུ་ཡི་གཙོ་གནད་ཚོད་ལྟ་ཁང2 ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང4ཞིང་ཆེན་རིམ་པའི་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས1ཞིང་ཆེན་ལས་གྲྭའི་ཞིབ་འཇུག་བཀོལ་སྤྱོད་ལྟེ་གནས1ཞིང་ཆེན་མཐོ་རིམ་སློབ་གྲྭའི་གཙོ་གནད་ཚོད་ལྟ་ཁང་གསོ་སྐྱོང་རྟེན་གཞི4ཞིང་ཆེན་མཐོ་རིམ་སློབ་གྲྭའི་གཙོ་གནད་རིག་ཚན་སྒོ་འབྱེད་ཚོད་ལྟ་ཁང6ཞིང་ཆེན་མཐོ་རིམ་སློབ་གྲྭའི་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས4ཞིང་ཆེན་གྱི་མི་ཆོས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་རྟེན་གཞི3ཧོ་ནན་ཞིང་ཆེན་རྒྱལ་སྤྱིའི་མཉམ་འབྲེལ་ཚོད་ལྟ་ཁང1ཧོ་ནན་ཞིང་ཆེན་མཉམ་ལས་གསར་གཏོད་ལྟེ་གནས2བཅས་ཡོད།

6 ལས་ཐོག་འགོ་ཁྲིད།

ཏང་ཨུའི་ཧྲུའུ་ཅི། ཀྲའོ་གོ་ཞང་།

སློབ་གཙོ། ཁྲང་ཅུན་པའོ།

སློབ་གྲྭའི་སློབ་གཙོ་གཞོན་པ། ལེ་ཞུའེ་ཀྲི། མཱ་ཀྲི་ཅོན། ལི་ཞུའེ་ཀྲི། ཡུའེ་ཅེ་ཡུང་། ལིའུ་ཡུས་ཧྥང་།

ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཁྲང་ཅུན་པའོ། ཝང་ཧྲེང་ཧྲེང་། ཧྲི་ཀྲན་ཧྥང་།

སྒྲིག་ཨུའི་ཧྲུའུ་ཅི། ཀྲང་ཞན་ཀྲོའུ།

7 གནས་ཡུལ།

ཧོ་ནན་ཞིང་ཆེན་ཞིན་ཞང་གྲོང་ཁྱེར་གྱི་མུའུ་ཡེ་ཆུས་འཛུགས་སྐྲུན་ཤར་ལམ་ཨང46པ། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-27

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།